མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོན་བདག་བྲོས་བྱོལ་དུ་ཕེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལོ་གསར་སྐབས་འདིར་གསེར་རྟ་རྒྱའུ་གདོང་དགོན་པར་ལོ་གསར་འཚོགས་དགོས་པའི་བཙན་བཀའ་བཏང་སྟབས། གྲྭ་པ་རྣམས་རང་རང་གི་ནང་དུ་ལོག་ཡོད་པ་དང་། དགོན་བདག་མཆོག་བྲོས་བྱོལ་དུ་ཕེབས་ཡོད་ཚུལ་འདུག

མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། ཟླ་འདིའི་ཚེས་ ༡༧ ཉིན་གསེར་རྟ་རྫོང་ཁོངས་གསེར་སྨད་རྒྱའུ་གདོང་དགོན་དུ་རྒྱ་གཞུང་གིས་ལས་བྱེད་པ་ཡོང་ནས་ལོ་གསར་གཏོང་དགོས་པ་དང༌། གྲྭ་མང་ལ་ལོ་གསར་གཏོང་ཆེད་རྒྱ་སྒོར་ལྔ་སྟོང་སྤྲོད་རྒྱུ་དང༌། དགོན་བདག་སྤྲུལ་སྐུ་ཤེས་རབ་བློ་ལྡན་ལགས་སུ་ཁྱེད་རང་གིས་རྒྱའུ་གདོང་དགོན་པར་ ལོ་གསར་གཏོང་ཐུབ་པ་ཞིག་གྱིས་དང་ཟླ་རེ་བཞིན་རྒྱ་སྒོར་སུམ་བརྒྱ་རེའི་ཟླ་ཕོགས་ སྤྲད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང༌། གྲྭ་མང་ཡོངས་ཀྱིས་ལོ་སར་གཏོང་བྱེད་དུ་སྤྲད་པའི་རྒྱ་སྒོར་༥༠༠༠ དང་སྤྲུལ་སྐུ་ལ་ཟླ་རེ་བཞིན་སྒོར་༣༠༠ རེ་ཟླ་ཕོགས་སྤྲད་རྒྱུ་བཅས་ལ་དང་ལེན་མ་བྱས་པར་བརྟེན། དགོན་པའི་སྒྲུབ་མཆོད་ཉིན་བཅོ་ལྔའི་རིང་འཚོགས་སྲོལ་ཡོད་པ་བཞིན་འཚོགས་ནས་ དངོས་གཞིའི་གར་འཆམ་འཆམས་མ་བཅུག་པར་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་དང༌། དགོན་པའི་གྲྭ་པ་རྣམས་ཀྱིས་ལོ་གསར་གཏོང་རྒྱུ་མིན་ཞེས་རང་སར་གྲོལ་ནས་ནང་དུ་ལོག་ཡོད་པ་མ་ཟད། དགོན་བདག་སྤྲུལ་སྐུ་ཤེས་རབ་བློ་ལྡན་མཆོག་ལ་ཁྱེད་ཀྱིས་རྒྱ་གཞུང་གིས་བཀའ་དང་ ལེན་མ་བྱས་པར་བརྟེན། དགོན་བདག་གི་ཐོབ་ཐང་དང༌། སྤྲུལ་སྐུའི་མིང་མེད་པ་བཟོ་རྒྱུ་དང༌། ཕྱི་བསྐྱོད་ལག་འཁྱེར་སྔར་ནས་སྤྲད་ཟིན་པ་དེ་དག་ཀྱང་ཕྱིར་བསྡུ་བྱེད་རྒྱུ་ཡིན་ ལུགས། དེ་ལྟར་དང་ལེན་བྱས་ན་གོང་གསལ་ལྟར་ཐོབ་ཐང་དམིགས་བསལ་སྤྲོད་རྒྱུ་ཡིན་པ་མ་ཟད། ཁོང་གིས་རྒྱག་འཆར་ཡོད་པའི་བཤད་གྲྭ་དེ་ལའང་ཆོག་མཆན་སྤྲད་རྒྱུ་ཡིན་ཚུལ་བརྗོད་ ཡོད་ཀྱང༌། རྒྱ་གཞུང་གིས་ག་རེ་བྱེད་དང་མི་བྱེད་ཁྱེད་རང་ཚོའི་དབང་ཆ་རེད། ཕྱི་ལོ་༢༠༠༨ ལོར་མཚོན་ན་བོད་ཡ་ང་བའི་རྐྱེན་ཆག་མང་པོ་ཞིག་བྱུང་ཡོད་པས། མྱ་ངན་དང་མུན་ནག་གི་ལོ་ཞིག་ཡིན་པར་བརྟེན་ལོ་གསར་གཏོང་རྒྱུའི་སྐོར་ལ་ངས་ནུས་ པ་འདོན་ཐུབ་ཐབས་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་དང༌། འབྲེལ་ཡོད་རྒྱ་གཞུང་གི་ལས་བྱེད་པས་ཁྱེད་རྒྱ་གཞུང་གི་ཁྲིམས་ལུགས་གང་མང་དང་ འགལ་ཡོད་པས་རང་ཚོད་འཛིན་དགོས་ཚུལ་བཤད་པ་སོགས་ཁོང་རྒྱ་གཞུང་གིས་འཛིན་བཟུང་ བྱེད་ལ་ཉེ་བར་བརྟེན། བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད་འདུག ༢༠༠༨ ལོར་རྒྱལ་སྤྱིའི་ཨོ་ལིམ་པིག་ལུས་རྩལ་འགྲན་འཚོགས་ལ་རྒྱབ་སྐྱོར་དགོས་ཚུལ་ བརྗོད་པར་སྤྲུལ་སྐུ་ཤེས་རབ་བློ་ལྡན་མཆོག་གིས་དང་ལེན་མ་བྱས་པར་བརྟེན། འཛིན་བཟུང་བྱེད་རྒྱུའི་བཀའ་བཏང་བར་བརྟེན་ལོ་སྔོན་མའང་ཉེན་ཡོལ་ཆེད་བྲོས་ བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང༌། ཉེ་བའི་ཟླ་ཤས་ཙམ་ནས་ཅུང་ལྷོད་ཡང་གི་རྣམ་པ་ལྟ་བུ་མངོན་པས་ཕྱིར་དགོན་པ་རུ་ སྒྲུབ་མཆོད་དང་སྟབས་བསྟུན་ནས་ཕེབས་པ་ཡིན་འདུག་ཅིང༌། དགོན་པ་འདི་ནི་རབ་བྱུང་བཅུ་གཅིག་པའི་ནང་དུ་རི་ཁྲོད་ཙམ་ཞིག་ལས་མེད་ཀྱང༌། ཕྱིས་སུ་གསེར་པ་ཡེ་ཤེས་སེང་གེས་བཀའ་ལུང་ལྟར་འདུ་ཁང་དང་ལྷ་ཁང་སོགས་གསར་ བཞེངས་ཞུས་པ་ཡིན་འདུག་པ་དང༌། ཆོས་བརྒྱུད་སྔ་འགྱུར་རྙིང་མ་དཔལ་ཡུལ་བའི་དགོན་ལག་ཅིག་ཡིན་ཞིང༌། ད་ལྟའི་ཆར་རྒྱའུ་གདོང་དགོན་པ་ལ་དགེ་འདུན་པ་གྲངས་༡༢༠ ཙམ་ཡོད་འདུག།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༦ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 3

  1. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    བླ་ཆེན་སྐྱེས་ཆེན་འདི་ཚོ་སྐུ་ཚེ་བརྟན།
    དཔའ་བོ་དཔའ་བོ་འདི་ཚོ་ངོ་སོ་བསྟོད།
    རྒྱ་གཞུང་དགྲ་གཞུང་འདི་ཚོ་རྩ་མེད་ཤོག
    རང་རིགས་རང་དོན་འདི་ཚོ་འགྲུབ་པར་ཤོག

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁོང་གི་སྐུ་ཚེ་ལ་འགག་དང་བར་ཆད་མེད་པར་ཤོག

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    དགོན་བདག་རིན་པོ་ཆེ་ལ་མི་རིགས་ཀྱི་ལ་རྒྱ་ཡོད་ས་རེད།
    ཨ་ཀྱ་སང་ནང་བཞིན་ཕྱི་ལ་ཕེབས་ཐུབ་པར་སྨོན།
    དེ་མིན་ཐག་ཉེ་ས་ནས་མི་ཐར་ནོ་ཁོང་གི་མཁྱེན་གི་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese