མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་སྐབས་ཀྱི་ལྷ་ས།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ལོ་སར་ལ་ཉེ་བའི་སྐབས་འདིར་ལྷ་སར་དམིགས་བསལ་གྱིས་དམ་དྲག་དང་དམག་མི་འབོར་ཆེན་གཏོང་གི་ཡོད་པ་མ་ཟད་རྒྱ་ནག་གིས་བོད་ས་ཡོངས་དང༌། ལྷག་པར་དུ་ལྷ་ས་དང་རང་སྐྱོང་ལྗོངས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད་དམག་མི་དང་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ། སྤྱི་བདེ་མི་སྣ། ཏང་གི་ཐད་ཀའི་འགན་ཡོད་ལས་བྱེད་ཚང་མས་ཁ་བྲལ་བའི་རིགས་མཐོང་ཚད་ཕམ་པར་རྒྱོབ་ཅེས་བཀའ་རྒྱ་ཞིག་ཀྱང་བཏང་ཡོད་པ་རེད། 

ལོ་སར་ལ་ཉི་མ་གཅིག་གཉིས་ལས་མེད་པའི་སྐབས་འདིར་ལྷ་སའི་ཁྲོམ་དང་བར་སྐོར་གྱི་གཡས་གཡོན་བདེ་འཇགས་དང་ཡང་ན་དམིགས་བསལ་གྱི་དམ་དྲག་འདྲ་ཡོད་མེད་སྐོར་ལྷ་སའི་བར་སྐོར་དུ་མགྲོན་ཁང་གཉེར་བའི་འབྲེལ་ཡོད་མི་སྣ་ཞིག་ལ་ཁ་པར་གྱི་ལམ་ནས་དྲིས་པར་ཁོང་གིས་བརྗོད་དོན། དེ་རིང་ང་ཁྲོམ་དུ་སོང་བ་ཡིན། ཁ་སང་ལ་བལྟས་ན་དེ་རིང་ཁྲོམ་སྲང་གི་དམག་མི་མང་དུ་ཕྱིན་འདུག ཁོང་ཚོས་དམིགས་བསལ་གྱིས་ལོ་སར་སྐོར་ལ་དམ་དྲག་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་གྱིན་མི་འདུག་སྟེ། རྩེད་ཐང་དང་ཁྲོམ་རྭ་ན་ཡོད་པའི་དམག་མི་དེ་ཚོ་ལྷོད་ལྷོད་ཅིག་འདུག་ཐུབ་ཀྱི་མི་འདུག ཕར་བལྟས་ཚོད་ལ་ཁོང་ཚོས་ཅི་ཞིག་བོར་སོང་བའི་རྣམ་པ་འདྲ་བོ་འདུག ཁོང་ཚོས་ཅི་ཞིག་འཛིན་ཐུབ་ཀྱི་མེད་པའི་རྣམ་པ་འདྲ་བོ་འདུག གང་ལྟར་དམག་མི་དེ་ཚོ་སྤྱིར་བཏང་གི་གྲོང་ཁྱེར་སྲུང་སྐྱོབ་བྱེད་པའི་དམག་མི་འདྲ་བོ་མི་འདུག་ཟེར།

མི་མང་གི་ངོས་ནས་ལོ་སར་གྱིན་ཡོད་མེད་སྐོར་དྲིས་པར། མི་མང་གིས་ལོ་སར་གྱི་མིན་ཟེར་ནས་དེ་འདྲ་བྱེད་ཀྱིན་འདུག ནམ་རྒྱུན་ཡིན་ན་ལོ་སར་གྱི་ཡོ་ཆས་མང་བོ་ཉོ་གི་ཡོད་པ་རེད་དེ། ད་ལོ་དེ་འདྲ་བྱེད་ཀྱི་མི་འདུག་ཟེར། ཡང་ལྷ་ས་གཙོས་དགོན་སྡེ་ཁག་གི་བདེ་འཇགས་ཐད་ཁོང་གིས་བརྗོད་དོན། དགོན་སྡེ་ཁག་ལ་དམ་དྲག་བྱེད་ཀྱིན་ཡོད་པ་རེད་ཟེར་གྱིན་འདུག ང་དགོན་སྡེ་ཁག་ལ་མཆོད་མཇལ་ལ་མ་སོང་བར་ཡུན་རིང་ཞིག་འགོར་སོང་། ད་སྐབས་བར་སྐོར་དང་ལྷ་སའི་ཁྲོམ་སྲང་དུ་དམག་མི་ཚོས་རེས་བསྐོར་ནས་ཉིན་མཚན་གཉིས་ཀར་སྲུང་བསྡད་ཡོད་པ་རེད་ཟེར།

ཕྱི་ཚེས་ ༢༣ ཉིན་འདི་གའི་གསར་འགོད་པས་དེའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་སུ་དྲིས་པར་ཁོང་གིས་བརྗོད་དོན།  ལྷ་སའི་གནས་སྟངས་དང་བོད་སྤྱི་ཡོངས་ཀྱི་གནས་སྟངས་གཅིག་པ་འདྲ་བོ་རེད། ཡིན་ནའང་ཁ་སང་དེ་རིང་ལྷ་ས་ནས་དབྱེ་བ་ཞིག་བྱས་ནས་མདོ་སྟོད་སྨད་ནས་ཡོང་བའི་བོད་མི་དེ་ཚོ་ཕྱིར་འབུད་བཏང་བ་དང༌། དེའི་ཐོག་ལ་ལྷ་ས་ན་ཡོད་པའི་དམག་མིའི་ཐོག་ལ་དམག་མི་སྟོང་ཕྲག་མང་བོ་འཕར་སྣོན་བྱས་ནས་དམ་དྲག་བྱས་ཡོད་པ་རེད། ཉེ་ཆར་དམ་དྲག་ཤུགས་ཆེན་པོ་བྱེད་ས་ཁག་ནི་ལི་ཐང་དང་དཀར་མཛེས། ནག་ཆུ། ལྷ་ས་སོགས་ཆགས་ཡོད་པ་རེད། ཟླ་འདིའི་ཚེས་ ༡༨ ཉིན་ལྷ་ས་ནས་དམག་ཕྱོགས་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད། ཚོགས་འདུ་དེ་དམིགས་བསལ་གྱིས་ལོ་སར་སྐབས་སུ་དམ་དྲག་བྱེད་དགོས་སྐོར་གྱི་ཚོགས་འདུ་ཞིག་རེད། ལོ་སར་སྐབས་མྱ་ངན་བྱེད་མཁན་དེ་ཚོ་ཏཱ་ལའི་རུ་ཚོགས་ལ་རྒྱབ་སྐྱོར་བྱེད་ཉན་དང༌། ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་ཡིན་པ་ངེས་འཛིན་བྱེད་ཀྱི་ཡིན་པ་དང་དེའི་རིགས་ཕམ་ཉེས་སུ་གཏོང་དགོས་ཞེས་གཏམ་བཤད་བྱས་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད། རྒྱ་ནག་གིས་ད་ལོ་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་ལྔ་བཅུ་འཁོར་གྱིན་ཡོད་པས་དེར་དགའ་སྟོན་བྱེད་ཀྱི་ཡིན་སྐོར་གླེང་གི་ཡོད་པ་རེད། དེ་ཚོ་དམར་གསོད་དང་དམ་དྲག་གི་འོག་ནས་ལོ་ངོ་ལྔ་བཅུ་འགོར་བ་རེད། ང་ཚོའི་ངོས་ནས་རིག་གནས་གསར་བརྗེ་གསར་དུ་བཙུགས་པར་ངོས་འཛིན་བྱེད་ཀྱིན་ཡོད། དེ་ག་རེ་རེད་ཟེར་ན། རིག་གནས་གསར་བརྗེའི་སྐབས་མི་ཤི་སོང་ན་ནང་ནས་འདས་མཆོད་བྱེད་ཆོག་གི་ཡོད་པ་མ་རེད། ལོ་སྔོན་མའི་ནང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་བ་མང་བོ་ཞིག་བྱུང་ཡོད་པ་རེད། དེ་དག་ལ་མྱ་ངན་གྱི་ཚུལ་དུ་བོད་པ་ཚོས་ལོ་སར་གྱི་མིན་ཟེར་ནའང་རྒྱ་ནག་གིས་བཙན་གྱིས་ལོ་སར་དུ་འཇུག་གི་ཡོད་པ་རེད། དེ་རིག་གནས་གསར་བརྗེ་སྐབས་དང་གཅིག་པ་འདྲ་བོ་རེད། ཟེར།

ལྷ་ས་མ་ཡིན་པའི་ས་ཁུལ་གཞན་གང་དུ་དམ་དྲག་བྱེད་ཀྱིན་ཡོད་མེད་དྲིས་པར་ཁོང་གིས། སྤྱིར་བཏང་བོད་མདོ་དབུས་ཁམས་གསུམ་དུ་དམ་དྲག་བྱེད་ཀྱིན་ཡོད་པ་རེད། ལྷག་པར་དུ་ཉེ་ཆར་ལི་ཐང་དང་ནག་ཆུ། དཀར་མཛེས་སོགས་སུ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། དཔེར་ན་ཟླ་འདིའི་ཚེས་  ༡༩ ཉིན་ནག་ཆུ་ནས་བོད་པའི་རླངས་འཁོར་ཁ་ལོ་བ་ཞིག་གི་འགྲུལ་བ་རྒྱ་མིའི་རླངས་འཁོར་ཁ་ལོ་བ་ཞིག་གིས་བཙན་འཕྲོག་བྱས་ཡོད་པ་རེད། རྒྱ་མིའི་རླངས་འཁོར་ཁ་ལོ་བ་དེའི་རྒྱབ་ནས་རྒྱ་དམག་ལངས་ནས་ཁ་སང་དེ་རིང་ནག་ཆུ་ལྟ་བུར་མཚོན་ན་རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀྱི་བར་ལ་འགལ་ཟླ་འདྲ་བོ་ལྷུང་ཡོད་པ་རེད་ཟེར། ཉེ་ཆར་དར་མདོ་དང་ལི་ཐང་དཀར་མཛེས་སོགས་སུ་དམག་སྒར་གསར་རྒྱག་དང་དམག་མི་འཕར་བསྣོན་བྱེད་ཀྱིན་ཡོད་པའི་གནས་ཚུལ་སྐོར་དྲིས་པར་ཁོང་གིས་བརྗོད་དོན། དེའི་ཐད་ནས་བལྟས་ཀྱང་བོད་ས་ཡོངས་རྫོགས་བདེ་འཇགས་མིན་པ་གསལ་བོ་རེད། ད་དུང་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་སྐོར་བའི་སྒོ་ཡང་རྒྱབ་ཡོད་པ་རེད། དེ་དག་ནས་བལྟས་ཡོང་ན་རྒྱ་ནག་གིས་བོད་ཐོག་དྲག་གནོན་གང་འདྲ་ཞིག་བྱེད་ཀྱིན་ཡོད་མེད་བཤད་མ་དགོས་པ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese