དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་དང་པོ་དང་སྐར་མ་ ༤༠ སྟེང༌། ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེ་ལ་བསྒྲོན་ཏེ། ངོ་རྒོལ་སྐད་འབོད་བྱས་ཡོད་སྟབས་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབས་ཡོད་འདུག
བོད་ནས་ཁ་པར་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཕྱི་དྲོ་ཨ་མདོ་རྔ་བ་ཀིརྟི་དགོན་པ་དང་རྔ་བ་རྫོང་ཐོག་བཅས་སུ། ཁ་སང་གི་དམར་གསོད་ལ་མ་བསྐྲག་ན། དེ་རིང་གི་རྡུང་འདེགས་ལ་ཅིའི་ཕྱིར་སྐྲག སང་ཉིན་ང་ཚོས་ཡར་ལངས་རྒྱག་དགོས། ཞེས་བཀོད་པའི་སྦྱར་ཡིག་མང་པོ་ཞིག་སྦྱར་ཡོད་སྟབས། དེ་རིང་ཞོགས་པ་རྔ་བ་རྫོང་ཐོག་གི་བོད་རིགས་མང་པོ་ཞིག་འདུ་འཛོམས་བྱས་ཡོད་པ་དང༌། ལོ་གསར་སྨོན་ལམ་ཆེན་མོ་ཚོགས་སུ་བཅུག་མེད་སྟབས། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ ༡༠༠༠ ཙམ་ཚོགས་ཆེན་འདུ་ཁང་མདུན་དུ་འཛོམས་བྱས་ཡོད་འདུག
སྐབས་དེར་ཁོང་ཚོས་ཇི་ལྟར་ཡར་ལངས་རྒྱག་རྒྱུ་དང་སྣེ་ཁྲིད་པ་སུ་ཡིན་མིན། སྔར་ནུབ་ཀྱི་སྦྱར་ཡིག་དེ་སུས་སྦྱར་བ་སོགས་ཀྱི་གནས་ཚུལ་མ་ཤེས་པར་ཟང་ཟིང་དུ་གྱུར་ཡོད་འདུག
ད་ཡིན་ན།ང་ཚོར་བོད་མི་ཞིག་ལྷག་ས་མ་རེད།་དཀོན་མཆོག་མཁྱེན།་ང་ཞེད་སྣང་སྐྱེ་གི་འདུག
སྒྲོལ་མ་ལགས། ངས་ཁྱེད་ལ་མ་རང་བའི་སྐད་ཆ་བཤད་པ་ཡིན་ཡང་། ཁྱེད་ཀྱིས་བཤད་པའི་གནས་ཚུལ་འདི་འབྱུང་ཁུངས་གང་རེད། གོང་གསལ་ཀ་ཉག་ཚེ་རིང་ལགས་སུ་བོད་ནང་ནས་ཐད་གར་འབྲེལ་བ་བྱས་ཏེ་གནས་ཚུལ་བཤད་འདུག་པ་དང་། དམིགས་བསལ་ཀ་ཉག་ཚེ་རིང་ལགས་ཁོང་ཡང་རྔ་བ་ཀིརྟིའི་དགོན་པའི་གྲྭ་བ་ཞིག་ཡིན་པ་མ་ཟད། ཁོང་གིས་ད་སྐབས་ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་པ་བྱས་ནས་སྔ་གཞུག་ཏུ་དངོས་ཡོད་གནས་ཚུལ་ཇི་འདྲའི་མང་པོ་ཞིག་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤྱན་འབུལ་བྱས་སོང་། གལ་སྲིད་གོང་གསལ་ཁྱེད་ཀྱི་གནས་ཚུལ་དེ་དངོས་གནས་བདེན་པ་ཡིན་ན། ང་ཚོས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྒྲོག་བཞིན་པའི་གནས་ཚུལ་གང་མང་ཞིག་དོགས་གཞི་ཅན་དུ་འགྱུར་མི་སྲིད་པ་ཡིན་པས། ངས་ལྟས་ན། སྒྲོལ་མ་ཁྱེད་ལ་རྒྱ་དམར་ཚང་གི་མངོན་འདུན་སྒྲུབ་མཁན་ཞིག་གིས་གནས་ཚུལ་རྫུན་མ་ཞིག་མཁོ་སྤྲོད་བྱས་འདུག་པར་སེམས། སྤྱིར་བཏང་ནས་བཤད་ན། གོང་གསལ་སྐུ་ཞབས་ལྷ་ཆབ་ལགས་ཀྱིས་གསུངས་པ་བཞིན། དགེ་འདུན་པ་དེའི་དགོངས་པ་རྫོགས་མིན་གལ་ཆེན་མ་ཡིན་པར། ཁོང་གིས་རང་མི་རིགས་ལ་བཅངས་པའི་སྙིང་སྟོབས་དང་ལྷག་བསམ་ལ་ང་ཚོས་ཅི་ནས་ཀྱང་སློབ་སྦྱོང་བྱེད་དགོས། ལྷག་པར་དུ་ཁོང་གི་དགོངས་པ་རྫོགས་མེད་པའི་དབང་དུ་བཏང་ན་ཡང་། རྒྱལ་གཅེས་དཔའ་བོ་ཁོང་གིས་རྒྱ་དམར་གྱི་སྡུག་སྦྱོང་མནར་གཅོད་འོག་བཟོད་མི་ཐུབ་པའི་དཀའ་ངལ་ཇི་འདྲ་ཞིག་མྱོང་བཞིན་པ་ང་ཚོ་སུས་ཀྱང་རྟོགས་སླ། དེར་བརྟེན་འདི་འདྲའི་ཛ་དྲག་གི་སྐབས་སུ་ཁ་ལ་གང་ཡོང་དང་ལག་པར་གང་ཐོག་གིས་གནས་ཚུལ་སྤེལ་བ་ནི། འོས་མཚམས་ཤིག་གཏད་ནས་མཐོང་མ་སོང་།
མདོར་ན། རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ལགས་ཀྱིས་མི་རིགས་ལ་བཅངས་པའི་སྙིང་སྟོབས་དང་ལྷད་མེད་ཀྱི་ལྷག་བསམ་ལ་རྗེས་ཡི་རང་དང་བསྔགས་བརྗོད་གྲངས་མེད་ཞུ།
བཙན་པོའི་བུས་སྐྱོ་གདུང་གི་མིག་ཆུ་ཞིམ་ཞིམ་དུ་འཐོར་ཞོར་རང་དུ་བྲིས།
སྒྲོལ་མས་བཤད་པའི་གསར་འགྱུར་དེ་ངོ་མ་ཡིན་ན། ཁོང་གི་ལུས་ལ་རྒྱ་དམག་གིས་མེ་མདའ་རྒྱབ་པའི་དོན་དག་ཅིག་བྱུང་མེད་འདུག་པས། ང་ལ་དངོས་སུ་མཐོང་མཁན་གྱིས་བཤད་པའི་གནས་ཚུལ་དང་གཏན་མི་མཚུངས་ཤིང། མ་ཟད་དེའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་འཐོན་པ་དང་ཡང་མི་འདྲ་བས། དངོས་འཚོལ་དཀའ་བར་སྣང་། འེ་རེད།
གྲོང་ཡོད་མེད་གཙོ་བོ་མ་རེ། གཙོ་བོ་ཁོང་གིས་མི་རིགས་ལ་བཙིང་བའི་དུང་སེམས་དང་རྒྱ་དམར་ལ་རྒོལ་བའི་སྙིང་སྟོབས་དེ་རེད། དེ་འདྲའི་ཚོར་བ་དེས་ང་ཚོ་ཡུལ་གྱར་བ་ཚོར་སྨྲ་མི་ཤེས་པའི་ཚོར་བ་ཞིག་གནང་སོང་།།
རྒྱལ་གཅེས་དཔའ་བོ་བཀྲ་བྷོ་ལགས་ལ་རྗེས་དྲན་དང་མྱ་ངན། གདུང་སེམས་མཉམ་སྐྱེད་བྱེད་པར་འོས། ཁོང་གི་དཔའ་སྤོབས་དེས་བོད་ཀྱི་ན་གཞོན་རྣམས་ལ་དྲན་སྐུལ་གསར་བ་ཞིག་བསླངས་པ་རེད།
ངས་ཅི་ཡང་སྨྲ་མི་ཐུབ་པ་ནི་ངས་ཅི་ཡང་བསམ་མི་ཐུབ་པས་ཡིན།
ཡ་ཆུང་ཚ་ལེམ་མར་གྱུར་ཞིང་མིག་ལམ་ནས་མེ་སྟག་ཞིག་མཆེད།
གྲོངས་ཡོད་མེད་སུས་ཤེས། རྒྱ་དམག་གིས་ཁྱེར་སོང་བ་རེད་ཟེར་གྱིན་མི་འདུག་གམ།
གོང་གི་གསར་འགྱུར་ནང་དུ་མེ་མདའ་བརྒྱབ་ཡོད་པ་དང་རང་ལོ་ཉེན་བདུན་ཡིན་པ་སོགས་བྲིས་ཡོད་པ་རེད། དེས་ན་སྒྲོལ་མ་ཁྱེད་རང་གིས་ཁོང་ཉིད་དགུང་ལོ་ཉེར་གཅིག་ཡིན་པར་བཤད་བཞིན་ཡོད་པ་གང་བདེན་པར་གྱུར་བ་ཞིག་རེད། གསར་འགྱུར་ཟེར་བ་འདི་ནི་འདི་འདྲ་གནས་ཚུལ་ཁུངས་ལྡན་མིན་པ་ཞིག་ཆགས་དོན་གང་ཡིན་པ་རེད། དྲ་གྲོགས་མང་བོ་ཞིག་གིས་གྲོངས་ཡོད་ཤག་བྱེད་ཀྱི་ཡོད་ན་ཡང་ཁྱེད་ཀྱིས་དེ་རང་འཕྲིན་གསར་འདི་འདྲ་ཞིག་སྤྲད་པ་རེད།
དྲ་གྲོགས་སྒྲོལ་མ་ལགས། དེས་ན་དགེ་འདུན་པ་འདི་ད་ལྟ་གསོན་ཡོད་པ་ཡིན་ནམ། ཁོང་ཉིད་མེ་རུ་འཚུགས་ནས་གྲོངས་མེད་པ་བདེན་པ་ཡིན་ནམ། འདི་གང་ཡིན་ནམ་གོང་གི་གསར་འགྱུར་ནང་དུ་དགེ་འདུན་དེ་གྲོངས་ཚར་བར་གླེང་གི་འདུག་པ་ཅི་རེད་དམ། ཉིད་ཀྱིས་གསར་འགྱུར་གནས་ཚུལ་འདི་ཉིད་བདེན་པ་ཡིན་མིན་ཁུངས་ལྡན་གནས་ཚུལ་གང་རེད་དམ།
རྔ་བ་ནས་ཐོན་པའི་གསར་འགྱུར་ངོ་མ།
ཕྱི་ལོ་ཉིས་ སྟོང་དགུ་ལོའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ དང་ཕྱེད་ཡས་མས་སུ་མདོ་སྨད་རྔ་བའི་ཀུརྟི་དགོན་པ་ནས་དོན་རྐྱེན་འདི་འདྲ་ཞིག་ བུད་པ་རེད། ཨ་མདོ་རྔ་བའི་མཐའ་བ་གོང་མའི་ཕ་འཇིགས་གྲགས་དང་། མ་མེ་ཁོ་གཉིས་ཀྱི་བུ་བཀྲ་ པེ་ཟེར་བ་དེ་ད་ལོ་ཕོ་ལོ་ཉེར་གཅིག་རེད། ཁོ་རང་ཆུང་དུས་ནས་གྲྭ་བ་བྱས་ནས་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་བ་ དཀྱུས་མ་ཞིག་རེད། ཁོའི་ཕ་མ་གཉིས་ཀ་བཟའ་འཐོར་བྱས་པ་ཞིག་རེད། གྲྭ་བ་བཀྲ་པེས་ཡར་ལངས་བྱེད་དོན་གཙོ་བོ་ནི་ན་ནིང་ནས་བཟུང་རྔ་བའི་ས་ཕྱོགས་ དགྱ་དམག་གིས་བཟུང་ཡོད་པ་དང་ལྷག་པར་དུ་ད་ལོ་ཀིརྟིའི་སྨོན་ལམ་ཆེན་པོ་འཚོགས་ མི་ཆོག་པ་བཟོས་པ་དེ་ལ་ངོ་རྒོལ་བྱས་པ་རེད། ཁོས་ཡར་ལངས་བྱེད་དུས་ཀྱི་རྣམ་པ་ནི། ལག་ན་བོད་ཀྱི་གངས་སེང་དར་ཆ་ཞིག་གི་ངོས་ལ་རྒྱལ་བ་རིན་པོ་ཆེའི་འདྲ་པར་ཞིག་ སྦྱར་ནས་བཟུང་ཡོད་པ་དང་། དེང་ཐོག་ཁོས་རང་གི་ལུས་སྟེང་ལ་རླངས་སྣུམ་བླུག་ནས་མེ་རུ་བསྒྲོན་པ་དང་ངག་ནས་ རྒྱལ་བ་རིན་པོ་ཆེ་དང་དེའི་ལམ་ལུགས་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་ཀིརྟིའི་སུམ་ མདོ་ཞོལ་མ་ནས་ཚོང་བ་བཟོད་པ་ཚང་གི་ཁང་སྒོ་ལ་སོང་བ་དང་། དེ་ནས་ཡང་འབོད་ཚིགས་སྒྲོག་བཞིན་ཕྱིར་ཡོང་དུས་ད་གཟོད་དགྱ་དམག་མང་པོ་ཐོན་ནས་ འཛིན་བཟུང་བྱས་ནས་རླངས་འཁོར་གྱི་ནང་ལ་བཙན་གྱིས་བཅུག་སྐབས་ཀྱང་ཁ་ནས་བར་མེད་ དུ་རྒྱལ་བ་རིན་པོ་ཆེ་དང་དེའི་ལམ་ལུགས་ཁྲི་ལོར་ཤོག་ཅེས་འབོད་བཞིན་འདུག་ལ་ལག་ གི་དར་ཆ་མེ་ལ་ཚིག་ཚར་ཡང་དར་ཡུ་ད་དུང་ལག་ན་བཟུང་ཡོད་ཅིང་ཁོ་རང་གི་ལུས་ཕུང་ མེ་ལ་ཚིག་པ་ཡང་ཧ་ཅང་ཚབ་ཆེན་རེད་ཟེར། དེ་དུས་ཀིརྟི་དགོན་པའི་གྲྭ་བ་མང་པོ་ ཐོན་ནས་དགྱ་དམག་ལ་ངོ་རྒོལ་བྱེད་རྩིས་བྱེད་དུས་དགོན་པའི་དགོན་བདག་ཨ་ལགས་རྒོ་ རུ་ཚང་དང་། དགེ་བསྐོས་སོགས་ཀྱིས་བཀག་ནས་དོན་རྐྱེན་གཞན་པ་མ་བུད། གོ་ཐོས་སུ་ཁོས་དེའི་སྔོན་གྱི་ཉིན་འགའ་ནས་སྲང་ལམ་དང་ལམ་མདོ་སོགས་ལ་ཡི་གེ་ སྦྱར་ནས་ད་ལོ་སྨོན་ལམ་ཆེན་མོ་འཚོགས་མི་ཆོག་ན་ཁོས་དོན་རྐྱེན་ཆེན་པོ་སློང་ རྒྱུ་ཡིན་ཟེར་ནས་བརྡ་སྦྱོར་སྤེལ་ཡང་སྲིད་གཞུང་གིས་དོ་སྣང་མ་བྱས་པར་མཐར་དོན་ དག་འདི་འདྲ་བུད་པ་རེད། དམག་གིས་བཟུང་ནས་མྱུར་དུ་རྔ་བའི་སྨན་ཁང་ལ་ཁྱེར་ནས་རྨ་ལས་བྱས་པ་དང་ད་ལྟ་འབར་ ཁམ་གྱི་སྨན་ཁང་ཞིག་གི་ནང་ན་ཡོད་མོད་ཁྱིམ་མི་སོགས་ལ་འབྲེལ་གཏུག་བྱེད་མི་ཆོག་ པ་བཟོས་འདུག་ལ་རྨས་སྐྱོན་གྱི་གནས་ཚུལ་གསལ་བོ་ཤེས་མཁན་མི་འདུག འདི་ནི་གསར་འགྱུར་ངོ་མ་ཡིན་པ་ལས་རྫུན་ཅུང་ཟད་ཙམ་ཡང་མི་འདྲེས།
ངོ་མ་རེད། ཁོང་ནི་འདི་འདྲ་སྙིང་སྟོབས་དང་དཔའ་འཛངས་ལྡན་པའི་བོད་རིགས་ཞིག་ཡིན་པ་བརྗོད་མེད་རེད།
དྲཱ་སྒྲོགས་སྟག་སྨོན་གྱིས་གསུངས་པ་དེ་ངོ་མ་བདེན། ང་ཚོོས་བོད་ནང་བསམ་ཤེས་མང་ཙམ་བྱེད་དགོས་ཀྱི་འདུག
དཔའ་བོ་ཁོང་ལ་ཀུན་གྱིས་སྔོ་བ་སྨོན་ལམ་རེ་གསུངས་རྒྱུ་དང་རྗེས་དྲན་གྱི་་རྡོ་རིང་རེ་འཇོག་ཨེ་ཐུབ་ལྟ་རྒྱུ་ལས་ཐབས་གཞན་མ་མཆིས་སོ།
ཐུབ་བསྟན་དངོས་གྲུབ་ལ་གདེངས་འཇོག་ཆེ་བ་ནང་བཞིན་འདི་ལ་ཡང་གཞུང་སྒེར་གང་ཐད་ནས་དེ་བས་ཀྱང་མཐོང་ཆེ་པོ་འཇོག་དགོས་པར་སྙམ།
དཔའ་བོ་ཁོང་གི་སེམས་ཁོང་དུ་མི་རིགས་ཀྱི་སླར་ཞེན་མེ་རུ་འབར་ཞིང་། མེ་ལྕེ་ལྟ་བའི་རིགས་ཞེན་གྱིས་རང་ཉིད་ཀྱི་ལུས་པོ་དེ་ནི་མར་མེ་རྐང་གཅིག་གི་ཚུལ་དུ་སྒྲོན་ནས་མི་ཡུལ་ནས་བདེན་དོན་བསྒྲགས་ཞོར་དུ་ང་ཚོ་བོད་པ་ཕྱི་རབས་པ་དག་ལ་ཚེ་སྲོག་གི་འདོད་འགུགས་རང་བཞིན་གྱིས་བརྗེད་ཐོ་དེ་ནི་ང་ཚོའི་མིག་ཟུང་གི་མ་མཐོང་ཡང་སེམས་ཁོང་གི་དྲན་གཟུགས་སུ་ནམ་ཡང་མི་འདོར་བར་བཞག་པ་དེ་ནི་ང་ཚོ་རེ་རེ་ནས་ནམ་ཡང་བརྗེད་མི་རུང་ངོ།
དེ་རིང་བོད་ནང་གི་བོད་མི་ཞིག་ལ་གླེང་མོལ་བྱུང་སྐབས་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན།
དེང་སང་རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་མི་སྣ་སོགས་ཡོང་རྒྱུར་བཀག་བསྡོམས་བྱས་ནས་དམ་དྲག་ཆེན་པོ་བྱེད་གྱི་ཡོད་མེད་ལ་མ་ལྟོས་བར་ཟླ་བ་འདིའི་སྤྱི་ཚེས་ ༢༦ ཉིན་རྔ་བ་རྫོང་ཐོག་དང་ཀིརྟི་དགོན་པ་སོགས་སུ་ཁ་སང་གི་དམར་གསོད་ལ་མ་སྐྲག་པར་དེ་རིང་གི་རྡུང་བརྡེགས་ལ་ཅི་ལ་སྐྲག། ད་ལོར་ང་ཚོར་སྨོན་ལམ་ཆེན་མོ་ཚོགས་ཏུ་མ་བཅུག་ན་རྒྱ་ནག་གཞུང་ལ་བོད་མི་ཚོ་མཉམ་རུབ་གྱིས་བསྐྱར་དུ་ཞི་བའི་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་གྱི་ཡིག་ཆ་འདྲ་མིན་འགྲེམ་སྦྱར་བྱས་ཡོད་པ་དང༌།
ཕྱི་ཉིན་སྤྱི་ཚེས་ ༢༧ བོད་ཟླ་དང་པོའི་ཚེས་གསུམ་ཉིན་ཀིརྟི་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་ཞིག་མཉམ་དུ་དགོན་པའི་འདུ་ཁང་ལ་སོང་ནས་སྨོན་ལམ་ཡར་ཚོགས་ལ་སྨོན་ལམ་ཚོགས་རྒྱུ་གྲ་སྒྲིག་བྱས་ཐབས་བྱས་ཡོད་ཀྱང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྔོན་མ་ནས་སྨོན་ལམ་ཚོགས་མི་ཆོག་པའི་བཙན་བཀའ་བཏང་བ་དང་བཀག་བསྡོམས་བྱེད་རྒྱུ་ཡིན་ཚུལ་བཤད་པ་བཞིན་ཉིན་དེར་དངོས་སུ་སྨོན་ལམ་ཚོགས་ཐུབ་མེད།
དེ་ནས་ཅང་མ་འགོར་བའི་ཉིན་གུང་གི་ཆུ་ཚོད་དང་པོ་ཙམ་ལ་རྔ་བ་རྫོང་ཐོག་གི་རྫོང་སྲིད་གཞུང་དང་བར་ཐག་ཉེ་བའི་བཞི་མདོ་ཞིག་ནས་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ཟེར་བས་ལག་དུ་བོད་གྱི་རྒྱལ་དར་ཐོག་གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་བསྒྲེངས་ཞོར་རང་ལུས་ལ་སྣུམ་བླུགས་ནས་ཡོང་ཡོད་པ་མེ་ལ་སྤར་ཡོད་པ་དང༌། ལུས་ཐོག་ན་མེ་ལྕེ་ལྷབ་ལྷུབ་དུ་འབར་བའི་ཁོང་གིས་སྐད་འབོད་བྱེད་ཞོར་ལམ་ཁ་ན་ཡོད་བའི་ཉེན་རྟོག་པའི་རླངས་འཁོར་ཞིག་ལ་འཇུ་ཐབས་བྱེད་སྐབས་དེ་མ་ཐག་མེ་མདའ་རྒྱབ་བའི་སྐད་སྒྲ་གསུམ་ཙམ་གྲགས་པ་དང་མཉམ་ཁོང་ས་ལ་འགྱེལ་སོང་བ་དང༌། དེ་ནས་དམག་མི་དང་མེ་གསོད་རུ་ཁག་གིས་རྡོག་རྫིད་གཏོང་བ་སོགས་བྱས་ནས་ལུས་ཐོག་ལ་འབར་བཞིན་མེ་གསོད་ཐབས་བྱས་རྗེས་ཤི་གསོན་གསལ་བོ་མེད་པར་དགེ་འདུན་པ་ཁོང་དམག་གི་རླངས་ལ་བླུགས་ནས་བཙན་གྱིས་ཁྲིད་ཡོད་འདུག། གོ་ཐོས་ལྟར་ན་རྫོང་གི་སྨན་ཁང་ལ་འཁྱེར་དུས་དགེ་འདུན་པ་ཁོང་ཤི་མེད་པ་དང༌། རྫོང་སྨན་ཁང་ནས་ཁོང་མྱུར་སྐྱོབ་བྱེད་ཐབས་མེད་ཚུལ་བཤད་ཡོད་ཚུལ་འདུག།
དེ་མ་ཐག་རྔ་བ་རྫོང་ཐོག་གི་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་རྒྱབ་དུ་བཅུག་པ་དང༌། སྲང་ལམ་ཁག་དུ་མི་ཕར་ཚུར་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་བཀག་བསྡོམས་བྱས་བ༌། ཀིརྟི་དགོན་པ་ཡོགས་སུ་དམག་གིས་སྐོར་བ་སོགས་བྱས་ཏེ་ས་གནས་གྱི་གནས་སྟངས་ད་ཆ་ཛ་དྲག་ཆེན་པོའི་ངང་གནས་ཡོད་བ་རེད་འདུག།
དགེ་འདུན་པ་ཁོང་ནི་ཨ་མ་མེ་ཁོ་དང༌། ཨ་ཕ་འཇིགས་སྐྲག་གཉིས་གྱི་བུ་ཡིན་པ་དང༌། རྗེས་སུ་ཁོ་གཉིས་བཟའ་ཚང་ཁ་བྲལ་ལ་སོང་ནས་ད་ཆ་ཕ་ཚབ་རབ་བརྟན་དང་ཨ་མ་མེ་ཁོ་གཉིས་དང་མཉམ་དུ་ཡོད་པར་རྔ་བ་མཐའ་བ་འགབ་མའི་ཁྲིམས་རྒན་ནས་ཡིན་པ་དང༌། ཀིརྟི་དུས་འཁོར་གྲ་ཚང་གི་དགེ་འདུན་པ་ཡིན་པར་ད་ལོ་ཕལ་ཆེར་རང་ལོ་ ༢༦ ཙམ་ཡིན་འདུག
བོད་ནང་ནས་འཚེ་མེད་ཞི་བའི་ལས་འགུལ་ངོ་མ་དང་། དྲག་པོའི་ལས་འགུལ་གཉིས་གང་ལྟར་ཡང་རྒྱ་ནག་གིས་རྡུང་རྡེག་གི་དྲག་གནོན་བྱེད་སྟངས་གཅིག་རེད། འདས་པའི་ལོ་ནང་དུ་སྐད་འབོད་ཙམ་བྱེད་ལའང་མནར་གཅོད་དང་དྲག་གནོན། ཁྲིམས་ཐག་བཅད་པ་ལྟ་བུ་མངོན་གསལ་རེད།
འདི་ལྟ་བུའི་ལས་འགུལ་ནི་ྋགོང་ས་མཆོག་དང་གྷན་ངྷི་མཆོག་གི་འཚེ་མེད་ཞི་བའི་ལས་འགུལ་གྱི་བྱེད་ཐབས་རང་ཡིན་སྟབས། ྋགོང་ས་མཆོག་གི་བཀའ་དང་འགལ་མེད་པ་གསལ་བོ་ཡིན་པ་མ་ཟད། ནུས་པའང་ཤུགས་ཆེན་པོ་ཐོན་གི་རེད། ཡིན་ནའང༌། ད་ལྟའི་དུས་འདིར་རྒྱ་ནག་གི་ཆབ་སྲིད་སྲིད་ཇུས་འོག་ཏུ་མནར་གཅོད་མྱོང་རྒྱུ་ནི་གཏན་འཁེལ་བ་ལྟ་བུ་རེད་ཅེས། ལོ་གསར་ཚེས་གཅིག་ཉིན་ྋགོང་ས་མཆོག་དང་བཀའ་ཁྲི་རྣམ་གཉིས་ཀྱིས་བཀའ་སློབ་ཕེབས་ཡོད།
གཞིས་ལུས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་གུས་འདུད་ཞུ།
ཡིད་སྐྱོ་བའི་གནས་ཚུལ་འདི་འདྲ་ཐོས་དེ་འོང་དུས་སེམས་ཁོང་དུ་རང་དབང་མེད་པར་འདར་སུག་རྒྱག་གི་འདུག་ལ། རང་དབང་མེད་པར་མིག་ཆུའི་མཚོི་མོ་སེམས་ཁོང་གི་མཁའ་རུ་དཀྱིལ། བླ་མ་ལགས་བསྟན་འཛིན་རྒྱ་མཚོ་རྒྱ་མཚོ་ཉེས་མེད་ཀྱི་མི་མང་འདི་དག་གི་སེམས་ཁོང་དུ་དཀའ་ངལ་འདི་འདྲ་ཞིག་སླེབས་ནས་ཁྱེད་རང་དང་ཕྱི་བསྡོད་བོད་མི་དང་བོད་མི་ཚང་མ་ལ་རང་དབང་གི་འབོད་སྒྲ་སྒྲོག་ནས་སེམས་ཁོང་གི་མིག་ཆུ་བདེན་གཏམ་གྱི་གླུ་རུ་བསྒྲགས་ནས་རང་ལུས་མཆོད་མེ་རྐང་གཅིག་གི་ཚུལ་དུ་འབུལ་པ་ནི་དངོས་ནས་ཆེས་རླབས་ཆེན་ཞིག་ཡིན་ན་ཡང་། མི་ཞིག་གི་རང་ཉིད་ཀྱི་ལུས་སྲོག་ལོང་སྤྱོད་ཀྱི་འབོད་སྒྲ་འདི་ཉིད་ཐོས་པ་ནས་སེམས་ཁོང་དུ་འཇོག་ཐུབ་མཁན་གྱི་བོད་མི་རྗེས་རབས་པ་ག་ཚོད་ཅིག་བྱུང་སྲིད་དམ།
དངུལ་གང་མང་བསྡུས་པ་བོད་གཞུང་བཀའ་ཤག་གི་ལག་པར་མ་སོང་བའི་ཐོགནས་བོད་ནང་ལ་འཕྲོད་པ་ཡིན་བསམ་བློའི་རྒྱབ་སྐྱོར་ཆེན་པོ་ཞིག་ཆགས་ངེས་རེད། ཕྱི་ལོག་གི་བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་གཏོང་ནས་བོད་དོན་སྒྲུབ་ཀྱི་འདུག་དྲན་ནས་སེམས་འགུལ་ཆེན་པོ་ཐེབས་ངེས།
གལ་སྲིད་དངུལ་དེ་བཀའ་ཤག་གི་ལག་པ་སོང་བ་ཡིན་ན་སོ་ནམ་ཞིང་ལས་དང་ཤེས་ཡོན་སྲིད་ཇུད་ཆེད་འཕྲོ་བརླག་བཏང་བཞག་གི་རེད། མ་ཟད་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གནས་ཚུལ་དེ་ཁྲིམས་དང་འགྲིག་གི་ཡོད་མེད་མང་པོ་བཤད་ནས་བེད་སྤྱོད་མེད་བཟོ་བཞག་གི་རེད།
དེའི་ཕྱིར་བོད་ནང་གི་བོད་མི་དང་བོད་ཕྱི་ལོག་གི་བོད་མི་ཚོའི་བར་ལ་ཐད་ཀར་འབྲེལ་བ་གཙང་མ་དང་བརྟན་པོ་ཞིག་འཛུགས་དགོས་པ། བརྒྱུད་ལམ་དེའི་ཐོག་ནས་དཔལ་འབྱོར་སོགས་ཀྱི་ཐོག་ནས་ཕན་ཚུན་གཅིག་ཕན་གཅིག་རོགས་བྱེད་དགོས་ཀྱི་འདུག ལོ་རེ་བོད་ནང་ཨ་སྒོར་ཅིག་སྟོང་ཙམ་རེ་གཏོང་མ་ཐུབ་དེ་ནས་བོད་དོན་རྩོད་བཞིན་པ་རྫུན་མ་རེད།
བོད་གཞུང་གི་འགྲོ་སོང་ཚང་མ་རྒྱ་གར་དང་ཕྱི་རྒྱལ་གྱི་ཁོར་ཡུག་ནང་འཐིམ་བཅུག་བཞག་གི་རེད། བོད་ཀྱི་འཐབ་རྩོད་དང་སྟབས་ཤུགས་ངོ་ནས་དེ་བོད་ནང་ན་ཡོད་པ་མཐོང་གསལ་རེད། དེའི་ཕྱིར་འགྲོ་སོང་དང་ནུས་པ་ག་རེ་ཡོད་ན་ཡོད་ནང་གཏོང་དགོས་པ་རེད།
ཕྱི་ལོག་གི་བོད་མི་ཚོས་བོད་ནང་ལ་དངུལ་གྱི་རོགས་པ་བྱེད་དགོས། དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ལས་ཡོད་ཚང་མས་ཉུང་མཐར་ཨ་སྒོར་གཅིག་སྟོང་རེ་བསྡུས་ཏེ་བོད་ནང་གི་བོད་མི་ཚོར་འཕྲོད་ཐབས་བྱེད་དགོས་ཀྱི་འདུག ཡིན་ནའང་དངུལ་བསྡུས་མཁན་བོད་གཞུང་མ་ཡིན་པ་ཞིག་དགོས་ཡོད། བོད་གཞུང་གིས་བོད་དོན་གྱི་ཆེད་དུ་རོགས་པ་ག་རེ་རག་པ་ཚང་རྒྱ་གར་གྱི་ས་ཐོག་འཐིམ་བཅུག་བཞག་གི་རེད། སྐུ་ངོ་ཚོའི་གསོལ་ཕོགས་དང་ལས་ཤག་གི་ཆེད་བཏང་བཞག་གི་རེད། བོད་ནང་གི་བོད་མི་ཚོས་སྲོག་ཀྱང་གཏོང་ཐུབ་ས་ནས། ཕྱི་ལོག་གི་བོད་མི་ཚོས་ཨ་སྒོར་སྟོང་ཕྲག་རེ་ངེས་པར་དུ་ཕུལ་ཐུབ་དགོས་པ་རེད།
བླ་མས་མཁྱེན། བླ་མས་མཁྱེན། ཁོང་གི་དཔའ་རྒོད་ཀྱི་སྙིང་སྟོབས་ལ་གུས་བཀུར་དང་རྗེས་སུ་ཡི་རང་ཡོད། ངས་ཀྱང་རྒྱ་ནག་དམར་ཕྱོགས་ལ་བཅིངས་ཡོད་པའི་ཁོང་ཁྲོར་བཟོད་བསྲན་བྱེད་དཀའ་ཀི། བོད་ནང་གི་ལས་བྱེད་མི་སྣ་དང་བླ་དཔོན་ཐམས་ཅད་ཀྱིས་ཀྱང་རྗེས་ཕྱོགས་བོད་མི་རིགས་དང་ལོ་རྒྱུས་ཀྱི་ཞབས་འདྲེན་མི་བྱ་བར་རེ་བ་ཡོད།
སྤྱིར་བོད་ཀྱི་དགེ་འདུན་པ་ཉམས་ཆུང་འདི་ཆོ༹་རྒྱ་མའི་མིག་ནང་གི་
ཆེ༹ར་མ་དང་།བོད་ཀྱི་སྨྱུགས་ཐོགས་པ་ཆོ༹ས་འང་མི་རིགས་ཀྱི་ངན་ཁག་ཡོད་ཆ༹ད་འགེལ་ཡུལ་རེད།
ལྟོས་དང་
ཕྱི་གསལ་ནང་གསལ་གྱི་
ཉམས་ཆུང་གི་དགེན་འདུན་པ་འདི་ཆོ༹ས
གཅེས་པའི་ལུས་སྲོགས་དོར་བའི་
རྒྱལ་གཅེས་སྙིང་སྟོ༹བས་འདི་དག་ལ
བླ་མ་མཁྱེན། གནས་ཚུལ་ཛ་དྲག་རེད། ཇི་འདྲའི་སྙིང་སྟོབས་དང་ལྡན་པ་ལའང།