མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏྭ་ལའི་བླ་མའི་དྲ་ཚིགས་ལས་འཕྲོས་པའི་ཞུ་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

༄༄།།    བཀུར་འོས་རྒྱལ་དབང་ཡིད་བཞིན་ནོར་བུའི་༧སྐུ་སྒེར་ཡིག་ཚང་གི་དབུ་ཁྲིད་མཆོག་གི་ཞབས་དྲུང་དུ།

དེ་གའི་ལས་ཁུངས་ནས་ཏྭ་ལའི་བླ་མའི་དྲ་ཚིགས་ཏེ། www.dalailama.com ཞེས་པ་ཞིག་བཏོན་གནང་བ་དེས་ཕྱི་ནང་གི་མི་ཚང་མར་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་མཛད་པ་རྣམས་སྟབས་བདེ་པོས་ཤེས་ཐུབ་པར་ཕན་པ་ཆེན་པོ་འདུག་པས་ཐུགས་རྗེ་ཆེ།

ལྷག་པར་དུ་དྲ་ཚིགས་དེ་རྒྱ་ཡིག་དང་དབྱིན་ཡིག་ཐོག་བཏོན་ཐུབ་པ་དེས་རྒྱ་མི་རིགས་དང་དབྱིན་ཇིའི་སྐད་ཡིག་ཤེས་མཁན་གྱི་འཛམ་གླིང་གི་མི་རྣམས་ལ་རྒྱལ་དབང་ཡིད་བཞིན་ནོར་བུའི་གནས་ཚུལ་རྣམས་དུས་ཐོག་ལ་ཤེས་ཐུབ་པ་དེས་ངེད་ལ་དེ་བས་དགའ་སྤྲོ་འཕེལ་བཞིན་སྣང་།

ཡིན་ནའི་སེམས་སྐྱོ་བ་ཞིག་ལ། དྲ་ཚིགས་འདི་ད་དུང་བོད་ཡིག་ཐོག་མེད་པ་དང་། བོད་ཡིག་ཕ་སྐད་ལ་བཀོལ་སྤྱོད་བྱེད་མཁན་གྱི་གངས་ཅན་པ་རྣམས་ཀྱིས་རྒྱལ་དབང་་ཁོང་གི་མཛད་པ་དང་གསུང་བཤད་རྣམས་སྐད་ཡིག་གཞན་ལ་བརྟེན་ནས་ཤེས་དགོས་པ་དེས་ཡིད་ལ་ཅུང་མི་བདེ་བའི་འཚོར་བ་ཞིག་ཡོང་བཞིན་འདུག    གུས་མོས་དྲ་རྒྱའི་ཟིན་བྲིས་ཀྱི་ཐོག་ནས་ཕྱི་རྒྱལ་ལ་བཞུགས་མཁན་གྱི་བོད་རིགས་སྤུན་ཟླ་འགའ་ཤས་ལ་དེའི་སྐོར་འདྲི་བ་མང་པོ་དྲིས་ཀྱང་། ཁོང་རྣམས་ཀྱིས་ལན་གསལ་པོ་ཞིག་སྤྲོད་མི་ཐུབ་ལ། ཁོང་རྣམས་ལ་དྲ་རྒྱ་འདི་བོད་ཡིག་ནང་འདོན་དགོས་པའི་བསམ་འཆར་ཞིག་དྲ་ཚིགས་ཐོག་འདོན་ཐུབ་ན་བརྗོད་སྐབས། འོ་དེ་བྱེད་ནུས་པ་མིན་འདུག བསམ་འཆར་དེ་ལྟར་བཏོན་ན།། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་ཟེར་ནས་བོད་མིའི་སྤྱི་ཚོགས་ནང་སྡོད་མི་ཐུབ་པ་བཟོ་བར་བྱེད་ཟེར་ནས་བོད་པ་སུ་ཞིག་གིས་དེའི་སྐོར་ལ་བསམ་འཆར་ཤོད་མི་ནུས།

དེར་བརྟེན་གུས་མོས་དེ་རིང་གྲོགས་པོ་ཞིག་བརྒྱུད་ནས་འདྲི་བ་ཁ་ཤས་ཤིག་ཕྱི་རྒྱལ་ལ་སྤེལ་བའི་དྲ་རྒྱའི་ཐོག་འཇོག་རོགས་ཅེས་ཞུ་བ་མང་པོ་བྱས་ནས་ཁྱེད་རྣམས་ལ་གཤམ་གྱི་འདྲི་བ་དེ་དག་འདོན་བཞིན་ཡོད།     སྐུ་སྒེར་ཡིག་ཚང་ནས་རྒྱལ་དབང་མཆོག་གི་དྲ་ཚིགས་འདི་བོད་ཡིག་ཐོག་མི་སྤེལ་བའི་ཐག་གཅོད་གནང་བ་དེ་གཤམ་གྱི་རྒྱུ་མཚན་གང་ལ་བརྟེན་ཡོད་མེད་ཀྱི་ལན་གསལ་པོ་ཞིག་དྲ་རྒྱའི་ཐོག་གནང་ན། བོད་ཡིག་བཀོལ་སྤྱོད་བྱེད་མཁན་གྱི་ཕྱི་ནང་བོད་མི་ཚང་མར་ཕན་པ་ཆེ་བས། དེ་རྩིས་ཐུགས་རྗེའི་གཟིགས་པས་མི་དོར་བར་ལན་གསལ་པོ་ཞིག་ཡོང་བ་མཁྱེན།     མཁྱེན།     མཁྱེན།

རྒྱུ་མཚན་དང་པོ། བོད་ཡིག་འདི་རྒྱ་ཡིག་དང་ཕྱི་རྒྱལ་གྱི་སྐད་ཡིག་དང་ཚུ་ཚད་མི་སྙོམས་པའི་རྒྱུ་མཚན་དུ་བྱས་ནས་དྲ་རྒྱ་དེ་བོད་ཡིག་ནང་སྤེལ་མེད་པ་རེད་དམ།

རྒྱུ་མཚན་གཉིས་པ། དེང་སང་རྒྱལ་དབང་མཆོག་གི་བཀའ་ཆོས་ལ་ཕེབས་མཁན་གཙོ་བོ་དེ་བོད་ཆོལ་གསུམ་ནང་གནས་པའི་བོད་པ་རྣམས་མིན་སྟབས། བོད་ཡིག་ནང་དྲ་རྒྱ་སྤེལ་དགོས་པའི་རྒྱུ་མཚན་མེད་པ་མཐོང་བ་རེད་དམ།

རྒྱུ་མཚན་གསུམ་པ། རྒྱལ་དབང་མཆོག་ལ་སྦྱིན་བདག་དང་ཞལ་འདེབས་མང་ཤོས་དེ་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ཐེ་ཝན་ནས་འབྱོར་གྱི་ཡོད་སྟབས། བོད་ཡིག་ནང་དྲ་རྒྱ་སྤེལ་བའི་དགོས་པ་མེད་པ་གཟིགས་པ་རེད་དམ།

རྒྱུ་མཚན་བཞི་པ། བོད་འདི་ཀྲུང་གོའི་བཙན་འོག་ལ་གནས་པས།     བོད་པའི་རང་དབང་དང་རིག་གཞུང་ཉིན་རེ་བཞིན་ཉམས་འགྲོ་བཞིན་ཡོད་སྟབས། བོད་ཡིག་ལ་མདུན་ལམ་མེད་པ་གཟིགས་ནས་དྲ་རྒྱ་དེ་བོད་ཡིག་ནང་སྤེལ་མེད་པ་རེད་དམ།

རྒྱུ་མཚན་བཞི་པ། སྐུ་སྒེར་ཡིག་ཚང་ནང་བོད་ཡིག་ཤེས་མཁན་མི་ལྡང་བས་དྲ་རྒྱ་བོད་ཡིག་ཐོག་སྤེལ་མི་ཐུབ་པ་རེད་དམ།

རྒྱུ་མཚན་ལྔ་པ། རྒྱལ་དབང་ཁོང་གིས་དམིགས་བསལ་བཀའ་གནང་ནས། བོད་ཡིག་ནང་དྲ་རྒྱ་སྤེལ་མི་དགོས་པའི་བཀའ་རྒྱ་ཡོད་དམ།

རྒྱུ་མཚན་དྲུག་པ།    ཀྲུང་དབྱང་མཆོག་ནས་བོད་ཡིག་ནང་རྒྱལ་དབང་མཆོག་གི་མཛད་པ་རྣམས་ཁྱབ་བརྡལ་བྱེད་པར་བཀག་འགོག་གནང་སྟབས། བོད་ཡིག་ནང་དྲ་རྒྱ་དེ་སྤེལ་བར་དཀའ་ངལ་འཕྲད་པ་ཡིན་སྲིད་དམ།

གུས་ཕྱག་དུ་མས་རྒྱན་ནས།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་འཛིན་གྲྭའི་སློབ་མ་པད་མིང་པས།

སྤྱི་ལོ་༢༠༠༩ལོའི་ཟླ་བ་༣ཚེས་༢ཉིན་ཕུལ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣
Mobile App

ཧི་མ་ཅལ་གྱི་འཕགས་བོད་ཚོང་ལམ་ཤིབ་ཀི་ལ་བསྐྱར་དུ་སྒོ་ཕྱེས་འདུག

༢༠༢༥/༠༦/༡༢
༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག ༢༠༢༥།༦།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

 ཝེ་ཐི་ནམ་སོགས་ཀྱི་དད་ལྡན་དོན་གཉེར་བ་ ༣༠༠ ལྷག་གིས་མཇལ་བཅར་ཞུས།

༢༠༢༥/༠༦/༡༢
Mobile App

སྐུ་པར་རྙིང་བ་ཞིག

༢༠༢༥/༠༦/༡༢
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མ་ཐོབ་སོང་། ༢༠༢༥།༠༦།༡༡ དུས་བབ་ཀྱི་པར།
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་སླར་ཡང་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐོབ། 

༢༠༢༥/༠༦/༡༢

མཆན། 22

  1. བསེ་རུ། says:
    ལོ་ 16 སྔོན།

    ཕལ་ཆར་ཞེས་པ་
    ཕལ་ཆེར་ལ་བཅོས་རོགས།

    Reply
  2. བསེ་རུ། says:
    ལོ་ 16 སྔོན།

    དྲ་ཐོག་ནས་འདི་ལྟར་རེ་བ་བྱས་པ་བཟང་མོད་ཀྱང་། དྲ་ཐོག་ཏུ་བོད་ཡིག་ཐོག་གནས་ཚུལ་རྒྱུས་ལོན་བྱེད་མཁན་ཕལ་ཆར་བོད་ཡིག་ལ་དགའ་བའི་གཞོན་སྐྱེས་ཚོ་མ་གཏོགས་མེད་པའི་ཚོད་དཔག་བྱས་ཆོག་པ་ཞིག་མིན་ནམ་སྙམ་གྱིན་འདུག་པས། གལ་ཏེ་དུས་ཁོམ་རེ་བྱུང་ན་ཐད་ཀར་རྒྱུ་མཚན་དང་འབྲེལ་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེའི་མཚན་ཐོག་སྙན་ཞུ་ཞིག་འབུལ་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན།

    Reply
  3. tenzin71 says:
    ལོ་ 16 སྔོན།

    དྲ་ཚིགས་ཤིག་བོད་ཡིག་ནང་ཡོད་ན་ཤིན་དུ་ལེགས། དེ་ལྟར་བསྒྲུབ་པར། རོགས་པ་དགོས་ན། བོད་པ་ཉམས་མྱོང་ཡོད་པ་མང་པོ་ཡོད།

    དཔེར་ན། ཁ་བརྡའི་དྲ་ཚིགས་ཀྱི་བཀོད་འདོམས་པ་རབ་གསལ།
    དེ་བཞིན་དུས་བབ་ཀྱི་དྲ་རྒྱའི་བཀོད་འདོམས་པ།
    ད་དུང་། ཨ་ཁུ་སྨོན་ལམ་སོགས་ཀྱིས་ངེས་པར་དུ་རོགས་པ་བྱེད་སྲིད།
    སྐུ་སྒེར་ཡིག་ཚང་ནས་བོད་པ་ལག་ཤེས་དང་ཉམས་མྱོང་ཡོད་པ་རྣམས་བསྡུ་སྐོང་བྱས་ནས་དྲ་ཚིགས་འདི་འདྲ་ཞིག་བཟོས་ན་ལེགས་པོ་རེད།

    ཁ་བྲོ།

    Reply
  4. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    རྒྱ་ཡིག་གི་དྲ་ཚིགས་ཀྱི་བརྙན་འཕྲིན་ཀྱི་སྐོར་དེ་ཡག་པོ་མི་རྒྱུག་པས་དེ་ཡང་ལྟ་བར་དཀའ་ངལ་མེད་པ་ཞིག་ཏུ་བྱེད་རྒྱུའི་རེ་བ་ཡོད། རྒྱ་མི་རིགས་ཀྱིས་གོ་བ་ལེན་དགོས་ན་རྒྱ་ཡིག་གི་དྲ་ཚིགས་ནི་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་བོད་ལ་མཚོན་ན་བོད་ཡིག་གི་དྲ་ཚིགས་ཞིག་དགོས་ངེས་ལགས་པས་བོད་ཡིག་གི་དྲ་ཚིགས་ཤིག་བཀོད་སྒྲིག་བྱེད་པའི་རེ་བ་ནམ་ཡང་ཞུ་ལ། དྲ་ཚིགས་གཉེར་མཁན་གྱིས་འདི་རིག་ཐུབ་པར་སྨོན།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    གོང་གི་
    བོད་ཕྱི་ནང་གི་ཞེས་པ་
    བོད་ཕྱི་ནང་གང་ཞེས་པར་བཅོས་རོགས།

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    གོང་གི་༸གོང་ས་མཆོག་གི་དྲ་ཚིགས་ལས་འཕྲོས་པའི་བསམ་འཆར་རྣམས་ལས་ལ་ལས་ཚིག་གི་མདའ་མོ་འཕེན་བཞིན་ཡོད་སྟབས།
    མདའ་མོ་དེའི་འབེན་ནི་སྐུ་སྒེར་ཡིག་ཚང་ཆགས་ཀྱི་ཡོད།

    གང་ལྟར་གོང་དུ་བཤད་པའི་ཞུ་འཕྲིན་དེ་བོད་ཕྱི་ནང་གི་ནས་བཏང་ཡོད་རུང་མེད་རུང་། ༸གོང་ས་་མཆོག་གི་དྲ་ཚིགས་དེ་བོད་ཡིག་གི་ནང་དགོས་པ་ནི་གལ་འགངས་ཆེ་ལ་བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ལ་ངེས་པར་དུ་དགོས་པའི་དྲ་ངོས་ཤིག་ཡིན་སྟབས། ང་ཚོས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ལ་དེ་དོན་གཞེན་སྐུལ་རེ་ཞུས་ན།
    དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་དག་ཅིག་ཤེས་ངེས་ཡིན་སྟབས།
    དྲ་ངོས་སུ་མུན་ནག་མདའ་འཕེན་བྱེད་མི་དགོས་པ་ཡོང་ངེས།

    Reply
  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྩོམ་ཡིག་འབྲི་མཁན་བོད་ཕྱི་ནང་གང་ནས་ཡིན་ན་ཡིན། དེ་གནད་དོན་མ་རེད། གཙོ་བོ་སྐུ་སྒེར་ཡིག་ཚང་གིས་གནད་དོན་འདི་རིགས་ལ་དོ་སྣང་སྤྲོད་དགོས་བར་མ་ཟད་ལས་ཀྱི་སྣེ་མོ་བ་ཚོས་ལག་ལེན་ལ་འདེབས་དགོས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་རེད།

    Reply
  8. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    无界浏览ཞེས་པའི་དྲ་སྒོ་འབྱེད་པའི་མཉེན་ཆས་དེ་ཡོད་ན་ས་ཆ་གང་ན་ཡོད་ཀྱང་དྲ་སྒོ་ངེས་པར་དུ་འབྱེད་ཐུབ། དེས་ན་བོད་ནང་ནས་དེ་བེད་སྤྱོད་བྱས་ན་དུས་བབ། བང་ཆེན། ཨེ་ཤེ་ཡ་སོགས་ལ་ལྟ་བར་དཀའ་ངལ་གང་ཡང་མི་འདུག

    Reply
  9. གངས་ཅན། says:
    ལོ་ 16 སྔོན།

    གོང་གི་ཞུ་འཕྲིན་འདི་ནི་ དངོས་ནས་གལ་ཆེན་པོ་རེད། སྐུ་ངོ་རྣམ་པས་དགོངས་བཞེས་ཀྱིས་བོད་ཡིག་གི་དྲ་ཚིགས་ཤིག་སྤེལ་དགོས་ངེས་རེད། མི་སྒེར་དེ་འདྲ་ཡི་དྲ་ཚིགས་སྒོ་ཕྱེ་ཐུབ་པ་ཞིག་ལ་སྐུ་སྒེར་ཡིག་ཚང་ནས་ཕྱེ་མ་ཐུབ་པ་ཞིག་གང་ན་ཡོད།

    Reply
  10. གངས་ཅན། says:
    ལོ་ 16 སྔོན།

    བོད་ཕྱི་ཡི་དྲ་ཚིགས་ལ་ལྟ་བྱེད་ཀྱི་མཉེན་ཆས་ཤིག་ཡོད་པ་འདྲ། ཁ་སང་ངས་བོད་ལ་ཁ་པར་གཏོང་སྐབས། བོད་ནང་ནས་སྐྱབས་མགོན་རིན་པོ་ཆེ་ཡི་ལོ་གསར་གྱི་གསུང་འཕྲིན་དེ་ལྟ་ཐུབ་སོང་ཟེར། ད་དུང་སྐྱབས་མགོན་རིན་པོ་ཆེ་ཡི་མཛད་འཕྲིན་ཆ་ཚང་བཤད་རྒྱུ་འདུག དྲ་རྒྱ་དང་བརྙན་འཕྲིན་གང་ཡིན་པ་མ་ཤེས་མོད་ལྟ་ཐུབ་སོང་ཟེར། ངས་ཁོ་ཚོ་ལ་འགྲེལ་བཤད་མ་བྱས་གོང་ཚུར་ནང་དོན་རྣམས་བཤད་ཡོང་གི་འདུག དེར་བལྟས་ན་ང་ཚོ་འདི་ཡི་མི་དེ་ཚོ་དྲིས་ན་མ་གོ་མཁན་དང་མ་ཐོས་མཁན་མང་པོ་འདུག

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཁ་ཤས་ཤིག་གིས་སྐུ་སྒེར་ཡིག་ཚང་གི་སྦྱིན་བདག་དང་ཞལ་འདེབས་མང་ཆེ་བ་དབྱིན་སྐད་རྒྱ་སྐད་བཤད་མཁན་ཡིན་སྟབས་དགོས་མཁོ་དེ་ལ་བརྟེན་པ་མིན་ནམ་ཞེས་པ་དེ་ཧ་ཅང་གི་ཚིག་ཟུར་རྣོན་པོ་ཅན་གྱི་སྐད་ཆ་ཞིག་རེད། སྐུ་སྒེར་ཡིག་ཚང་ལ་དམིགས་ཡུལ་དང་། ལས་ཀ། ཕུགས་བསམ་དེ་ཙ་ལས་མེད་ན་ཐབས་སྡུག་པའི་མཐར་ཐུག་པ་མ་རེད་དམ།
    སྤྱིར་བཏང་སྙན་ཞུ་འདི་པེ་ཅིང་གི་བོད་རིགས་སློབ་མས་བཏང་ཡིན་རུང་མིན་རུང་དོན་སྙིང་ལྗིད་པོ་ཡོད་པའི་སྐད་ཆ་ཞིག་རེད་སྙམ། དེ་དང་དེ་འདྲ་བ་མང་པོ་ཡོད་པ་རེད། བོད་དོན་འཐབ་རྩོད་ཅེས་པ་དེ་ཡང་མི་ཁ་ཤས་ཤིག་གི་ལག་ཆ་ཙམ་ལས་བོད་མི་མང་རང་དང་འབྲེལ་བ་དེ་ཙམ་མེད་པ་ལྟ་བུ་བཟོ་བཞིན་ཡོད་པའི་རྟགས་མཚན་ཧ་ཅང་སྡུག་པོ་ཞིག་རེད། འདི་འདྲ་བའི་ཐད་ལ་སྐྱོན་བརྗོད་རེ་ལས་བྱེད་མ་ཐུབ་ན་ཡང་བྱེད་དགོས་པ་གལ་ཆེན་པོ་རེད་སྙམ།

    Reply
  12. གནས་ཚང་། says:
    ལོ་ 16 སྔོན།

    མ་གཞི་ཟ་ཡའི་འབྱུང་ཁུངས་བོད་ལ་བརྟེན་ཡོད་པ་དང་བསྡད་སའི་གཞི་ས་ཧིན་རྡི་ཡིན་མོད། བོད་ཡིག་དང་ཧིན་ཡིག་མཐོང་གི་ཡོད་པ་མ་རེད། དགོས་ཀྱི་ཡོད་པ་མ་རེད། འདིའི་ཆ་ནས་བཤད་ན། པེ་ཅིན་གཞུང་གི་སྐད་ཆ་ཁ་ཤས་བདེན་པ་ཆགས་ཀྱི་མེད་དམ་སྙམ།

    Reply
  13. གནས་ཚང་། says:
    ལོ་ 16 སྔོན།

    འདི་བརྗོད་གཞི་གསར་པ་ཞིག་མ་རེད། ཉེ་སྔོན་གཡུ་ཞུན་དྲ་བ་ལས་ཀྱང་འདི་ཐད་ཀྱི་གླེང་སློང་མཐོང་བྱུང་། ཡིན་ནའི། འདི་གལ་ཆེན་ནང་གི་སྲོག་ཤིང་ལྟ་བུའི་གནད་དོན་ཞིག་རེད། གུས་པས་བསམ་བློ་བཏང་ན། རྒྱུ་མཚན་གསུམ་པའི་དབང་གིས་ཡིན་སྲིད།

    རྒྱུ་མཚན་གསུམ་པ། རྒྱལ་དབང་མཆོག་ལ་སྦྱིན་བདག་དང་ཞལ་འདེབས་མང་ཤོས་དེ་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ཐེ་ཝན་ནས་འབྱོར་གྱི་ཡོད་སྟབས། བོད་ཡིག་ནང་དྲ་རྒྱ་སྤེལ་བའི་དགོས་པ་མེད་པ་གཟིགས་པ་རེད་དམ།

    Reply
  14. དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    སྐུ་སྒེར་ཡིག་ཚང་དང་རང་གཞུང་ལས་ཁུངས་ཁག་བོད་ཡིག་ལ་དེ་ཙམ་དགའ་པོ་མེད་སྟབས་བོད་ཡིག་ཐོག་དྲྭ་ཚིགས་བཟོ་རྒྱུ་ནི་ཤིན་ཏུ་ཁག་པོ་རེད་བསམ་གྱི་འདུག

    Reply
  15. Choegyal Tenzin says:
    ལོ་ 16 སྔོན།

    zŤ-ºV¼-hï-G-q¼-mÛ-»Ûm-¤Ûm-¾-¤-¿eôÅ-q¼-Ç+Ý-ÇKï¼-»ÛG-±P-GÛÅ-hGôPÅ-GŸÛ-ŸÛG-GmP-hGôÅ-ºhÝG-zŤ

    Reply
  16. དགྲ་འདུལ། says:
    ལོ་ 16 སྔོན།

    དྲ་ཚིགས་ཀློག་ཐུབ་གི་འདུག་ཟེར། ས་ཆ་ཁ་ནས་ཀློག་ཐུབ་གི་མེད་པ་འདྲ། དེ་བཞིན་ Free Gate བརྒྱུད་ནས་ཚང་མས་ཀློག་ཐུབ་གི་ཡོད་ཚུལ་འདུག པད་མིང་ཅན་གྱི་སློབ་མ་ཞིག་ཀྲུང་དབྱང་མི་རིགས་སློབ་གྲྭ་ན་ཡོད་མེད་ནི་ཤེས་སླ་བོ་རེད། ཞུ་འཕྲིན་འདི་ཕྱི་རོལ་གྱི་མི་ཞིག་གིས་བྲིས་ཤིང་མིང་རྒྱ་ནག་གི་འོག་ཏུ་ཡོད་པའི་མི་ཞིག་གི་མིང་བེད་སྤྱོད་བཏང་ཡོད་དུས་དཔེ་བསགས་སོང་ནི་རེད། ལྷག་པར་དུ་སློབ་གྲྭའི་མིང་གསལ་བོར་བཀོད་འདུག་གཱ

    Reply
  17. དགྲ་འདུལ། says:
    ལོ་ 16 སྔོན།

    དྲ་ཚིགས་ཀློག་ཐུབ་གི་འདུག་ཟེར། ས་ཆ་ཁ་ནས་ཀློག་ཐུབ་གི་མེད་པ་འདྲ། དེ་བཞིན་ Free Gate བརྒྱུད་ནས་ཚང་མས་ཀླ

    Reply
  18. གངས་ཕྲུག says:
    ལོ་ 16 སྔོན།

    ཁ་བ་དཀར་པོས་བཤད་པ་དེ་བདེན། པད་མིང་པས་བོད་ནས་བྲིས་ཁུལ་བྱས་ཡིན་པ་ཁོ་ཐག བོད་ནང་ནས་༢་གོང་ས་མཆོག་གི་དྲ་རྒྱ་ཕར་བཞག་ནས་དུས་བབ་ཀྱང་ཁ་ཕྱེ་མི་ཐུབ། ཡིན་ན་ཡང་སྐུ་སྒེར་དྲ་ཚིགས་དེ་བོད་ཡིག་སྟེང་ནས་ཀྱང་ལྟ་ཀློག་ཐུབ་པ་ཞིག་ཡོད་ན་ཅིས་མི་བཟང་།།

    Reply
  19. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གོང་གི་འདི་ནི་བོད་ནང་གི་སློབ་གྲྭ་ཆེན་མོ་བ་ཞིག་གིས་བྲིས་པར་ང་རང་ཡིད་མི་ཆེས། དེ་ནི་དེང་སྐབས་ཀྱི་སློབ་གྲྭ་ཆེན་མོ་བ་ཚོའི་སྤྱི་ནོར་དུ་གྱུར་པའི་ཡིག་ནོར་གྱི་ཕྱོགས་ནས་བརྗོད་པ་མིན། རྒྱ་ནག་གཞུང་གིས་ཕྱི་བོད་དྲ་རྒྱ་མིང་ཤེས་ཚད་ལ་བོད་ནང་ནས་བལྟ་མི་ཐུབ་པ་ཞིག་བཟོས་ཡོད་པ་དང་། ལྷག་པར་དུ་བོད་མིའི་དབུ་ཁྲིད་གོང་ས་མཆོག་གི་སྐུ་སྒེར་དྲ་རྒྱ་དེ་ནི་དྲ་སྒོ་ཕྱེས་པའི་ཉི་མ་དེ་རང་དང་ཆུ་ཚོད་དེ་རང་ལ་བོད་ནང་ནས་བལྟ་མི་ཐུབ་ཞིག་བཟོས་ཡོད་པས། གོང་གི་སློབ་གྲྭ་ཆེན་མོ་བ་དེས་བོད་ནང་ནས་དྲ་རྒྱ་དེ་ཇི་ལྟར་ཀློག་ཐུབ།

    Reply
  20. དུས་༿གསུམ། says:
    ལོ་ 16 སྔོན།

    ཉེ་བའི་བདེ་བ་འདོད་དེ། མདུན་གྱི་ལམ་ལ་གཟིགས་དང་།

    Reply
  21. རྭ་ལོ། says:
    ལོ་ 16 སྔོན།

    བོད་ནང་གི་སློབ་ཆེན་སློབ་མ་ཚོས་ད་གཟོད་ཡིག་ནོར་འབྲི་གིན་ཡོད་པ་རེད། གྲྭ་ཟུར་ཚོ་དང་དགེ་འདུན་པ་ཚོ་མ་རེད་དཱ།

    Reply
  22. རྩེ། ཆུ་མིག says:
    ལོ་ 16 སྔོན།

    བོད་ནང་བཞུགས་པའི་བོད་མི་ཞིག་གི་ངོས་ནས་འདི་འདྲའི་བསམ་འཆར་
    བཏོན་པ་ནི་གནད་དོན་ཆུང་ཆུང་དུ་བརྩི་མི་རུང་། ཡིན་ན་འང་ཡིག་ནོར་མང་བ་ལ་གཞིགས་ན་བོད་ནང་གི་སློབ་ཆེན་སློབ་མ་ཞིག་གིས་བྲིས་པ་ཨེ་ཡིན་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese