མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་བཅར་འདྲི།

བོད་ཀྱི་དུས་བབ།
༢༠༠༩/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ནི་ད་སྐབས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ས་བྷུ་རུ་སེལ་དུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཡིན་ལ། ཕྱི་ཚེས་ ༡༩ ཉིན་འདི་ག་གསར་ཁང་གིས་ཁོང་ལ་ཉེ་ལམ་གྱི་བོད་རྒྱ་གཉིས་བར་གྱི་སྲིད་དོན་འབྲེལ་བའི་འཕེལ་རིམ་དང་རྒྱལ་སྤྱིའི་སྟེང་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་བཅས་ཀྱི་ཐད་བཀའ་འདྲི་ཞུས་པ་གཤམ་དུ་བཀོད་པ་ལྟར་ཡིན།

ཐོག་མར་སྐུ་ངོ་ལགས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་འདྲི་རྒྱུར། ད་ལོ་ནས་བཟུང་ང་ཚོ་བཙན་བྱོལ་དུ་གྱར་ནས་མི་ལོ་ ༥༠ འཁོར་བ་རེད། ཡིན་ཡང་དུས་རབས་ཕྱེད་ཅིག་གི་རྗེས་འདིར་བོད་དོན་གྱི་བདེན་པའི་མཐའ་ནི་མུ་མཐུད་ནས་རབ་རིབ་ཏུ་གྱུར་ནས་ཡོད་པ་རེད། སྐུ་ངོ་ལགས་ནི་ལོ་མང་རིང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་བོད་དོན་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་དུས། ད་སྐབས་བོད་དོན་གྱི་བདེན་པའི་མཐའ་གསལ་རྒྱུར་སྤྱི་ཡོངས་ཀྱི་གཟིགས་ཚུལ་གང་འདྲ་ཞིག་བཟུང་ཡོད་དམ།

ལན། ༧སྤྱི་ནོར་༧གོང་ས་མཆོག་གིས་དུས་རྒྱུན་ནས་བཀའ་གནང་གི་ཡོད་པ་བཞིན། བོད་པའི་རྩ་དོན་ནི་བདེན་པའི་འཐབ་རྩོད་རེད། ངས་ནི་ག་དུས་ཡིན་ནའང་སྔ་ཕྱི་ཙམ་མ་གཏོགས་བདེན་པ་ལ་མཐའ་གསལ་རྒྱུ་ཡོད་པ་རེད་དྲན་བསྡད་ཡོད། བདེན་པ་འདི་གསལ་བོར་འགྲེལ་བཤད་སྐྱོན་ཐུབ་པ་ཡིན་ན་འཛམ་གླིང་སྟེང་བདེན་པ་ལ་རྒྱབ་སྐྱོར་མི་བྱེད་མཁན་ཡོད་པ་མ་རེད། ང་ཚོའི་འཐབ་རྩོད་ཀྱི་ནུས་པ་མཐར་ཐུག་དེའང་བདེན་པར་ཐུག་ཡོད་པ་རེད། རྒྱ་མི་རིགས་ལ་ཆགས་བཞག་ན་ད་ལྟའི་ཆར་ཐབས་རྡུགས་པ་ཞིག་ལ་རྒྱ་ནག་གཞུང་གིས་ཕྱོགས་གཅིག་གི་གནས་ཚུལ་དེ་འཁྱོག་བཤད་དང་། ལྷག་དོན་དུ་༧གོང་ས་མཆོག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་བོད་རྒྱ་གཉིས་ཀར་ཕན་པའི་ཐབས་ཤེས་གནང་གི་ཡོད་པ་རེད་དེ། ད་ལྟ་རྒྱ་ནག་གཞུང་གིས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་པར་བརྟེན་དེང་སང་རྒྱ་མི་མང་པོ་ཞིག་གི་སེམས་ལ་གནས་ཚུལ་ངོ་མ་མ་ཤེས་པར་བརྟེན་ཕན་ཚུན་འགལ་ཟླའི་བསམ་བློ་དེ་ཤུགས་ཆེན་པོ་ཞིག་བསླེབས་བསྡད་འདུག ཡིན་ཡང་། འདས་པའི་ཉམས་མྱོང་ལ་གཞིགས་ན་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་གསལ་བོར་ཤེས་མཁན་མང་པོ་ཞིག་ནི་ཡིད་འཕྲོག་པའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཆགས་བསྡད་ཡོད་པ་རེད། རིམ་པ་བཞིན་གནས་ཚུལ་གསལ་བོར་ཤེས་པ་ཡིན་ན་རྒྱ་ནག་མི་དམངས་ཀྱིས་ཀྱང་རྒྱབ་སྐྱོར་ཏན་ཏན་བྱེད་གི་རེད་བསམ་གྱི་འདུག དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་ད་ཆ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་ཐབས་ལམ་ལ་ཕྱིན་པ་ཡིན་ན་བོད་ཀྱི་གནད་དོན་འདི་སེལ་མི་ཐུབ་པ་ཡོང་གི་མ་རེད་བསམ་གྱི་ཡོད། ངས་ཡིད་ཆེས་བྱེད་ཀྱིན་ཡོད། ཡིད་ཆེས་མེད་ན་ལས་ཀའང་བྱེད་གི་མ་རེད། བོད་གཞུང་གི་རྐུབ་སྟེགས་འདི་སོ་སོ་སྒེར་གྱི་ཁེ་ཕན་སྒྲུབ་ས་མ་རེད། རྩ་དོན་ཞིག་གི་སྒང་ལ་ལས་ཀ་བྱེད་ས་རེད། རྩ་དོན་དེ་ལའང་ཡིད་ཆེས་མེད་ན་དཀའ་ལས་བརྒྱབས་པ་འཕྲོ་བརླག་རེད།

དྲི་བ། ཁ་སང་དེ་རིང་རྒྱ་ནག་གཞུང་གིས་ཡང་བསྐྱར་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དང་ལྷན་དུ་བཀའ་མོལ་གནང་གི་ཡིན་ཚུལ་བཤད་འདུག དེ་བྱས་དུས་བོད་རྒྱ་འབྲེལ་མོལ་འདི་བསྐྱར་དུ་མགོ་འཛུགས་པར་རེ་བ་གནང་དགོས་པ་རེད་དམ།

ལན། རེ་བ་ཡོད་པ་རེད་བསམ་གི་འདུག མ་གཞི་བཀའ་བློན་ཁྲི་པའི་མཚན་ཐོག་ནས་དེ་ལ་ལན་འདེབས་ཤིག་གནང་ཡོད་པ་རེད། སྲིད་བློན་ཝན་ཅ་པའོ་ཁོ་རང་གི་གསུང་སྟངས་ལ་བལྟས་པ་ཡིན་ན་ཏོག་ཙམ་དགོངས་པ་གུ་ཡངས་པོའི་ཐོག་ནས་གསུངས་པའི་བཟོ་འདྲ་ཞིག་འདུག དམིགས་བསལ་གྱི་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་ལྷན་དུ་ཞི་མོལ་གྱི་གྲ་སྒྲིག་ཡོད་གསུངས་དུས་ང་རང་གི་བསམ་ཚུལ་ཡིན་ན་བསྐྱར་དུ་བཀའ་མོལ་གནང་བར་རེ་བ་ཏོག་ཙམ་མེད་འགྲོ་བསམ་གི་ཡོད། ཡིན་ནའང་དཀའ་ངལ་ཞིག་ཡོད་པ་ནི། ལམ་སེང་ཞི་མོལ་གནང་གི་ཡིན་ལབ་ན་ཡོང་ཐུབ་གི་མ་རེད། དེ་ལ་ཚོགས་འདུ་མང་པོ་འཚོགས་ནས་སྐད་ཆ་མང་པོ་བཤད་དགོས་པ་རེད།

དྲི་བ། རྒྱ་ནག་གིས་བོད་འདི་ཕྱི་ཕྱོགས་ལ་སྒོ་གཏན་ནས་ལོ་གཅིག་ལྷག་འགོར་ཡོད་ལ། བོད་ནང་གི་གནས་སྟངས་མུ་མཐུད་ནས་ཛ་དྲག་ངང་གནས་ཡོད་པ་རེད། དེ་བྱས་དུས་ད་རེབ་རྒྱ་ནག་གཞུང་གིས་སྐད་ཆ་བཤད་ལབ་གི་ཡོད་པ་དེ་བོད་རྒྱ་ཞི་མོལ་མ་ཡིན་པར་བོད་ནང་ཞི་འཇགས་ཡོང་ཐབས་ལ་དམིགས་ཡོད་པ་འདྲ་བོ་ཞིག་མ་རེད་དམ།
ལན། རྒྱལ་སྤྱིའི་སྟེང་གི་ཆབ་སྲིད་དཔྱད་ཞིབ་པ་མང་པོ་ཞིག་གིས་ད་རེབ་རྒྱ་ནག་གཞུང་གིས་སྐད་ཆ་བཤད་དགོས་ལབ་པ་དེ་ལྷག་བསམ་རྣམ་དག་གང་ཡང་མ་རེད། བཀའ་མོལ་གནང་གི་ཡོད་པའི་རྣམ་འགྱུར་སྟོན་པ་དང་། བོད་ནང་ཛ་དྲག་གི་གནས་ཚུལ་ཡོད་སྟབས། བོད་ནང་གི་བོད་མི་ཚོར་རེ་བ་སྟོང་བ་འདྲ་བོ་ཞིག་སྤྲད། བཀའ་མོལ་གནང་གི་ཡོད་སྟབས་ང་ཚོའི་དཀའ་ངལ་སེལ་མི་ཡོང་ངམ་སྙམ་པའི་རེ་བ་ཞིག་སྤྲོད་ཀྱི་ཡོད་པ་རེད་ཅེས་བཤད་མཁན་མང་པོ་ཡོད་པ་རེད། ཡིན་ཡང་ང་ཚོས་མཐའ་གཅིག་ཏུ་དེ་རེད་ཅེས་ལབ་ཐུབ་གི་མ་རེད།

དྲི་བ། སྐུ་ངོ་མཆོག་གིས་ད་སྐབས་ཡུ་རོབ་གཞུང་དམངས་མཉམ་དུ་བོད་དོན་གྱི་ཕྱག་ལས་གནང་གི་ཡོད་པ་རེད། སྔོན་མ་ ༢༠༠༡ ལོར་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་ཆོད་བཞག་པ་རེད། གྲོས་ཆོད་དེ་བོད་རྒྱའི་འབྲེལ་བའི་གནས་སྟངས་ལ་གཞིགས་ནས་སྐབས་མཚམས་ཤིག་ནས་གླེང་སློང་མེད་པར་ཆགས་པ་རེད། ད་སྐབས་ཡང་བསྐྱར་སྔོན་གྱི་གྲོས་ཆོད་དེ་འཁྱེར་ཡོང་ཡོད་སྟབས་འདིའི་ཤུགས་རྐྱེན་ཐད་དགོངས་ཚུལ་གང་འདྲ་ཞིག་ཡོད་དམ།

ལན། ང་ཚོས་ཤེས་གསལ་ལྟར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་སྔ་རྗེས་མང་པོ་ཞིག་བཞག་ཡོད་པ་རེད། དེ་བཞིན་ཉེ་ཆར་ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་བསྐྱར་དུ་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་འདིའི་ནང་དུ་དེ་སྔོན་བཞག་པའི་གྲོས་ཆོད་དེ་དག་བསྐྱར་གླེང་བྱས་ནས་དེ་གཞི་ལ་བཞག་སྟེ། ད་རེབ་ཀྱི་གནད་དོན་གཙོ་བོ་དེ་བོད་རྒྱ་ཞི་མོལ་གྱི་ཕྱོགས་ནས་རེད། དེ་ཡང་རྒྱ་ནག་གཞུང་གིས་མིང་དོན་མཚུངས་པའི་རང་སྐྱོང་དེ་གང་འདྲ་ཞིག་གི་ཐོག་ལ་བཀའ་མོལ་གནང་གི་ཡོད་མེད་ཡིག་ཐོག་ལ་འཁྱེར་ཤོག་ཅེས་རེ་བ་བཏོན་པ་ནང་བཞིན་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ལ་༧གོང་ས་མཆོག་དང་སྐུ་ཚབ་ཚོའི་མཚན་ཐོག་ནས་སྒྲོམ་གཞི་གསལ་བོར་ཕུལ་ཡོད་པ་རེད། རྗེས་སོར་རྒྱ་ནག་གཞུང་གིས་དེར་ངོས་ལེན་མེད་ཅེས་གསལ་བསྒྲགས་བྱས་པར་བརྟེན་ང་ཚོའི་ངོས་ནས་ཀྱང་ཡིག་ཐོག་ཕར་གང་ཕུལ་བ་དང་། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ངོ་མ་གང་ཡིན་འཛམ་གླིང་མི་དམངས་ཀྱིས་ཤེས་དགོས་པ་གལ་ཆེར་མཐོང་ནས་བཀྲམས་པ་རེད། ཡུ་རོབ་གྲོས་ཚོགས་དང་ཡུ་རོབ་རྒྱལ་ཁབ་ཚང་མས་ཡིག་ཆ་དེ་གཟིགས་ཡོད་པ་རེད། དེར་བརྟེན་ད་རེབ་ཀྱི་གྲོས་ཆོད་ནི་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཕྱོགས་ནས་ཕུལ་བའི་དགོངས་ཚུལ་དེ་དག་གྲོས་གཞིར་འཛིན་འོས་པ་འདུག རྒྱ་ནག་གཞུང་གི་ངོས་ནས་འདི་ལ་དགོངས་པ་བཞེས་དགོས་ཀྱི་འདུག་ཅེས་ཚིག་ཁ་སྣོན་བརྒྱབས་ནས་གྲོས་ཆོད་བཞག་ཡོད་པ་རེད། ཁྱོན་ཡོངས་ནས་ལྟ་དུས་འདི་ནི་རྒྱབ་སྐྱོར་ཤུགས་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག དེ་བཞིན་རྒྱལ་ཁབ་སོ་སོའི་གྲོས་ཚོགས་ཀྱི་ནང་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པ་རེད། དེ་དག་གིས་ཀྱང་དམིགས་བསལ་གྱི་ཐུགས་ཁུར་བཞེས་ནས་གྲོས་ཚོགས་སོ་སོའི་ནང་ལའང་བོད་དོན་གླེང་སློང་གནང་བ་དང་། གཞུང་ལ་བོད་དོན་ཐོག་བཀའ་འདྲི་གནང་བ་སོགས་རྒྱབ་སྐྱོར་ཆེན་པོ་རེད།

དྲི་བ། འདས་པའི་ལོ་ ༥༠ རིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཡུ་རོབ་བཅས་ནས་བོད་དོན་ཐོག་གྲོས་ཆོད་སྣ་ཚོགས་འཇོག་མྱོང་ཡོད་པ་རེད། ཡིན་ཡང་གྲོས་ཆོད་ཙམ་མ་གཏོགས་ནུས་པ་ཐོན་པ་ཞིག་ད་བར་དུ་ཁག་པོ་ཆགས་ཡོད་པ་རེད། དེ་བྱས་དུས་ཡུ་རོབ་ཀྱི་ངོས་ནས་གྲོས་ཆོད་དེ་དག་ཁ་ཡོད་ལག་ཡོད་དང་དོན་ཐོག་ལ་འབབ་ཐུབ་པའི་རིམ་པ་ཞིག་ལ་ཤུགས་རྒྱག་སྟངས་དེ་གང་འདྲ་ཞིག་ཡིན་ནམ།
ལན། གྲོས་ཆོད་བཞག་པ་དེ་དག་ལ་ནུས་པ་དང་རིན་ཐང་ཞིག་ཡོད་པ་རེད་བསམ་གི་འདུག ཡིན་ནའང་རྒྱ་ནག་གཞུང་ལ་གནོན་ཤུགས་ཐེབས་ནས་བོད་དོན་ཐག་གཅོད་ཡོང་རྒྱུ་དེ་ཁག་པོ་རེད། ད་ལྟ་འཛམ་གླིང་གིས་རྒྱ་ནག་གི་མགོ་ཁྲིད་ཚོར་རྣམ་འགྱུར་གང་འདྲ་ཞིག་སྟོན་གི་ཡོད་པ་རེད་ཅེ་ན། ཁོ་ཚོས་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་དེར་ངོས་ལེན་བྱེད་ཐུབ་གི་མ་ི་འདུག སྲིད་བྱུས་འདི་ལ་དགོངས་པ་ཡག་པོ་བཞེས་དགོས་ཀྱི་འདུག་ཅེས་བཤད་བསྡད་ཡོད་པ་རེད། དེ་བྱས་དུས་རྒྱ་ནག་གཞུང་ཡིན་ནའང་སྔོན་མ་དང་མི་འདྲ་བར་ད་ལྟ་སྟོབས་ཆེན་རྒྱལ་ཁབ་རེད། འཛམ་གླིང་གིས་ཀྱང་རྒྱ་ནག་གལ་ཆེན་པོར་རྩིས་བསྡད་ཡོད་པ་རེད། རྒྱ་ནག་གི་དབུ་ཁྲིས་ཚོས་ཀྱང་འཛམ་གླིང་སྟེང་ནུས་ཤུགས་ལྡན་པའི་ཕྱག་ལས་གནང་བར་འགན་འཁྱེར་བའི་དགོངས་པ་ཡོད་པ་རེད་ལ། ཁོ་ཚོའི་འཐབ་རྩོད་ཀྱང་དེའི་ནང་ཞུགས་ཡོད་པ་རེད། དེ་གནང་བ་ལ་མིའི་ཆ་འཇོག་དགོས་པ་རེད། ཡིད་ཆེས་དགོས་པ་རེད། གུས་བརྩི་དགོས་པ་རེད། དེ་ཡོང་བ་ལ་ཁོ་ཚོས་བོད་ནང་ལ་སྲིད་བྱུས་འཛིན་སྟངས་དང་། རྒྱ་ནག་ནང་གི་རང་དབང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད་ནས་འགྲིག་ཡོད་པ་མ་རེད། འགྲིག་མེད་པ་དེ་འཛམ་གླིང་གིས་གསལ་བོ་བཟོ་ཐུབ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། རྒྱ་ནག་གི་དབུ་ཁྲིད་ཚོར་མཐོང་དང་ཆ་འཇོག་དེ་དག་དགོས་ཀྱི་ཡོད་ན་འགྱུར་བ་གཏོང་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་བྱས་དུས་ཉིན་དང་ཟླ་ཁ་ཤས་ནང་མིན་རུང་གྲོས་ཆོད་དེ་དག་ལ་ནུས་པ་ཏན་ཏན་ཡོད་པ་རེད་བསམ་གི་འདུག

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 2

  1. thupkal says:
    ལོ་ 17 སྔོན།

    t

    Reply
  2. འཁྱམས་པོ། says:
    ལོ་ 17 སྔོན།

    ཡང་སྐྱར་བོད་རེ་པས་ཕོངས་ཞེས་པའི་གཏམ་དཔེ་དེས་མཚོན་དོན་དུ་འདུག་ག
    ཁེ་ཕན་ཡོད་ན་ཕྱི་གླིང་པ་ཚོར་རེ་བ་རྒྱག་ས་ཡོད་ལ་དེ་མེད་ན་ནི་དེ་ག་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese