ང་ཚོས་རྒྱལ་སྤྱིའི་འགྲོ་སྟངས་དང་འཚམས་པའི་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་ཡོད་པ་བཞིན། སྨན་པ་སོ་སོའི་མཚན་གནས་འཕར་ཕྱོགས་དེ་དངོས་ནས་མིང་དོན་མཚུངས་བ་ཞིག་འབྱུང་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གིན་ཡོད། ང་ཚོས་གཞུང་ལུགས་དང་ལག་ལེན་གཞིར་བཞག་སྟེང༌། དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་ཚད་གཞི་འཇོག་སྟངས་དེ་གལ་ཆེན་དུ་མཐོང་སྟེ། སྨན་པའི་ལྷན་ཚོགས་འདི་སྐོང་ཚོགས་བྱས་པ་ཡིན་ཟེར།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང༌། བཞུགས་སྒར་སྨན་རྩིས་ཁང་དུ་ཉིན་གཉིས་རིང་གི་བཙན་བྱོལ་བོད་མིའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༢ པ་དེ་འཚོགས་ཡོད་པ་དང༌། ཚོགས་ཆེན་སྟེང་སྐུ་མགྲོན་གཙོ་བོ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྐུ་ཚབ་དང༌། ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་རྡོ་རྗེ་དབང་ཕྱུགས། དེ་བཞིན་གསོ་རིག་ཆེད་མཁས་པ་ ༢༠ ལྷག་བཅས་འདུ་འཛོམས་ཐོག གསོ་བ་རིག་པའི་སློབ་གཉེར་ཁང་རྣམས་ཀྱི་སྨན་པ་དཀའ་བཅུ་བའི་ཤེས་ཡོན་སློབ་ཚན་དང༌། ཆེས་མཐོའི་སྨན་པའི་ཤེས་ཡོན་གཞུང་ཚད་དང་མཚན་གནས་འཕར་སྟངས། ལག་ཁྱེར་ཕུལ་ཕྱོགས་སོགས་ལ་བགྲོ་གླེང་གོ་བསྡུར་གནང་ཡོད།
སྐབས་དེར་བཙན་བྱོལ་བོད་མིའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་བརྗོད་དོན། བཙན་བྱོལ་བོད་མིའི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་པ་དང༌། སྨན་པ་རམས་འབྱམས་པ་དང༌། སྨན་པ་འབུམ་རམས་པ་སོགས་ཀྱི་སློབ་ཚན་དེ་སྔ་མོ་ནས་ཡོད་པའི་རིག་གཞུང་ཞིག་ཡིན་ལ། སྨན་པའི་ལྷན་ཚོགས་དེའང་བོད་གཞུང་གི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་གཏན་འབེབས་བྱས་པའི་ཚོགས་པ་ཞིག་ཆགས་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ལག་ལེན་དང༌། སྨན་དང་སྨན་སྦྱོར་ཁག་ཚད་ལྡན་ཞིག་བཟོ་ཐབས་བྱ་རྒྱུ་དེ་ཡིན་ལ། ད་ལྟའི་བར་བཙན་བྱོལ་སྤྱི་ཚོགས་ནང་ནུས་པ་གང་ཡོང་བཏོན་སྟེ་ལོ་ངོ་ ༤༠ ལྷག་འགྲོ་བཞིན་ཡོད།
བོད་ཀྱི་གསོ་བ་རིག་པ་འདི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིག་གཞུང་ཡིན་པའི་ཆ་ནས་ང་ཚོས་མཐོང་ཆེན་བྱ་དགོས་ལ། གཞུང་ཚད་དང་ལག་ལེན་ཕྱོགས་ཡོངས་ནས་གལ་ཆེན་དུ་འཛིན་དགོས། ད་ལྟའི་བར་སྨན་པའི་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ཐོག་སྨན་པའི་ཚད་གཞི་ཟིན་བྲིས་སུ་བཀོད་དེ་ཕུལ་ཡོད། དེ་དག་སྨན་པའི་ལྷན་ཚོགས་རང་ངོས་ནས་གཏན་འབེབས་བྱས་པ་མ་ཡིན་པར། གསོ་རིག་གཞུང་ལུགས་གཞིར་བཞག་སྟེ་ཕྱི་ནང་མཁས་དབང་མང་པོའི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཟིན་བྲིས་སུ་བཀོད་པ་ཡིན། ད་ལྟ་ཆར་སྨན་པ་དཀའ་བཅུ་བ་ཙམ་དུ་མ་ཟད་སྨན་རམས་པ་དང༌། འབུམ་རམས་པའི་གནས་ཚད་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཡོད། སྨན་པ་སོ་སོའི་མཚན་གནས་འཕར་སྟངས་དེ་དངོས་ནས་མིང་དོན་མཚུངས་བ་ཞིག་འབྱུང་རྒྱུ་ཧ་ཅང་གལ་ཆེན་ཡིན་ལ། ང་ཚོས་གཞུང་ལུགས་དང་ལག་ལེན་གཞིར་བཞག་དེང་དུས་ཀྱི་འགྲོ་ལུགས་དང་མཐུན་པའི་ཚད་གཞི་འཇོག་སྟངས་དེ་གལ་ཆེན་དུ་མཐོང་སྟེ། སྨན་པའི་ལྷན་ཚོགས་འདི་སྐོང་ཚོགས་གནང་བ་ཡིན། ཞེས་བརྗོད་བྱུང༌།
ཞིབ་འཇུག་སློབ་མ་ཡིན་ན་master degrees་ཡིན་ལ་phdསློབ་དཔོན་ཆེན་མོ་དང་འབུམ་རམས་པ་Doctor་མ་རེད་དམ།
དགོངས་པ་མ་འཚོམས། དྲ་ངོས་སུ་གཏོང་སྟངས་མ་འགྲིག་པས་ཐེངས་ཁ་ཤས་ཆགས་འདུག དངོས་ནས་ཀློག་མཁན་ཚོ་དགོངས་པ་མ་འཚོམས་ལགས་ཞུ།
ངས་གོ་ཐོས་ལྟར་ན་འབུམ་རམས་པ་ཞེས་པའི་ཐ་སྙད་འདི་སྨན་པའི་ཕྱོགས་ནས་ཐོན་པའི་ལག་འཁྱེར་ཞིག་ཏུ་འདོད། འོན་ཀྱང་དེང་བོད་ཕྱི་ནང་གཉིས་ཀར་Ph.d ལ་གོ་གི་འདུག འདི་ལའང་ཞིབ་ཚགས་པས་ཞིབ་འཇུག་ཅིག་བྱ་ཐུབ་ན་བཟང༌། ཨ་ཁུ་ལྷ་ཆབ་སོགས་ལ་ཐོག་མར་M.A.གྱི་ལག་འཁྱེར་སྤྲད་རྩིས་བྱས་པ་རེད། ད་དུང་ཁོ་ཚོའི་ངོ་སྤྲོད་འཛིན་ཡིག་(IDENTITY CARD)སྟེང་དུ་ཞིབ་འཇུག་སློབ་མ་སྟེ།(Reserarch student.)འདི་བྲིས་ཡོད་པ་དང༌། ཡིན་ནའང་ཕྱིས་སུ་གོ་ཐོས་ལྟར་ན་ངོ་སྤྲོད་ཡི་གེ་ཞིག་ལས་ལག་འཁྱེར་ཟེར་བ་ཞིག་སྤྲད་མི་འདུག་ལ། དེ་ཡང་མི་གཅིག་ལ་མ་གཏོགས་སྤྲདམི་འདུག སྤྱིར་ཡིན་ན་ཞིབ་འཇུག་སློབ་མ་སློབ་ཐོན་བྱས་རྗེས་ཞིབ་འཇུག་པ་(Researcher.)ཆགས་དགོས་མོད། དེ་ལས་ལྡོག་སྟེ་ཐ་ན་དེ་དང་འབྲེལ་བ་དང་མ་འབྲེལ་ལས་ཀ་ཙམ་ཡང་སྤྲད་ཐུབ་མེད་པར། སློབ་དུས་ལོ་གསུམ་པོ་རྫོགས་རྗེས་སློབ་མཇུག་གི་གྲུབ་འབྲས་ཡོད་མེད་དང༌། གྲུབ་འབྲས་ལ་བལྟོས་ཏེ་ལག་འཁྱེར་ཡོད་མེད་ཅི་ཡང་མེད་པར་སློབ་མ་དང་འབྲེལ་ཡོད་འཛིན་སྐྱོང་དབར་ལ་འབྲེལ་བ་གང་ཡང་མེད་པ་ཆགས་འདུག འདི་ནི་དངོས་རེད། སློབ་མའི་ལག་ནས་སློབ་ཡོན་ཕྱིར་བསྡུ་བྱེད་ཀི་ཡོད་མིན་མ་ཤེས། འོན་ཀྱང་སློབ་མ་གསར་བསྡུ་བྱ་རྒྱུ་མཚམས་བཞག་པ་བདེན་པ་རེད།
Researcher.)ཞགས་དགོས་མོད།ཅེས་པ་Researcher ཆགས་དགོས་མོད།ཅེས་པར་ནོར་བཅོས་ཡོང་བ་ཞུ།
སྔོན་ཆད་བོད་ནས་གསར་དུ་ཡོང་མཁན་ཚོས་འདིར་ཡིག་རྒྱུགས་གཏོང་སའི་ས་མིག་ཁ་ཤས་ཡོད་པ་རེད། འོན་ཀྱང་ལོ་འགའི་སྔོན་ནས་དེ་མེད་པར་བྱས་འདུག་པས་མ་ཚད་ད་ལྟ་ཡིག་རྒྱུགས་གཏོང་མཁན་ཚོའི་ལག་ནས་སློབ་ཡོན་ཡང་ལེན་གྱི་འདུག
བོད་ནས་ཡོང་མཁན་ཚོར་སྔོན་ཆད་བཞིན་གོ་སྐབས་ཤིག་སྤྲོད་རྒྱུ་དང་སློབ་ཡོན་མེད་པར་བྱེད་རྒྱུའི་རེ་བ་འདོན་རྒྱུ་ཡིན།
ཨ་རོ་འབུམ་རམས་པ་ཞེས་པ་ནི་དེ་ནི་དབྱིན་སྐད་དུ་Ph. D ཞེས་པ་དང་རྒྱ་སྐད་དུ་པོ་ཧྲི་ཞེས་པ་དེ་དེ་རེད་མ་གཏོགས་ཧྲོ་ཧྲི་དང་ཞོ་ཧྲི་སོགས་ཏེ་M.A.ལྟ་བུ་མ་རེད་ཡ། ཁྱོད་ཀྱི་ཟིན་བྲིས་ནང་དུ་དེའི་སྐོར་ཞིག་གང་ལ་ཡོད། ཁྱོད་ཀྱིས་རིག་གཅིག་བྱས་པའི་ལག་ཁྱེར་དེ་ཨེམ་ཨེ་ལྟ་བུ་ཞིག་མ་ཡིན་ནམ། འབུམ་རམས་པའི་ལག་ཁྱེར་དེ་ནི་དེང་རབས་སློབ་སྦྱོང་གི་ཕྱོགས་སུ་ལག་ཁྱེར་ཞིག་གི་ནང་ནས་ཡོད་ན་མེད་ན་དེ་རེད་ཡ།
ཨོ་ན་གངས་སྐྱིད་ན་རྩོམ་རིག་འབུམ་རམས་སློབ་མའི་ཆེད་སྦྱོང་གི་དགེ་རྒན་བྱེད་ཐུབ་པའི་རྩོམ་པ་པོ་སུ་ཞིག་ཡོད་དམ། རེ་ཟུང་ཞིག་ངོ་སྤྲོད་གནངས་དང་།
ཁ་བ་དཀར་བོ་ལགས། ཁྱོད་ལ་རྩོམ་རིག་གི་འབུམ་རམས་པའི་ཕྱག་ཁྱེར་ཞིག་མཁོ་ཡོད་ན། གངས་སྐྱིད་སྐྱིད་གཤོངས་ལ་ཤོག་དང༌། ལོ་རེ་བཞིན་རིགས་གཅིག་རྐང་འཛིན་པའི་སློབ་མ་བསྡུ་བཞིན་ཡོད་ལ། ཉིད་ཀྱིས་རྩོམ་རིག་གི་སྐོར་ནས་ཡིག་ཚད་ཐོངས་དང་འགྲིག་གི་རེད། ལོ་གསུམ་གྱི་རྗེས་ནས་འབུམ་རམས་པའི་ལག་ཁྱེར་སྤྲོད་ཀྱི་འདུག འདིའི་སྐོར་ངས་ངའི་ཟིན་བྲིས་ནང་གསལ་བོར་བཀོད་ཡོད། ཉིད་ཀྱིས་དེར་གཟིགས་ཀྱང་འཐུས།
ད་དུང་ཁྱེད་ཀྱིས་སྡོམ་པ་གསུམ་སོགས་ཀྱི་སྐོར་གང་མང་ཞིག་བྲིས་ཡོད་པས་ང་ལའང་ཕན་ཐོག་ཆེན་པོ་བྱུང༌། དངོས་ནས་ཐུགས་ཆེ་ཞུ། རྗེས་ཕྱོགས་ཁོམ་པ་རེ་ཡོད་དུས་མུ་མཐུད་ནས་ཟིན་བྲིས་སྤེལ་རྒྱུ་མཁྱེན།
ཨ་ཁུ་ཁ་བ་ལགས། ལྷ་ཆབ་སྦྱིན་པ་ཁྱེད་གཉིས་ཀྱི་ཤགས་འགྱེལ་ལ་བལྟས་ན་ཁྱོད་རང་གྲྭ་བ་ཞིག་ཡིན་འདྲ། དེས་ན་ངས་རེ་བར་ཐོག་མར་ཉིད་ཀྱིས་དགེ་བཤེས་ལྷ་རམས་དང་སྔགས་རམས་པའི་དམ་བཅའ་འཇོག་རྒྱུ་སྐབས་བབ་ཀྱི་དོན་ཆེན་ཞིག་རེད་སྙམ། འདི་རེ་བ་ཙམ་ཡིན། གཞན་དེང་སྐབས་གདན་སའི་གྲྭ་བའི་ནང་དུ་ཕོ་མོའི་བརྩེ་དུང་སྐོར་གྱི་རྩོམ་ཡིག་འབྲི་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། མངོན་སུམ་འཛེམ་མེད་དུ་བུད་མེད་ཚོར་བསྟོད་པ་དང་། ཁྱོད་དང་ལྷན་དུ་ཞགས་གཅིག་བསྡད་རྗེས་ཤི་ཡང་མི་འགྱོད་པ་ལྟ་བུའི་སྐད་ཆའང་ལན་གཅིག་མིན་པར་བྲིས་དང་འབྲི་བཞིན་པར། སྐུ་ཉིད་སྤྱི་ཚོགས་དེའི་ནང་དུ་བཞུགས་ཡོད་པས་སྤྱིར་བོད་པའི་ཡ་རབས་སྤྱོད་བཟང་དང༌། སྒོས་སུ་དེང་སྐབས་གྲྭ་བའི་ཕྱིའི་སྤྱོད་པ་དང་ནང་གི་འདུལ་ཁྲིམས་སྐོར་ལ་དངོས་ཡོིད་ཉམས་མྱོང་གི་ཚིག་འགའ་རེ་འབྲི་ཐུབ་ན་ཧ་ཅང་ཕན་ཐོག་ཆེ་བར་འདོད།
གལ་སྲིད་རྩོམ་རིག་འབུམ་རམས་པའི་དམ་བཅའ་རེ་འཇོག་སའི་གོ་སྐབས་ཤིག་བསྐྲུན་ཐུབ་ན་ངས་ངོ་མ་དམ་བཅའ་ཞིག་འཇོག་འདོད།
བོད་དང་རྒྱ་ནག་ནས་འབུམ་རམས་པ་གང་མང་ཞིག་ཐོན་དང་འཐོན་བཞིན་པས། ང་ཚོས་ཀྱང་འབུམ་རམས་པའི་ཐོབ་ཐང་སྤྲོད་དགོས་སར་སྤྲོད་རྐྱང་གནང་རོགས། འདི་ལ་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཤིག་ཀྱང་འདུག