མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་བོད་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་ཕོ་མོ་གཉིས་ཀྱི་ནུས་པ་གཅིག་མཚུངས་རེད་དམ་ཟེར་ན་མ་རེད། ཕོ་མོ་གཉིས་ལ་ཁྱད་པར་མང་པོ་ཞིག་ཡོད་པ་ངོས་ལེན་བྱེད་ཀྱིན་ཡོད། འོན་ཀྱང། སྤྱི་ཚོགས་ཀྱིས་བཟོས་བཞག་པའི་ཁྱད་པར་དང༌། ལམ་ལུགས་ཀྱིས་བཟོས་བཞག་པའི་ཁྱད་པར། ལྟ་བ་ཡིས་བཟོས་བཞག་པའི་ཁྱད་པར་མང་དག་ཅིག་ཡོད། དེ་དག་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་ལ། འགྱུར་བ་གཏོང་ཐུབ་པ་ཞིག་ཀྱང་རེད་བསམ་ཡོད་ཟེར།

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཉིན་ལྔའི་རིང་གི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༩ དེ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་ཡོད་པ་དང༌། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རུ་སྒྲོལ་མ་དང་བཀའ་ཟུར་རིན་ཆེན་མཁའ་མགྲོ། དེ་མིན་གྱི་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག མཛད་སྒོ་དབུ་འཛུགས་སྐབས་སྐུ་མགྲོན་གཙོ་བོ་རྣམ་པས་བུད་མེད་ལྷན་ཚོགས་ཀྱིས་འདོན་སྤེལ་བྱས་པའི་དཔེ་དེབ་དང་འོད་སྡེར་ཁག་ཅིག་དབུ་འབྱེད་དང། སྒྲོལ་མ་དུས་དེབ་སྟེང་གི་རྩོམ་ཡིག་ལེགས་ཐོན་ལ་བྱ་དགའ། དེ་བཞིན་ ༢༠༠༦ ནས་ད་བར་ལས་འགུལ་ཤུགས་ཆེས་སྤེལ་བའི་ས་གནས་ཁག་ཅིག་ལ་བྱ་དགའ་གསོལ་རས་བཅས་བསྩལ་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༩ སྟེང་གི་གྲོས་གཞི་གལ་ཆེན་ཁག་ནི། དབུས་དང་ས་གནས་ཁག་གི་ལས་སྡོམ་རྩིས་ཁྲ་སྙན་སྒྲོན་དང་འགན་འཛིན་ལྷན་ཚོགས་ཐེངས་དགུ་བའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ། རྩ་དོན་སྒྲུབ་ཕྱོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན། དེ་བཞིན། སྐབས་དགུ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱན་ལས་གསར་འདེམས་བྱ་ཕྱོགས་བཅས་ཡིན་འདུག

 

སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས་ད་བར་གྱི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་ཁག་ཅིག་ངོ་སྤྲོད་གནང་དོན། ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དམངས་གཙོའི་འགྲོ་ལུགས་ཚད་དང་ལྡན་པ་ལག་ལེན་འཁེལ་བའི་ཐོག ལོ་ལྟར་མང་མོས་ཐོག་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆད་དུ་གང་ཞིག་གནང་དགོས་ཀྱང། གྲོས་བསྡུར་ལྷུག་པོ་གནང་སྟེ་གྲོས་ཆོད་བཞག་ཅིང། གྲོས་ཆོད་དེའང་ལག་ལེན་དུ་འཁེལ་ཐུབ་པ་བྱེད་ཀྱིན་ཡོད། ལྷག་པར་དུ་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་གང་ཐུབ་ཅི་ཐུབ་ཀྱིས་ཆ་ཤས་ལེན་གྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཁག་གི་ཚོགས་འདུ་ཁ་ཤས་ལ་བཅར་ཏེ། བོད་ཀྱི་བུད་མེད་དང་བོད་ནང་གི་གནས་སྟངས། བོད་མི་མང་པོ་རྒྱ་གཞུང་གི་སྡུག་སྦྱོང་མནར་གཅོད་འོག་རྐྱེན་ལམ་དུ་འགྲོ་བཞིན་ཡོད་པ་སོགས་ངོ་སྤྲོད་བྱས་ཡོད། འདི་དག་དབུས་རྒྱུན་ལས་གཅིག་པུ་མ་ཡིན་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཚང་མས་ཧུར་བརྩོན་བྱས་པའི་གྲུབ་འབྲས་རེད།

 

དེ་བཞིན། བོད་ཀྱི་བུད་མེད་ལྷན་ཚོགས་ནི་བུད་མེད་ཀྱི་ཚོགས་པ་ཞིག་ཡིན་སྟབས། བཙན་བྱོལ་ནང་གི་བུད་མེད་ཚོའི་ནུས་པ་གོང་མཐོར་གཏོང་རྒྱུ་དང། ཕན་ཚུན་ལ་རྒྱབ་སྐྱོར་ཞུ་རྒྱུ་བཅས་ལ་༢༠༠༤ ནས་གཞི་རུམ་སློབ་གྲྭ་དང་མཐོ་སློབ། བཙུན་མ་བཅས་ལ་ཟབ་སྦྱོང་སྤྲད་དེ་མ་འོངས་པར་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འགན་འཁྱེར་དགོས་པའི་ལམ་སྟོན་བྱེད་ཀྱིན་ཡོད། ཟབ་སྦྱོང་དེ་དག་མུ་མཐུད་རྒྱུན་འཁྱོངས་བྱ་འཆར་ཡོད། ༢༠༠༧ ནས་ང་ཚོས་མཐོ་སློབ་ཁག་ཏུ་ཕོ་མོའི་ཁྱད་ཆོས་ཟེར་བའི་ཟབ་སྦྱོང་ཞིག་མགོ་འཛུགས་བྱས་པ་ཡིན། འོན་ཀྱང། སྤྱི་ཚོགས་ནང་གི་མི་མང་པོའི་བསམ་བློའི་ནང༌། ནུབ་ཕྱོགས་ཀྱི་ལྟ་གྲུབ། བུད་མེད་ཀྱི་ཐོབ་ཐང་ཟེར་བའི་གོམས་གཤིས་སྡུག་ཅག་ཅིག་བོད་པའི་སྤྱི་ཚོགས་ནང་འཁྱེར་ཡོང་གིན་འདུག་བསམས་ཀྱིན་ཡོད། དེ་འདྲ་རྩ་བ་ནས་མ་རེད། སྤྱིར་ཕོ་མོ་གཉིས་ཀྱི་ནུས་པ་གཅིག་མཚུངས་རེད་དམ་ཟེར་ན་མ་རེད། ཕོ་མོ་གཉིས་ལ་ཁྱད་པར་མང་པོ་ཞིག་ཡོད་པ་ངོས་ལེན་བྱེད་ཀྱིན་ཡོད། འོན་ཀྱང། སྤྱི་ཚོགས་ཀྱིས་བཟོས་བཞག་པའི་ཁྱད་པར་དང༌། ལམ་ལུགས་ཀྱིས་བཟོས་བཞག་པའི་ཁྱད་པར། ལྟ་བ་ཡིས་བཟོས་བཞག་པའི་ཁྱད་པར་མང་དག་ཅིག་ཡོད། དེ་དག་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་ལ། འགྱུར་བ་གཏོང་ཐུབ་པ་ཞིག་ཀྱང་རེད་བསམ་ཡོད། ཅེས་གསུངས་སོང།

 

དེ་རྗེས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ནས་བཀའ་སློབ་གནང་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང་ཐད་ལས་དོན་གལ་ཆེན་ བསྒྲུབ་ཐུབ་ཡོད་ན་སྤོབས་པ་བྱེད་ཆོག་པ་ཞིག་ཆགས་ཡོད། ད་ལྟའི་དུས་ཚོས་འདིར་ང་ཚོ་ལྷོད་ལྷོད་བྱས་ཏེ། ཚང་མ་འགྲིག་ཡོད་སྙམ་སྟེ་འདུག་ཚད་རྩ་བ་ནས་མ་རེད། སྤྱི་ཚོགས་ནང་གང་ཞིག་འགྲིག་མེད་ན་དེ་ལ་ང་སྒེར་ངོས་ནས་ནུས་པ་ག་རེ་འདོན་ཐུབ་ཀྱིན་འདུག དེ་ལ་བསམ་བློ་གཏོང་བའི་དུས་ཚོད་རེད། དེར་བརྟེན། འདིར་ཕེབས་པའི་བུད་མེད་ཡོངས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དཀའ་ལས་རྒྱག་རྒྱུའི་དུས་ཚོད་རེད་ལ། ལྷག་པར་དུ་ཆིག་སྒྲིལ་གྱི་དོན་དུ་ག་རེ་གནང་དགོས་ཀྱིན་འདུག་དེ་ལ་བསམ་བློ་གཏོང་དགོས། ཆིག་སྒྲིལ་དེ་བོད་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཆགས་ཡོད། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དགོས་ལ། ལྷག་པར་དུ་གཞོན་སྐྱེས་ཚོས་རིགས་གཅིག་རྐང་འཛིན་ཐོག་སློབ་སྦྱོང་གནང་དགོས། དེ་དང་མཉམ་དུ་ཡ་རབ་བཟང་སྤྱོད་དུས་ནམ་ཡང་འདོར་མི་རུང། ཅེས་གསུངས་སོང།

 

མཇུག་མཐར་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྔར་ལོའི་བོད་ནང་གི་ཛ་དྲག་སྐབས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གདོང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བར་བསྔགས་བརྗོད་དང་སྦྲགས། ད་དུང་བོད་ནང་ཛ་དྲག་གི་གནས་སྟངས་བསྡད་ཡོད་སྟབས། མུ་མཐུད་རིག་པ་བསྒྲིམས་ཏེ་ལས་དོན་འབད་སྒྲུབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང།

 

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese