ཟླ་སྔོན་མའི་ནང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྒོ་ཕྱེ་རྗེས་ཀྱི་ཡུལ་སྐོར་བ་ཐོག་མ་དེ་ཕྱི་ཚེས་ ༥ ཉིན་ལྷ་སར་བསླེབས་འདུག
ཞིན་ཧྭ་གསར་ཁང་གིས་སྤེལ་བ་ལྟར་ན། ཕྱི་ཚེས་ ༥ ཉིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྐོར་ཚོགས་ ༢༥ བོད་རང་སྐྱོངས་ལྗོངས་ལ་འབྱོར་ཡོད་པ་དང་། བོད་རང་སྐཡོང་ལྗོངས་ཡུལ་སྐོར་ལྗོངས་རྒྱུའི་ལས་ཁུངས་ཀྱིས་བཤད་པ་ལྟར་ན། ཟླ་འདིའི་ཚེས་ ༢༠ བར་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་གྲངས་ ༥༠༠ ལྷག་སྐོར་ཚོགས་ ༢༠༠ རུ་བགོས་ནས་བོད་རང་སྐྱོང་ལྗོངས་སུ་ཡོང་རྒྱུ་ཡིན་འདུག ཡུལ་སྐོར་བ་འདི་དག་ནི་ ཨ་རི་དང་ཁེ་ན་ཌ། ཧྥ་རན་སི། ཉི་ཧོང་། ཨི་ཊ་ལི། ཌན་མེག ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་འདྲ་མིན་ནས་ཡིན་འདུག
ཕྱི་ཚེས་ ༥ ཉིན་ཕོ་བྲང་པོ་ཏ་ལའི་མདུན་དུ་ཡུལ་སྐོར་བའི་གྲལ་བསྟར་རིང་པོ་ཞིག་སྒྲིག་ཡོད་ཅིང་། ཡུལ་སྐོར་བ་མང་པོ་ཞིག་ནི་གང་སར་པར་རྒྱག་པར་བྲེལ་བ་ལངས་ནས་འདུག་ཟེར།
ཡུལ་སྐོར་བ་འདི་དག་ནི་ནང་ནས་ཐོག་དང་པོར་ལྷ་སར་བསླེབས་པ་ནི་ཕྱི་ཚེས་ ༤ དགོང་མོ་འབྱོར་བའི་འཇར་མན་གྱི་ཡུལ་སྐོར་བ་མི་གྲངས་ ༡༡ ཡོད་པ་དག་ཡིན་ཅིང་། ཁོང་ཚོས་ཉིན་དྲུག་གི་རིང་པོ་ཏ་ལ་དང་ཇོ་ཁང་། ནོར་བུ་གླིང་ག་བཅས་ལ་ལྟ་སྐོར་བྱས་རྗེས། ཇོ་མོ་གླང་མར་གནས་གཟིགས་ལ་འགྲོ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གིས་ཡུལ་སྐོར་བ་རྣམས་སྐོར་ཚོགས་རེ་བྱས་ནས་བོད་དུ་འཁྲིད་པ་མ་གཏོགས། མི་རེ་རེ་རང་དབང་གི་སྒོ་ནས་ཡུལ་སྐོར་བྱེད་དུ་འཇུག་གི་མེད་ལ། ལྷག་པར་དུ། གདན་ས་གསུམ་གྱི་ནང་དུ་ཡུལ་སྐོར་བ་རྣམས་འགྲོ་འཇུག་གི་ཡོད་མེད་ད་དུང་གསལ་ཁ་བཏོད་མི་འདུག
གོང་གི་པར་འདི་ནི་འཇར་མན་གྱི་ཡུལ་སྐོར་བ་རྣམས་རེད།