མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་རྩི་མཐོ་བའི་ནད། High Cholesterol

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གསོ་རིག གསར་འཕྲིན།  སྤྱི་ལོ་ ༢༠༠༨ དགུན་ཁ།། འདོན་ཐེངས་ལས་བཤུས།

ཅི་ཞིག་ལ་ཁྲག་རྩི་མཐོ་བའི་ནད་ཟེར།
ཁྲག་རྩི་་མཐོ་བའི་ནད་ནི་ཁྲག་གི་ནང་ཡོད་པའི་རྩིའམ་ཞག་ཚིལ་དེ་རང་གི་ཚད་གཞི་ལས་ཇེ་མཐོའམ་ཇེ་གར་དུ་ཕྱིན་པ་ལ་ཟེར། ཞག་རྩི་འདི་ཉིད་སྣུམ་ཚིལ་མདོག་དཀར་པོ་ལ་ཆ་ལྟ་བུའི་རྒྱུ་ཆ་ཞིག་ཡིན་ལ་མཆིན་པ་ཡིས་ཕྲ་ཕུང་སེལ་དང་ཧོར་མོན། མཁྲིས་ཁུ་བཅས་ཚད་གཞི་ལྟར་ཉར་སྲུང་བྱེད་ཆེད་མཁོ་འདོན་བྱེད་ཀྱི་ཡོད། ཁྲག་རྩི་མཐོ་རུ་སོང་བས་སྙིང་དང་ཁྲག་རྩའི་ནད་གཞི་ཡོང་བའི་ཉེན་ཁ་ཆེ་རུ་འགྲོ་ཁྲག་རྩི་ལ་རིགས་གཉིས་ཡོད་པ་ལས། གཅིག་ལ་LDL (low-density lipoprotein) ཟེར་ཞིང་འདི་མཐོ་བོ་ཕྱིན་པས་ཁྲག་གར་རུ་སོང་སྟེ་ཁྲག་རྩའི་ནང་ངོས་ལ་ཞག་ཚི་ཆགས་ནས་རྩ་ལམ་དོག་ཏུ་གཏོང་ཞིང་ཁྲག་རྒྱུ་བར་གནོད་སྐྱོན་བཟོ་བ་ཡིན་པས། འདི་ལ་ཁྲག་རྩི་ངན་པ་ཞེས་ཟེར། གཞན་དེ་ལ་ HDL (high-density lipoprotein) ཟེར་ཞིང་འདི་མཐོ་རུ་སོང་བས་ཁྲག་སླ་རུ་གཏོང་ཞིང་རྩ་ལམ་བསྲང་སྟེ་ཁྲག་རྒྱུ་བའི་གྲོགས་བྱེད་པ་ཡིན་པས། འདི་ལ་ཁྲག་རྩི་ཡག་པོ་ཞེས་ཟེར། ཁྲག་རྩི་ཇི་ཙམ་མཐོ་བ་དེ་ཙམ་གྱིས་སྙིང་གི་ནད་གཞི་དང་སྙིང་གཟེར་ནད་(heart attack)འབྱུང་སླ་ཞིང༌། ཨ་རིའི་ཡུལ་དུ་ཕོ་མོ་གཉིས་ཀའི་སྲོག་གཅོད་མཁན་གྱི་ན་ཚ་གཙོ་བོ་དེ་སྙིང་ནད་ཆགས་ཡོད་ལ། ལོ་རེར་མི་གྲངས་ས་ཡ་གཅིག་ལྷགསྙིང་གཟེར་ནད་དང་ས་ཡ་ཕྱེད་ཙམ་སྙིང་ནད་གཞན་གྱི་རྐྱེན་གྱིས་འཆི་ལམ་དུ་འགྲོ་ཡི་ཡོད། མི་སུ་ཞིག་ལ་འབྱུང་ངམ། ཕོ་མོ་དར་མ་ཁྱད་མེད་ལ་འབྱུང༌། ཡིན་ནའང་ཕོ་ལ་འབྱུང་བ་མང། དེང་དུས་བོད་མི་རྣམས་ཡུལ་ལུང་མང་པོ་ཞིག་ཏུ་གནས་སྡོད་བྱེད་ཅིང་ཡུལ་ལུང་དེ་དག་གི་བཟའ་བཏུང་འགྲོ་ལུགས་ཀྱི་རྐྱེན་པས་བོད་མི་ལོ་ན་ཡར་སོན་ཅན་མང་པོ་ཞིག་ལ་ནད་གཞི་འདི་བྱུང་དང་འབྱུང་མུས་ཡིན།

འབྱུང་རྐྱེན། བཟའ་ཆས་དང་མི་རྒྱུད། ནད་རིགས་གཞན་པས་ནད་གཞི་འདི་སློང་གི་ཡོད། ལྷག་པར་དུ་སྣུམ་དང་ཞག་ཚིལ་ཟ་ཆེས་པ། ཐ་མག་འཐེན་པ། ཆང་རག་ཚད་མེད་འཐུང་བ།ལུས་ ཤ་རྒྱགས་དྲགས་པ། ལུས་པོའི་འགུལ་སྐྱོད་ཉུང་དྲགས་པ། སེམས་སྡུག་བྱེེད་མང་བ། ཁྲག་མངར་གཅིན་སྙིའི་ནད། ཁྲག་ཤེད་མཐོ་བོའི་ནད། མི་རྒྱུད་སྙིང་ནད་ཡོད་རིགས་ལ་འབྱུང་སླ།

ནད་རྟགས། ཁྲག་རྩི་མཐོ་བའི་ནད་གཞི་འདི་ལ་ནད་རྟགས་ཅི་ཡང་མེད། ནད་གཞི་འདི་ཡོད་མེད་གཙོ་བོ་ཁྲག་བརྟག་བྱས་ནས་ཤེས་ཐུབ།ནད་རིགས་གཞན་སློོང་ངམ། ནད་གཞི་འདི་ཡོད་པས་ཁྲག་རྩ་མཁྲེགས་འགྱུར་གྱི་ནད་དང་སྙིང་གཟེར་ནད། རྩ་གྲིབ་བརྒྱལ་གཟེར་ནད་བཅས་སློང་གི་ཡོད། སྔོན་འགོག་དང་སྨན་བཅོས་བྱེད་ཐབས།ནད་གཞི་འདི་སྔོན་འགོག་དང་གསོ་བཅོས་བྱེད་པར་གཙོ་བོ་ཟས་དང་སྤྱོད་ལམ་གཉིས་ལ་དོ་སྣང་བྱེད་དགོས། ཟས་ནི་དུས་རྒྱུན་སྣུམ་ཞག་དང་ཤ་ཚིལ། བོད་ཇ་གར་པོ། སྒོ་ང༌། མར་དང་འོ་མ་གར་པོའི་རིགས། ཐ་མག ཆང་རག་བཅས་ཉུང་དུ་གཏོང་དགོས། གཞན་ཨོ་ལི་ཝི་ (olive) དང་བ་དམ། ཀ་ནོ་ལ་ (canola) སྣུམ། ཨོལ་མོན་ཌི་(almond) དང་སྟར་གའི་སྣུམ། ཤིང་ཏོག་དང་སྔོ་ཚལ། whole grains དང་འབྲས་སྨུག ཨོ་ཊི་མེལ་གྲོ་ཆག་( oatmeal) རིགས། ཉ་ཤ་བཅས་མང་དུ་བསྟེན་དགོས། སྤྱོད་ལམ་ནི་ལུས་ཤ་རྒྱགས་དྲགས་པ་ཇེ་སྐམ་དུ་གཏོང་བ། དུས་རྒྱུན་འགུལ་སྐྱོད་རྩོལ་བཅག་དང་ལུས་རྩལ་རྩེ་བ། གོམ་པ་རྒྱག་པ། རྒྱུགས་ཤར་གློད་པ། སེམས་ལ་སྤྲོ་སྣང་དང་གཟུགས་པོ་ལྷོད་བག་ཡོང་ཐུབ་བྱེད་དགོས། གོང་གི་ཟས་སྤྱོད་ཀྱི་གསོ་བཅོས་དེ་དག་གིས་ཕན་ངོ་ཅི་ཡང་མ་ཐོན་ཚེ། སྨན་པ་ལ་གཏུགས་ནས་ཕྱི་ལུགས་དང་བོད་ལུགས་སྨན་བཅོས་བྱེད་དགོས།H. Winter Griffith “Complete Guide to Symptoms, Illness & Surgery”དང་ www.mayoclinic.com ནས་བཏུས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese