གསོ་
ཉ་སྣུམ། Fish Oil
འབྱུང་ཁུངས། ཉ་སྣུམ་Omega-3 fatty acids སྨན་ནི་ཚ་བའི་ཡུལ་མིན་པའི་རྒྱ་མཚོ་དང་མཚོ་ཆུ་ཆེས་གྲང་མོའི་ནང་གནས་པའི་(coldwater fish) ཉ་རིགས་སྤྱི་དང་ཁྱད་པར་དུ་ཀོ་ཌི་(cod)དང་ཁྲུ་ན་(tuna)། སལ་མོན་(salmon)། ཧ་ལི་བྷ་ཊི(halibut)། ཤར་ཁི(shark)། མ་ཁེ་རེལ་(macherel)བཅས་ཀྱི་ཉ་ཤ་ནས་ཡོང་གི་ཡོད། དེང་དུས་ཁེབས་སུལ་(capsule) དང་སྣུམ་བྱས་ནས་བཙོང་རྒྱུ་ཡོད།
ཕན་ཡོན། ཨི་སི་ཀེ་མོ་དང་འཇའ་པན་མི་ཡིས་ཉ་ཤའི་ཟས་རིགས་མང་པོ་ཟ་ཡི་ཡོད་པས་ཁོ་ཚོར་ཁྲག་རྩི་མཐོ་བོའི་ནད་ (high cholesterol) ཉུང་བ་ཡོད་པ་ཡོངས་གྲགས་ལྟར། ཉ་སྣུམ་གྱིས་ཁྲག་གི་ནང་དུ་ཡོད་པའི་ཞག་རྩི་ཉུང་དུ་བཏང་སྟེ་ཁྲག་གི་གར་ཚད་སླ་རུ་བཟོ་བ་དང་། སྙིང་གི་བྱེད་ལས་དང་ཁྲག་རྒྱུན་འཁོར་རྒྱུགས་ལ་རོགས་བྱས་ཏེ་སྙིང་རྩ་འཁར་འགག་ནད། འཕར་རྩ་མཁྲེགས་འགྱུར་ནད། ཁྲག་ཤེད་མཐོ་བོའི་ནད། སྙིང་གཟེར་ནད། གྲུམ་བུ་བཅས་སྔོན་འགོག་དང་གསོ་བཅོས་བྱེད་ཅིང་། ནད་འགོག་ནུས་ཤུགས་སྐྱེད་པ། ཕྲུ་གུའི་ཀླད་པ་དང་མིག་གི་འཚར་སྟོབས་བཅས་ལ་ཡང་ཕན། བོད་སྨན་གཞུང་དུ། ཉ་ཤས་ཕོ་བའི་ནད་སེལ་དང་ག་འབྱེད། མིག་གསལ་རྨ་འབྲས་བད་ཀན་བཤིག་པར་བྱེད་ཅེས་གསུངས་ཡོད་པ་ལྟར། ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་འཇུ་བའི་གྲོགས་དང་ཡི་ག་འབྱེད་པ། མིག་གི་མཐོང་ཤུགས་སྐྱེད་པ། རྨ་གསོ་བ། འབྲས་ནད་ཀན་སར་འཇོམས་པ། ཁྲག་གི་ནང་བད་ཀན་ཚིལ་ཞག་འཕེལ་བ་ཉུང་དུ་གཏོང་བ་བཅས་བྱེད།
མི་སུ་ལ་ཕན་ནམ། ཕོ་མོ་ཁྱད་མེད་ལོ་ན་རྒན་གཞོན་ཚང་མས་འཐུང་ཆོག
ཉེན་གཟབ། འཐུང་བ་མང་དྲགས་པས་ཁྲག་བཞུར་བ་དང་ཕོ་ལོང་སྦོ་འཁྲོག ཡ་མ་སྣ་འགག་སློང་བར་བྱེད། མངལ་སྦྲུམ་འདོད་པའམ་སྦྲུམ་མ་ཡིན་པའི་བུད་མེད། ཟ་ཁུ་གཅིན་སྙིའི་ནད་པ། བྱིས་པ། ཕྲུ་གུར་འོ་མ་སྟེར་མཁན་གྱིས་སོ་སོའི་སྨན་པ་ལ་ལམ་སྟོན་ཞུ་དགོས།
H.Winter Griffith “Minerals Supplements & Vitmins” དང་ http://medlineplus.gov/ བཏུས།