ཨོ་གླིང་ལྷོ་མ་ནས། བཀྲ་ཤིས་རྒྱ་མཚོས།
ད་ལོ་༢༠༠༩ ལོ་འདི་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་འཁོར་ ༥༠ ལོན་པའི་ལོ་ཞིག་ཡིན་ལ། རྒྱ་ནག་གིས་བོད་ཧམ་བཟུང་བྱས་ནས་མི་ལོ་ལྔ་བཅུ་འཁོར་ཡོད་པས་ཁོ་ཚོར་མཚོན་ན་དུས་ཆེན་སྲུང་བརྩི་བྱེད་དགོས་པ་ཞིག་ཆགས་ཡོད་རུང་། ང་ཚོའི་ངོས་ནས་བཤད་ན་བོད་ཡུལ་འདི་དམྱལ་ཁམས་ལྟ་བུར་བསྒྱུར་ནས་མི་ལོ་ལྔ་བཅུ་འཁོར་ཡོད་པས་འཛམ་གླིང་ཤར་ནུབ་གང་ས་ནས་བོད་མི་ཡོད་དོ་ཅོག་གིས་རྒྱ་ནག་གཞུང་ལ་སྔོན་དང་མི་འདྲ་བའི་ངོ་རྒོལ་དང་སྐད་འབོད་བྱེད་འགོ་ཚུགས་ཡོད། དེར་བརྟེན་ད་ལོ་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཨོ་སི་ཊོ་ལི་ཡའི་ནང་གཏན་སྡོད་བྱས་ཡོད་པའི་བོད་མི་ཡོངས་རྫོགས་ཕྱོགས་མཐའ་ཁག་ནས་ཨོ་སི་ཊིར་ལེ་ཡའི་རྒྱལ་ས་ ཁེམ་བྷུ་རའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རྟ་གོན་བྱས་ཡོད་ལ། ས་གནས་ཁག་ནས་བོད་རིགས་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་དང་མི་དམངས་མང་པོ་ཕེབས་འདུག བློ་ཡུལ་ལས་འདས་པ་ཞིག་ལ་རང་གཞུང་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་ཨ་ཏི་ཤཱ་དང་དྲུང་ཆེ་སོགས་ལས་བྱེད་གཅིག་ཀྱང་ཕེབས་མི་འདུག་པ་མ་ཟད། ༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་ གསུང་འཕྲིན་དང་བོད་གཞུང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་བྱེད་མཁན་ཀྱང་མི་འདུག་པས་ཅི་ཡིན་གང་ཡིན་གྱི་དྲི་རྟགས་མང་པོ་ཞིག་ངང་གིས་སླེབས། ཉིན་འདི་དག་གི་རིང་ལ་རྒྱ་ནག་གཞུང་གིས་བོད་ནང་དུ་ཚ་ཚ་འུར་འུར་གྱིས་དྲག་གནོན་བྱེད་ཀྱིན་ཡོད་ལ། རང་གཞུང་དོན་གཅོད་ཁང་གིས་ཀྱང་འདི་ལྟར་རྒྱ་གཞུང་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཁ་བཙུམ་ཁུ་སིམ་པའི་ངང་བསྡད་ན་ག་ལ་འགྲིག སྐབས་དེར་ངས་གཡས་གཡོན་གྱི་མི་ཁ་ཤས་ལ་ད་ལོ་༧གོང་ས་མཆོག་གིས་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན་མ་གནང་བ་ཡིན་ནམ་ཞེས་དྲིས་དུས། ཁོང་ཚོས་ཀྱང་ཧང་སངས་བའི་རྣམ་འགྱུར་བསྟན་ཏེ་རྒྱུ་མཚན་བཤད་རྒྱུ་སུ་ལའང་མི་འདུག་པ་མ་ཟད། ད་དུང་ཁ་ཤས་ཀྱིས་ཀུ་རེའི་ཚུལ་དུ་སྐུ་ངོས་རྒྱ་ནག་དོན་གཅོད་ཁང་དུ་གསོལ་ཚིགས་བཞེས་ཀྱི་ཡོད་ས་རེད། མཐོང་ཡ་མི་འདུག་སོགས་ཡིད་མ་ཚིམ་པའི་གླེང་སློང་མང་པོ་འདུག་ཀྱང་འདི་རུ་བྲིས་ན་དགེ་མཚན་མི་འདུག་སྙམ།
ཉེ་ཆར་སྤྱི་ཟླ་ ༤ པའི་ཚེས་ ༡༡ ནས་ ༡༣ བར་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་གཉིས་མཉམ་དུ་ལོ་འཁོར་ཚོགས་ཆེན་ཞིག་འཚོགས་ཏེ་གྲོས་ཆོད་རྫིག་ཐག་ཆོད་རེ་འཇོག་པ་ནི་རང་རེའི་བཙན་བྱོལ་ནང་གི་ཚོགས་འདུ་ཆེ་འབྲིང་ཆུང་གསུམ་གང་ཡིན་རུང་གཤིས་སུ་གྲུབ་ཡོད། འོན་ཀྱང་ཉིན་མཐའ་མའི་ཉིན་ཏེ་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་དོན་གཅོད་དྲུང་ཆེ་ཡིས་མི་མང་ལ་ཡིག་ཆ་ཞིག་འགྲེམ་གྱིན་འདུག་སྐབས་ངའི་ལག་ཏུ་ཡང་གཅིག་རེག་སོང་ལ། ཅིག་བལྟས་དུས་དེ་ནི་༧གོང་ས་མཆོག་གིས་ད་ལོའི་གསུམ་བཅུའི་དུས་དྲན་ལ་བསྩལ་བའི་གསུང་འཕྲིན་རེད་འདུག བྱེད་སྟངས་འདིར་དགོད་ཡང་བྲོ་ལ་ངུ་ཡང་བྲོ་བའི་གནས་སུ་གྱུར། རྒྱུ་མཚན་ནི་ཟླ་བ་གཅིག་དང་ཉི་མ་གསུམ་གྱི་རྗེས་སུ་གཞི་ནས་མི་མང་ལ་༧་གོང་ས་མཆོག་གི་གསུང་འཕྲིན་འདི་བཀྲམས་ན་ཆེས་ཐབས་སྐྱོ་བ་ལ་བསམ་པའི་དབུགས་རིང་ཞིག་ངང་གིས་ཤོར། དེར་བརྟེན་ང་སྐུ་ངོ་དོན་གཅོད་ཨ་ཏི་ཤཱ་ལགས་ཀྱི་དྲུང་དུ་ཕྱིན་ཏེ། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་སུ་སྐུ་ངོ་སོགས་མ་ཕེབས་པ་དང་༧གོང་ས་མཆོག་དང་བཀའ་ཤག་གི་གསུང་འཕྲིན་དེ་མི་མང་ལ་སྒྲོགས་སྦྱང་མ་བྱས་བའི་རྒྱུ་མཚན་གསལ་བཤད་ཅིག་གནང་དགོས་ཚུལ་ཞུས་དུས་ཁོང་གིས། ༧གོང་ས་མཆོག་དང་བཀའ་ཤག་གི་གསུང་འཕྲིན་དུས་ཐོག་ཏུ་འབྱོར་གྱིན་མེད་པས་ལོ་སྔོན་མ་དང་། ད་ལོ། མ་འོངས་བ་ཡིན་ན་ཡང་དེ་ལྟར་རེད། མི་དམངས་ལ་སྒྲོགས་སྦྱང་བྱེད་ཐུབ་གི་མ་རེད་ཟེར། རྒྱུ་མཚན་ནི་རྡ་རམ་ས་ལ་ནས་སྔ་དྲོའི་ཆུ་ཚོད་དགུ་བའི་སྔོན་ལ་གསུམ་བཅུའི་གསུང་འཕྲིན་བཀྲམ་གྱིན་མེད་པས་འདི་རུ་ཉིན་རྒྱབ་ལ་འཁེལ་ཡོད་སྟབས་ཡོངས་མི་སྲིད་པ་ཞིག་རེད་གསུངས་སོང་ལ། ད་དུང་ཁོས་མུ་མཐུད་དུ་བཤད་རྒྱུར་ཁོ་རང་ཉིད་དུས་དྲན་སྲུང་བརྩི་བྱེད་སར་མ་ཡོང་བ་ནི་ཁོ་བ་གཞུང་གི་མི་ཞིག་ཡིན་པའི་ཆ་ནས་གཞུང་དང་མི་དམངས་ཁ་ཁ་ཡིན་པས་མི་དམངས་ཡར་ལངས་ཀྱི་ཉིན་མོ་ཁོ་བ་ཡོང་རུང་རྒྱུ་མཚན་མི་འདུག་གསུངས་སོང་ལ། ཡང་ཁོས་ང་རང་ཉིན་དེར་བཅར་མ་ཐུབ་པས་མི་མང་ལ་དགོངས་དག་ཞུ་ཞེས་ཀྱང་གསུང་སོང་།
ང་རང་སྔོན་མ་རྒྱ་གར་ནང་དུ་མི་ལོ་བཅོ་ལྔའི་རིང་མི་ཚེ་བསྐྱལ་ཡོད་ལ་མང་ཆེ་བ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བསྡད་པ་ཡིན་པས་དེའི་སྐབས་སུ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཉིན་གཅིག་གི་སྔོན་ལ་སླེབས་ཀྱི་ཡོད་བསམ་སོང་། རྗེས་སུ་འགྱུར་བ་ཐེབས་ཡོད་ན་མི་ཤེས་མོད་གང་ལྟར་སེང་གེ་མེད་ས་ནས་ཁྱི་ངན་སྟག་གི་ལོག་ཞེས་བའི་དཔེ་ལྟར་ང་རྒྱལ་གྱིས་རང་ཚུགས་མ་ཟིན་ན་གྱོང་གུད་བོད་གཞུང་དམངས་གཉིས་ལ་ཐེབ་རྒྱུ་ལས་གཞན་སུ་གཅིག་ཀྱང་མེད།།
སྐུ་ངོ་ལགས། ཁྱེད་ཀྱིས་གསུང་པ་ལ་རྒྱུ་མཚན་འདུག
དྲ་གྲོགས་བཀྲ་ཤིས་རྒྱ་མཚོ་ལགས།
གནས་ལུགས་རྒྱུ་མཚན་ཅན་གྱི་གཏམ་འདི་འདྲ་ལ་དུས་རྟག་ཏུ་རྒྱབ་སྐྱོར་ཡོད།
བཀྲ་ཤིས་རྒྱ་མཚོ་ལགས། དགོང་དག ཁྱེད་ཀྱིས་ཐུགས་དགོངས་དེ་ལྟར་བཞེས་ནས་ཨོ་གླིང་བྲིས་པ་ཡིན་ན་རྒྱུ་མཚན་ཡོད་ངེས་རེད། ངས་ཁྱེད་ཀྱིས་དེ་ལྟར་དགོངས་པ་མ་ཤེས་པ་རེད། ད་དུང་དེ་ལྟ་བུ་བགྲོ་གླེང་གང་མང་གནོངས།
དྲ་གྲོགས་ཚོས་གོང་གི་ངའི་རྩོམ་ཡིག་དེར་མཆན་འགྲེལ་དང་བསམ་འཆར་བཏོན་པར་ཐུགས་རྗེ་ཆེ་ཞུ ། ང་རྒྱལ་ཁབ་འདིར་སླེབས་ནས་ཟླ་ངོ་༡༠ལྷག་ལས་སོང་མེད་ན་ཡང་རྩོམ་ཡིག་གི་བརྗོད་བྱ་གཙོ་བོ་༢༠༠༩ལོའི་ཟླ་༣ཚེས་ནས་ཟླ་བ་༤་ཚེས་༡༣་བར་སྐུ་ངོ་ཨ་ཏི་ཤྭའི་མཛད་སྤྱོད་ཁག་ཅིག་རང་ཉིད་ཀྱིས་དངོས་མཐོང་མངོན་སུམ་གསལ་རྗེན་དག་བྲིས་བ་ལས་དེའི་སྔོན་གྱི་ལོ་རྒྱུས་དག་གླེང་གིས་མེད་ལ་གླེང་དགོས་ཡང་དེ་ཙམ་མི་འདུག ། གོང་ནས་དྲ་གྲོགས་སྤོབས་མཐའ་ཡས་ལགས་ཀྱིས་ཨོ་སི་ཊིར་ལེ་ཡ་འདི་དང་ང་འདུག་སའི་གནས་ངོ་མ་ཟིན་པ་ལྟ་བུ་བྲིས་འདུག་ན་དེ་ཁྱོད་ཀྱིས་མ་ཤེས་བའི་རྟགས་རེད ། ཨོ་སིཊིར་ལེ་ཡ་ནི་གླིང་ཕྲན་ཁེར་གཙང་གི་རྒྱལ་ཁབ་ཞིག་རེད་ལ་ང་འདུག་ས་ནི་གླིང་ཕྲན་དེའི་ལྷོ་རུ་ཁེལ་ཡོད་པས་ང་ཚོས་་་ཨོ་གླིང་ལྷོ་མ་ཞེས་འབོད་ཀྱི་ཡོད ། དེ་ལྟར་ཡིན ། ཐུགས་རྗེ་ཆེ །
མ་གཞི་བཀྲ་ཤིས་རྒྱ་མཚོ་ཟེར་བ་འདི་ཨ་སི་ཁྲི་རལ་ལི་ཡ་ལ་བསྡད་ཡོད་སྐོར་ཞིག་ཁོ་རང་གིས་བཤད་ཞོར་དུ་ཨོ་གླིང་ལྷོ་མ་ཡིན་ནམ་ཞིག་ལ་ཡོད་ཚུལ་ཞིག་རྩོམ་ཡིག་གི་མགོ་དེར་བཞག་འདུག ཨོ་གླིང་ཟེར་བ་དེ་ཡུ་རུབ་གླིང་ལ་ཟེར་བ་ཡིན་མདོག་ཁ་པོ་རེད། དེ་ཡིན་ན་མི་འདིས་ཁོ་རང་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གང་ཞིག་ན་བསྡད་ཡོད་པ་ཤེས་མི་འདུག ཡུ་རུབ་ཀྱི་ལྷོ་ཡིན་ན་སི་ཕེན་དང་ཨི་ཏྲ་ལི་སོགས་ཡིན། ཨོ་སི་ཁྲི་རལ་ལི་ཡ་འདི་གོ་ལའི་ཕྱེད་ལྷོ་མར་ཁེལ་བ་མ་གཏོགས་ཡུ་རུབ་ཀྱི་ཁོངས་སུ་བསྡུ་སྲོལ་ག་ལ་ཡོད། ལུང་རྟོགས་བསྟན་འཛིན་གྱིས་མི་འདི་གསར་འབྱོར་ཡིན་སྟབས་གནས་ཚུལ་གསལ་པོར་མ་གོ་རེད་ཟེར་བ་དེ་ལོས་བདེན། གཞན་ཕར་ཞོག་ཁོ་རང་གང་དུ་ཡོད་པ་ཡང་ཤེས་མི་འདུག
དག་བཅོས། བཞི། ༼མི་སུ་ཞིག་གིས་ཀྱང་མི་ཞིག་ནག་པོ་བཟོ་ཐུབ་ཀྱི་མ་རེད་ལ༽བཅོས་གནང་ཡོང་རོགས།
བློ་བཟང་ལགས་ཡང་བསྐྱར་ཕེབས་འདུག དགའ་བསུ་ཡོད་ལ། ང་རང་པཱ་ལེ་བ་ཞིག་ཡིན། དུས་བབ་དྲ་བ་ང་རང་གིས་ཐོག་མར་སྤྱི་ཚོགས་སྒང་བསམ་ཚུལ་དང་མཐོང་ཐོས་བཤད་ས་ཉག་གཅིག་ཏུ་གྱུར་ཡོད། དུས་བབ་གཞི་རིམ་མང་ཚོགས་ལ་བཀའ་དྲིན་ཆེན་པོ་རེད།
ང་རང་ལ་མཚོན་ན། སྐུ་དྲག་དང་སྐུ་དྲག་མ་ཡིན་པ། ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་ལ་དགའ་བོ་ཁྱོན་ནས་མེད་ཅིང་། སུ་ལ་འཇོན་ཐང་དང་ལྷག་བསམ་ཡོད་ན་དེ་ལ་ཡི་རངས་དང་དགའ་བོ་ཡོད། དེ་ལས་ལྡོག་པ་ཐམས་ཅད་ལ་དགའ་བོ་ཁྱོན་ནས་མེད།
དང་པོ། སུམ་བཅུའི་དུས་དྲན་གཞུང་འབྲེལ་མཛད་སྒོ་རེད་ལ། ཏཱ་ལའི་བླ་མའང་དེའི་སྒང་ཕེབས་ཀྱིན་པར་མ་ཟད། གསུང་འཕྲིན་སྒྲོག་སྦྱངས་མཛད་ཀྱི་ཡོད་པ་རེད། བཀྲ་ཤིས་རྒྱ་མཚོ་ལགས་ཀྱི་རྩོམ་ཡིག་ཏུའང་དོན་གཅོད་ཅིག་ཡིན་ན་ལས་ཀ་དེ་རིགས་ལས་འོས་ཞེས་བཤད་ཀྱིན་པ་ལས་ངེས་པར་དུ་སྐད་འབོད་དུ་བསྐྱོད་དགོས་གསུངས་ཀྱི་མི་འདུག དཔེར་ན། སྐབས་དེར་ཁྱོད་རང་དངོས་སུ་བསྐྱོད་ཡོད་རྒྱུ་རེད་ལ། ཨོ་གཞུང་གྲོས་ཚོགས་ཀྱི་དཔོན་རིགས་ཁག་ཅིག་ཀྱང་དེར་འབྱོར་ཡོད་པ་གསར་ལམ་དུ་ཐོན་པ་ལྟ་བུ་རེད།
གཉིས། དྲིས་ལན་ཁག་གི་སྐོར་རེད།
༢དང་༥ རང་གིས་གསུང་པ་ལྟར་བྱེད་ཆག་གི་རེད།
༡ ནི་སྔར་ཡོད་པའི་མཐུད་སྐྱོང་ཙམ་རེད་ལ། དོན་གཅོད་སུ་ཞིག་སླེབས་ནའང་མཐུད་སྐྱོང་དེ་གནང་ཐུབ་ཤག་ཡིན་པ་ལས་བྱས་རྗེས་ཀྱི་ཁོངས་སུ་འགྲོ་གི་མ་རེད།
༣ནི་གཞན་གྱི་རོགས་བསྐྱོར་ནི་བོད་ལ་དམིགས་ཡོད་སྲིད་པས། བོད་དོན་ཧ་གོ་གི་ཡོད་མེད་ཀྱིས་ཐག་གཅོད་དགོས་པ་ཞིག་ལས་ངེས་པར་དུ་དོན་གཅོད་ལ་ཉན་དགོས་པས་ཁྱབ་ཀྱི་མ་རེད་ལ། སུས་ཤུགས་བརྒྱབ་ཡོད་ན་དེ་ནི་གཙོ་བོ་རེད།
༤ ནི་དེ་གའི་མི་རྣམས་ཀྱི་བཤད་སྟངས་རེད། དེ་འདྲ་མིན་ན་ཡག་པོ་རེད་ལ། བཀྲ་ཤིས་བདེ་ལེགས་ཡོད། མ་གཞི་ཁྱོད་རང་ཚོ་མི་རིགས་ཀྱི་དཔའ་བོ་རེད། དེ་འདྲ་གནང་སྲིད་ཀྱི་མ་རེད་ལ། གནང་ཡང་རུང་གི་མ་རེད། དེ་ལས་ལྡོག་ན། ངོ་ཚ་རེད་ལ་མི་སེམས་གཅོག་བྱེད་རེད།
གསུམ། ང་རང་གི་གྲོགས་པོ་དགེ་བཤེས་མཆོག་གི་སྐོར་ཡིན། ཁོང་གིས་དོན་གཅོད་ཀྱིས་བོད་མིའི་སར་སྲིད་བཤད་ཀྱི་མི་འདུག་གསུངས་ཀྱི་ཡོད་པ་མ་རེད། གཞན་མིའི་མདུན་དང་བརྒྱུད་ལམ་ཁག་ཏུ་དོན་གཅོད་ཁ་གྲགས་ཕོད་ཀྱི་མི་འདུག་ཅེས་གསུངས་ཀྱི་ཡོད་པས། དེ་འདྲའི་དོན་གཅོད་ནི་ཐབས་སྡུག་རང་རེད།
བཞི། མི་སུ་ཞིག་ཀྱང་མི་ཞིག་ནག་པོ་བཟོ་ཐུབ་ཀྱི་མ་རེད་ལ། མི་སྐྱོན་མེད་ཅིག་ཀྱང་ཡོད་སྲིད་ཀྱི་མ་རེད་དེ། དགེ་སྐྱོན་གཉིས་ལས་སྐྱོན་ལྕི་བོ་ཆགས་པའི་སྐབས་དེར་མི་སུ་ཞིག་ཀྱང་གཡོལ་ས་ཡོད་པ་མ་རེད། གཡོལ་བའམ་འགབ་དེ་ལས་ཀྱང་ཐུབ་ཀྱི་
མ་རེད།
བསམ་ཚུལ་མི་མཐུན་ས་ཡོད་ན་བཤད་རྐྱང་བྱོས། མུ་མཐུད་དུ་བགྲོ་གླེང་བྱེད་ཆོག་གི་རེད།
གནས་ཚང་ལགས་ཀྱི་གྲོགས་པོ་དགེ་བཤེས་དེ་ནི་ཆོས་ཚོགས་ཁུག་ཀྱོག་ཞིག་གི་ནང་འཛུལ་ནས་བོད་དོན་ལས་འགུལ་སྤེལ་སར་ཐེངས་གཅིག་ཀྱང་སླེབས་ཀྱི་མེད་པ་འདྲ། གལ་སྲིད་སླེབས་ཡོད་ན་དོན་གཅོད་ཀྱིས་སྲིད་དོན་ཐོག་གསུང་བཤད་སྤེལ་གྱི་ཡོད་པ་མཐོང་ཐོས་ཡོང་གི་རེད། མ་མཐོང་ཕྱིར་ན་མེད་པ་མིན་གསུང་པ་ལྟར་དགེ་བཤེས་ཆེ་གེ་མོ་ཞིག་གིས་མ་མཐོང་སར་ང་རང་མི་དཀྱུས་མ་ཞིག་གིས་མང་པོ་མཐོང་སོང་། དོན་གཅོད་མཆོག་ཚོགས་འདུ་ཆེ་ཆུང་གང་མང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་ལས་འགུལ་སྤེལ་སར་ཡང་ཡང་ཕེབས་ནས་གསུང་བཤད་གནང་གི་འདུག གནས་ཚང་ལགས་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མང་ཆེ་བ་རང་གནས་ནས་གྲོང་ཁྱེར་ནང་འགྲོ་མ་མྱོང་བ་ཁ་ཤས་ཡིན་པ་གཏན་ཁེལ།
ས་གནས་མི་མང་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་དང་ཁྲོམ་སྐོར་སོགས་ཀྱི་སྐབས་སུ་སྐུ་ཚབ་དོན་གཅོད་ཕེབས་ཆོག་མིན་སོགས་བོད་གཞུང་ལ་ཡང་སྒྲིག་ཁྲིམས་ཞིག་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་པ་ཡིན་ཀྱང་ཁྲིམས་མེད་སྒྲིག་མེད་ཅིག་གཏན་ནས་མིན། ང་ཚོ་ཡང་སྤོབས་པ་སྐྱེས་ཆོག་པའི་གཞུང་ཞིག་ཡོད། མི་རེ་ཟུང་གིས་སྒྲིག་ཁྲིམས་དང་འགལ་བའི་ལས་ཀ་བྱས་ན་ང་ཚོར་ཡང་ཁྲིམས་ཁང་ཞིག་ཀྱང་ཡོད་པ་རེད། སུས་ཀྱང་ཞུ་གཏུགས་བྱས་ཆོག་གི་རེད། དྲ་རྒྱའི་ཐོག་མི་ནག་པོ་བཟོ་རྒྱུ་དེ་ལ་བསམ་གཞིག་ཅིག་གཏོང་དགོས་པར་སྙམ།
གྲོགས་པོ་གནས་ཚང་ལགས་ནས་ལན་འདེབས་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཡང་སྐུ་ངོ་སྐུ་དྲག་ལ་དད་པ་དད་སྣང་བྱེད་མཁན་ཞིག་མིན། འོན་ཀྱང་། མི་མང་པོ་ཞིག་གིས་གོ་སྐབས་ཡོད་ཚད་ལ་རང་མི་རང་གིས་དམའ་འབེབས་བྱེད་ཀྱི་འདུག
ངས་ཁྱེད་ལ་བོད་ཀྱི་སྡིག་པ་ར་ཙ་ཟེར་བའི་སྒྲུང་ཞིག་ཤོད་འདོད་ཡོད་ཀྱང་གནས་ཚང་ལགས་ནས་དོ་དགོང་གནས་ཚང་གཏོང་མི་གཏོང་མི་ཤེས། ཐ་ན་དེང་སང་མི་མང་པོ་ཞིག་གི་རང་གི་མིང་གབ་ནས་མང་པོ་ཞིག་ལབ་ཀྱི་འདུག་པས་ངས་ཀྱང་གནས་ཚང་མེད་ས་ནས་མུན་ནག་མདའ་འཕེན་བྱེད་དགོས་དོན་མི་འདུག
གནས་ཚང་ལགས་ནས་ལན་འདེབས་མ་བྱས་གོང་རང་གི་བསམ་ཚུལ་ཙམ་གཙོ་འདོན་མི་བྱེད་པར་ངས་བྲིས་པའི་བསམ་ཚུལ་དེ་ཡག་པོ་ཞིག་ཀློག་པའི་རེ་བ་ཡོད།
༡་བཙོན་ཟུར་གང་མང་བྲིས་ཡོད་པ་བཙོན་ཟུར་ཐོག་མ་ལེན་མཁན་ཟེར་ནས་བྲིས་མེད།
༢་དཔལ་འབྱོར་འདུ་འགོད་དེའི་སྐོར་སྐུ་ངོ་རང་ལ་དྲིས་དང་ལན་གསལ་ཡོད་ངེས།
༣་atc ནས་ངས་རྒྱུན་རིང་ཙམ་ལས་ཀ་བྱས་མྱོང་ཡོད་པས་དེའི་སྐོར་མཁྱེན་འདོད་ན་དྲི་བ་འདྲི་གནང་རོགས།་་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པས་ཆ་ནས་དོན་གཅོད་ལྷན་ཕྱག་ལས་གནང་དགོས་ངེས་རེད།
༣་བོད་རིགས་ཚོགས་ལ་ནང་འཁྲུག་རྒྱག་གི་ཡོད་གནས་ཚུལ་དེ་རིང་མ་གཏོགས་ཐོས་མ་སོང།་གནས་ཚུལ་གསར་བ་རེད།་ཡག་པོ་གང་ཡང་མ་རེད།
༤དོན་ཚད་བཞི་པོ་ལན་ལ་ཡིན་ཚོད་འདུག་དང་ཡིན་ས་རེད།་བཤད་ཁག་པོ་རེད།སོགས་ཐེ་ཚོམ་དང་རྒྱུས་ལོན་གང་ཡང་མེད་པའི་དཀྲོག་གཏམ་ཁོ་ནར་འདུག་པས་གྲོགས་པོ་ལགས་ནས་རྒྱུས་ལོན་མང་ཙམ་གྱིས་ལན་འདེབས་ཡོང་རེ་ཡོད།
བགྲོ་གླེང་མེད་ན་ཡར་རྒྱས་མེད་ཅེས་པ་ལྟར་བགྲོ་གླེང་མང་ཙམ་གནང་བའི་རེ་བ་ཡོད།
ཐུགས་རྗེ་ཆེ།
བློ་བཟང་ལུང་རྟོགས་ལགས་ཀྱིས་དོན་འགའ་གསུངས་འདུག ཡིན་ནའང་། དེ་རིང་འདིར་རྒྱུས་ཡོད་ཅིག་གིས་གསུངས་པར་གཞིགས་ན། གནད་དོན་ཁ་ཤས་འདུག
༡ བཙོན་ཟུར་མང་པོ་ཨོ་སི་ཁྲི་ལི་ཡར་བསྐྱོད་ཀྱིན་པ་ནི་ཨ་ཏི་ཤའི་སྔོན་ནས་ཡོད་པ་ཞིག་ལས་ཁོ་བོས་གསར་བསྐྲུན་གནང་བ་ཞིག་ཡིན་ཚོད་མི་འདུག
༢ བོད་གཞུང་ལ་དཔལ་འབྱོར་འདུ་འགོད་ཅེས་པ་དེ་ཧ་ལམ་གནས་དེར་འཁོད་པའི་བོད་མི་དག་གིས་བོད་གཞུང་ལ་ཕུལ་བཞིན་པའི་དང་བླངས་ཕྱཱ་ཁྲལ་ཙམ་ལས་དོན་གཅོད་ངོས་ནས་ཐབས་ཤེས་འཐེན་ཐུབ་མེད་པ་གསལ་བོ་ཡིན་པ་གཤམ་དུ་འགོད་རྒྱུ་ཡིན།
༣ གྲོས་ཚོགས་བོད་དོན་རྒྱབ་བསྐྱོར་ཚོགས་པ་ཡར་རྒྱས་ཞེས་པའང་དོན་ལ་གནས་དེའི་ཚོགས་པ ATCཞེས་པས་གཙོ་ཤུགས་རྒྱབ་ཡོད་འདུག
༤ བོད་རིགས་ཚོགས་པ་སྲ་བརྟན་ཞེས་པ་དེ་ཅུང་ཐལ་དྲག་ཡོད་ཚོད་འདུག གཙོ་བོ་ནང་འཁྲུག་རྒྱག་ཀྱིན་པའི་གནས་སུ་ལྷུང་ཡོད་ཚོད་རེད།
༥ དོན་གཅོད་ལས་ཁུངས་ཉོ་སྒྲུབ་དེའང་བོད་གཞུང་གི་མིང་ཐོག་མ་ཡིན་པར་དོན་གཅོད་སྒེར་གྱི་མིང་ཐོག་ཡིན་ཚོད་འདུག་པས། མ་འོངས་པར་ཅི་འབྱུང་བཤད་ཁག་པོ་ཡིན་འདུག
དེ་མིན་ནང་མི་གནས་དེའི་མི་སེར་ཆགས་པར་རྒྱབ་བཤད་མེད་ཀྱང་། དེ་དག་ལ་རྐྱེན་བྱས་གཞུང་འབྲེལ་མཛད་སྒོའང་མི་མང་གི་ལས་འགུལ་ལ་བསྙད་ནས་གཡོལ་རྐྱང་བྱེད་ཀྱིན་པ་ནི་ཐབས་རྡུག་རང་རེད་འདོད། དེ་འདྲ་ཞིག་རེད་དམ།
དགོངས་དག ༧གོང་ས་མཆོག་གི་གསུང་བཤད་ཅེས་པ་དེ་གསུང་འཕྲིན་ནམ་བཀའ་འཕྲིན་ལ་འགྱུར་བཅོས་གནང་རོགས
སྐུ་ངོ་ཨ་ཏི་ཤ་ལ་དེ་འདྲའི་ཐབས་སྡུག་ཅིག་ཨེ་ཡིན།
ཨོ་སི་ཀྲི་ལི་ཡ་ནས།
བློ་བཟང་ལུང་རྟོགས།
དེང་སང་གི་སྨྱུག་ཐོགས་པ་ཚོར་ཡིད་ལ་གང་དྲན་ཡིག་ཐོག་ཏུ་ཕབ་རྗེས་སོ་སོས་འགན་ལེན་མི་བྱེད་པའི་གོམས་གཤིས་ཡོད་པ་འདྲ། བོད་ཀྱི་དུས་བབ་དང་དྲ་རྒྱའི་ནང་སྐུ་ངོ་ཨ་ཏི་ཤ་ལ་སྐྱོན་བརྗོད་ཀྱི་བསམ་ཚུལ་མང་པོ་ཅིག་སྤེལ་འདུག་པར་ཞིབ་ཏུ་ཀློག་དུས་བཀྲ་ཤིས་རྒྱ་མཚོ་ཞུ་བ་ཞིག་གི་རྩོམ་ཡིག་ལ་གཞིར་བཅོལ་འདུག ངའི་གོ་ཚོད་ལ་བཀྲ་ཤིས་རྒྱ་མཚོ་ཞུ་བ་དེ་གནས་འདིར་ཕེབས་ནས་ཟླ་ངོ་ཁ་ཤས་ལས་ཕྱིན་མེད་པས་ས་གནས་ཀྱི་གནས་ཚུལ་རྒྱུས་ལོན་མེད་པ་དང་། ཁོང་གིས་བྲིས་པའི་གནས་ཚུལ་རྣམས་ཆ་ཚང་ཞིག་མིན་པ་སོགས་ལ་བརྟེན་ནས་ངས་འདིར་གསལ་བཤད་ཞུ་འདོད་བྱུང་།
སྐུ་ངོས་རྡ་སར་གཞུང་འབྲེལ་མཛད་སྒོ་མ་ཚུགས་སྔོན་ནམ་༧གོང་ས་མཆོག་ནས་གསུང་བཤད་སྒྲོག་སྦྱངས་མ་བྱས་སྔོན་ས་གནས་འདིར་༧གོང་ས་མཆོག་གི་གསུང་བཤད་སྒྲོག་སྦྱངས་བྱེད་པ་དེ་འོས་འཚམས་ཤིག་མ་རེད་གསུང་བ་མ་གཏོགས་༧གོང་ས་མཆོག་གི་གསུང་འཕྲིན་འབྱོར་མེད་གསུང་མི་འདུག
གཞུང་དང་མི་མང་ཁ་ཁ་རེད་ཟེར་དེ་ཡང་ཚིག་རྡོག་རྡོག་དེ་འདྲ་ཞིག་གསུང་མ་སོང་ལ། ཁོང་ནས་མི་མང་གི་ལས་འགུལ་སྤེལ་ས་ཚང་མར་གཞུང་འབྲེལ་མི་སྣ་སླེབས་དགོས་དང་མི་དགོས་སྐོར་ལ་གསུང་བ་ཙམ་རེད།
ང་རང་ཨོ་སི་ཀྲི་ལི་ཡར་ཡོང་ནས་མི་ལོ་བདུན་ལྷག་འགྲོ་ཀི་ཡོད་ཅིང་དོན་གཅོད་ཨ་ཏི་ཤ་གནས་འདིར་ཕེབས་ནས་བཟུང་འབྲེལ་བ་ཡོད་པའི་རྒྱུས་ཡོད་ཅིག་ཡིན་པས་ཆ་ནས་གོང་འཁོད་རྩོམ་ཡིག་ཁག་ནི་རི་བོང་ཅལ་འགྲོགས་ཀྱི་དཔེ་ལས་མ་འདས། ངས་འདིར་སྐུ་ངོ་ཨ་ཏིོ་ཤའི་མཛད་རྗེས་ལ་བསྟོད་བསྔགས་ཞུ་རྒྱུ་མིན་ཀྱང་རང་ཉིད་ཀྱི་ཤེས་བའི་གནས་ཚུལ་ཁག་ངོ་སྤྲོད་ཞུ་འདོད་བྱུང་།
༡་བོད་རིགས་བཙོན་ཟུར་བ་གང་མང་གནས་འདིར་བླངས་པ།་༼འདིའི་ནང་རྩོམ་འབྲི་བ་བཀྲ་ཤིས་རྒྱ་མཚོ་ཡང་ཚུད༽
སྤྱིར་བཏང་། བོད་རིགས་བཙོན་ཟུར་བ་རྣམས་གནས་འདིར་ལེན་རྒྱུ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལས་མ་འདས་ཀྱང་། ས་གནས་ས་ཐོག་གི་ལས་བྱེད་ལ་འབྲེལ་བ་ཤུགས་ཆེན་ཡོད་པ་ལྟར། ཨ་ཏི་ཤ་འདིར་ཕེབས་ནས་བཟུང་བོད་མི་བརྒྱ་ཕྲག་ཁ་ཤས་གང་མགྱོགས་ངང་གནས་འདིར་གཞིས་ཆགས་ཐུབ་པ་མ་ཟད། ཁོང་གི་བཀའ་དྲིན་ལ་བརྟེན་རྒྱ་གར་ནས་འདིར་ཕེབས་པའི་བརྒྱུད་རིམ་དུ་ཡང་སྔོན་ཆད་དང་མ་འདྲ་བའི་མཐུན་རྐྱེན་བསྐྲུན་ཡོད་འདུག
༢་་བོད་གཞུང་ལ་དཔལ་འབྱོར་འདུ་འགོད།
བཀའ་ཁྲི་ཟམ་གདོན་མཆོག་གནས་འདིར་གཞུང་འབྲེལ་གྱིས་ཆིབས་བསྒྱུར་སྐབས་དང་བསྟུན་ནས་སྐུ་ངོ་ཁོང་གིས་བོད་གཞུང་ལ་ཕན་པའི་དཔལ་འབྱོར་འདུ་འགོད་ཤུགས་ཆེན་བྱས་སོང་ཀྱང་གནས་ཚུལ་ཞིབ་ཕྲ་དགོས་དབང་གིས་ཞུ་བདེ་བྱུང་མ་སོང་།
༣་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡར་རྒྱས།
ཁོང་མ་ཕེབས་ཨོ་སི་ཀྲི་ལི་ཡའི་དབུས་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་མིང་ཙམ་ལས་མེད་ཀྱང་དེང་སྐབས་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚོགས་ལ་དེ་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ཚོས་ནམ་རྒྱུན་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་པ་སོགས་གང་ཅིར་འབད་བརྩོན་གནང་གི་འདུག
༤་བོད་རིགས་མཐུན་ཚོགས་སྲ་བརྟན།
ཁོང་གིས་ས་གནས་ཁག་ལ་འབྲེལ་བ་རིམ་བྱས་ཀྱིས་བོད་རིགས་ཚོགས་པ་མེད་སར་ཚོགས་པ་གསར་འཛུགས་ཀྱི་བཀའ་སློབ་དང་། ཚོགས་པ་ཡོད་རིགས་ལ་ནམ་རྒྱུན་འབྲེལ་བ་གནང་ནས་ཡར་རྒྱས་ཡོང་ཐབས་གནས་སོང་། ལྷག་པར་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་ལྷན་དུ་བཀའ་མོལ་གནང་ནས་ནེའུ་ཛི་ལེན་ཊི་དང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་བསྡུ་སྐོང་འགོ་འཛུགས་ཀྱི་ད་ལྟ་མུ་མཐུད་འགྲོ་བཞིན་པ་ཡིན།
༥་དོན་གཅོད་ལས་ཁུངས་ཉོ་སྒྲུབ།
འབྲེལ་ཡོད་མི་སྣའི་ཞལ་འདེབས་ཕུལ་བ་ལྟར་དོན་གཅོད་ལས་ཁུངས་ཉོ་སྒྲུབ་ཀྱིས་བོད་གཞུང་ལ་ཕུལ་གནང་འདུག་སོགས་ངས་ཤེས་རྟོགས་ཡོད་པའི་མཛད་རྗེས་རྣམས་གྲོགས་པོ་ཚོའི་སྤྱན་ལམ་དུ་འབུལ་བ་ལགས་ན་དེ་དོན་གྱི་བསམ་གཞིག་གནང་གལ་ཆེ།
སྨྱུག་ཐོགས་པ་ཚོས་ཁོང་གི་ནང་མི་ཨོ་སི་ཀྲི་ལའི་མི་སེར་ཆགས་ཐབས་བྱས་པ་དེར་སྐྱོན་བརྗོད་བྱེད་པ་འདི་ཕྲག་དོག་གི་སྐད་ཆ་རེད། སྐུ་ངོ་ཚོར་སོ་སོས་ནང་མིའི་བདེ་སྡུག་ལ་སེམས་ཁུར་བླངས་མི་ཆོག་པའི་ཁྲིམས་ཤིག་ཡོད་ན་མ་གཏོགས། འགྲོ་བ་མི་ཞིག་ཡིན་པ་དང་ལྷག་པར་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་སོ་སོའི་ནང་མིའི་མདུན་ལམ་ལ་སེམས་ཁུར་བྱེད་རྒྱུ་དེ་འགྲོ་བ་མིའི་བཟང་སྤྱོད་ཞིག་མ་གཏོགས་སྐྱོན་ཆ་ཞིག་ག་ལ་ཡིན། སྐུ་ངོ་ཨ་ཏི་ཤི་ཡིས་སྨྱུག་ཐོགས་པ་ཁྱེད་ཚོའི་ཚབ་ཏུ་ཁོང་གི་ནང་མི་ཨོ་སི་ཀྲི་ལི་ཡའི་མི་སེར་བཟོས་བ་ཡིན་ན་ཁྱེད་ཚོ་རླུང་ལངས་ཀྱང་རྒྱུ་མཚན་འདུག དེ་ལས་གཞན་ཁྱེད་ཚོ་ནང་མི་མེད་མཁན་དེ་འདྲ་ཡིན་ན་མ་གཏོགས། ནང་མི་ཡོད་མཁན་ཞིག་གིས་ནི་འདི་འདྲའི་རྫབ་ཆེན་གྱི་སྐད་ཆ་བཤད་མི་སྲིད་པ་ལྟ་བུ་རེད།
མཐའ་དོན་སོ་སོའི་འདོད་བབ་དང་མ་མཐུན་པའི་གནས་ཚུལ་རེ་བྱུང་དུས་མཐའ་གཅིག་ཏུ་མི་དེ་ནག་པོ་བཟོ་བ་དེ་ནི་ང་ཚོ་བོད་པ་ཙམ་མ་ཡིན་པར་འགྲོ་བ་མི་ཡོངས་ཀྱི་ངན་གཤིས་དེ་ཡིན་ཀྱང། སྨྱུག་ཐོགས་པ་ཞིག་ལ་མཚོན་ན་ཡིད་ལ་གང་དྲན་ཡིག་ཐོག་ཏུ་ཕབ་རྒྱུ་དེ་ཡང་བཟང་སྤྱོད་ཅིག་ག་ལ་ཡིན།
ངས་ཡང་བསྐྱར་བརྗོད་འདོད་པ་ཞིག་ལ་ཚིག་ངན་བེད་སྤྱོད་བྱེད་པ་དེ་མང་གཙོའི་ཐོབ་ཐང་ཞིག་མིན། སོ་སོས་འགན་བླངས་ནས་སྐད་ཆ་བཤད་རྒྱུ་དེ་མང་གཙོ་ཐོབ་ཐང་ཡིན།
ཨ་ཨ་ ནམ་མཁའ་བསྟན་འཛིན། ཁྱོད་འདིའི་སྐོར་ལ་ཆ་རྒྱུས་ཆེན་པོ་ཡོད་མཁན་ཞིག་ཡིན་ཚོད་རེད། སྤྱིར་དཔོན་ངན་དམངས་ལ་མགོ་སྐོར་གཏོང་མཁན་དང་ཁྱི་ངན་བདག་པོར་སོ་རྒྱག་མཁན་ལ་གོ་སྐབས་སྤྲད་པ་མིན་ལ་དེ་དང་དེའི་རིགས་ལ་རྒྱབ་སྐྱོར་བྱས་པ་དེ་བས་ཀྱང་མིན། འོན་ཀྱང་དོན་དག་འདིའི་ཐལ་ལ་བགྲོ་གླེང་ཞིག་འཚོགས་ནས་སྤྱི་ཚོགས་འདིའི་ནང་གསལ་བོ་གསལ་རྐྱང་བཟོ་ཐུབ་ན་ཡག་པོ་མི་འདུག་གམ། སྤྱིར་ང་ཚོ་བོད་པའི་སྤྱི་ཚོགས་འདིའི་ནང་ཁོ་དང་ཁོ་ལྟ་བུའི་དཔོན་ངན་མང་པོ་ཞིག་ཡོད་འདོག་ཁ་པོ་རེད་དེ་དག་ཚང་མ་ཚར་གཅོད་ཐུབ་ན་འདི་མ་འོང་བོད་ཀྱི་ཁེ་ཕན་ཆེན་ཞིག་རེད་བསམ་གྱི་ཡོད། བསམ་ཚུལ་འདི་ལ་ནོར་འཁྲུལ་ཡོད་ཚེ་དྲ་གྲོགས་རྣམས་ཀྱིས་བཟོད་སྒོམ་གནང་རོགས།
བགྲོ་གླེང་ཞིག་འཚོགས་ནས་ཐག་ཆོད་རྒྱུ་ཞིག་དང་མི་འདིའི་གྲས་ལ་དེ་འདྲའི་ངོ་ཚ་རྒྱུ་དང་ཡ་ང་རྒྱུ་ཞིག་ཡོད་ན་སྔོན་མ་སྔོན་མ་ནས་གཏིང་ཐག་བཅད་ཚར་བ་རེད། མདའ་ཚན་པ་ལགས། ཁྱེད་ཀྱིས་༢༠༠༢ཡར་མར་གྱི་སྤྱི་འཐུས་གྲོས་ཚོགས་ནང་གི་ཚིག་ཐོ་ཁག་ཀློག་དང་། མི་འདི་ཐེ་ཝན་དོན་གཅོད་ཡིན་སྐབས་བོད་གཞུང་ཟློས་གར་གྱི་འགོང་ཕྲུག་འགའ་གཞུང་འབྲེལ་གྱི་མིང་ཐོག་ནས་རིག་གཞུང་འདེམས་སྟོན་ལ་འགྲོ་སྐབས་ཕྱིར་ལོག་མ་བྱས་པར་ཐེ་ཝན་ནང་བསྡད་པས་རྗེས་སུ་ཐེ་ཝན་གཞུང་གིས་ཕྱིར་འབུད་གཏོང་སྐབས་མི་འདིའི་རྙོག་དྲ་འགའ་སྤྱི་འཐུས་གྲོས་ཚོགས་ནང་གླེང་སློང་བྱུང་བ་རེད། དེ་རྗེས་ཨ་ལགས་ཟམ་གདོང་གིས་ཡང་བསྐྱར་ཨོ་སི་ཊི་ལེ་ཡ་ལ་བསྐྱལ་བ་རེད། ད་མང་ཡ།་ད་མང་ཡ།
སྐུ་ཞབས་བཀྲ་ཤིས་རྒྱ་མཚོ་ལགས་ཁྱེད་ཀྱིས་ངའི་དྲི་བར་ལན་འདེབ་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་ཧོལ་རྒྱུག་བྱེད་མཁན་ཞིག་མིན་ནོ་དགའ་ནི་ཡིན།
གང་ལྟར་སྐུ་ངོ་རྣམས་ཀྱི་མཛད་ལོག་འདིའི་རིགས་ལ་བདེན་པ་མཐའ་སྐྱེལ་བྱེད་རྒྱུ་ཡོད་ཚེ་ཐེར་འདོན་བྱོས་ཏེ་མངས་ཚོགས་ལ་གོ་རྟོགས་སྤེལ་བྱེད་བྱས་ན་དེ་ནོར་མེད། ད་ཡིན་ན་ཁྱེད་ལ་གདེངས་ཚོད་ཡོད་ན་ཧ་ཅིང་ཡག་པོ་རེད། མུ་མཐུད་དུ་ཐེར་འདོན་གྱི་ལས་ལ་བརྩོན་རོགས་ཞུ།
སྐུ་ཞབས་ལགས་རྗེས་ཕྱོགས་སུ་ཡང་དེ་འདྲའི་གསར་འགྱུར་ཚ་བོ་རེ་ཡོད་ན་གསར་ཤོག་ཐོགས་བཀོད་རོགས་ཞུ།
ཨོ་ལགས་སོ་་་་་་་་གོང་གི་འདན་ཚ་ཚེ་རིང་ཚང་གི་དྲི་བ་དེ་ང་ལ་ཡིན་ཡིན་པ་རེད ། ངས་སྐུ་ངོ་ཨ་ཏི་ཤའི་མཛད་སྤྱོད་ཀྱི་ཟུར་ཙམ་ཞིག་བྲིས་བས་ཧ་ཅང་ཚབ་ཆེན་དུ་གྱུར་ཡོད་ན་སྐུ་ངོའི་མཛད་སྤྱོད་དེ་དག་ཚབ་ཆེན་རང་བཞིན་དུ་མི་འགྱུར་བའི་རྒྱུ་མཚན་གང་ཡིན་ནམ ། བགྲོ་གླེང་ཚོགས་འདུ་ཞིག་ཨོ་སི་ཊིར་ལེ་ཡའི་ནང་འཚོགས་ན་ང་ཡོངས་ཐུབ་ལ་ལན་ཡང་རྒྱག་ཆོག ། དེ་མིན་རྒྱལ་ཁབ་གཞན་ཞིག་གི་ནང་དུ་འཚོགས་ན་དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པས་ཡོངས་ཐབས་བྲལ ། ལར་ཞུ་རྒྱུ་ཞིག་ལ་བདེན་དབང་མེད་ན་ཧོལ་རྒྱུགས་བྱེད་མཁན་ཞིག་ང་ཡང་མིན །
དྲ་གྲོགས་གངས་བུ། དགོངས་དག་ཞུ། ངས་དྲི་བ་འདི་གོང་གི་གནས་ཚུལ་མཁོ་འདོན་པ་སྐུ་ཞབས་བཀྲ་ཤིས་རྒྱ་མཚོ་ལ་འདྲི་འདོད་ཡིན།
དེའི་ཕྱིར་དྲི་བ་འདི་དག་ལ་ལན་རེ་ཡོང་རྒྱུ་རེ་པ་ཡིན།
བསྐྱར་དུ་ཞུ་རྒྱུ་ཞིག་ལ། དྲ་གྲོགས་གངས་བུ་ལགས་ཁྱེད་ཀྱིས་སྐུ་ངོ་ཨ་ཏི་ཤྰ་ཟེར་བ་དེའི་བྱ་སྤྱོད་སྐོར་མང་པོ་ཞིག
བྲིས་འདུག་དེ་ཧ་ཀྱང་ཚབ་ཆེན་རེད། འོན་ཀྱང་ངས་འདྲི་འདོད་པ་ཞིག་ལ་གལ་ཏེ་གནས་
ཚུལ་འདིའི་ཆེད་དུ་བསྒྲོ་གླིང་ཚོགས་འདུ་ཞིག་འཚོག་ནས་ཁྱེད་བདེན་དཔུང་ཅི་ཡོད་ཅེས་
དྲི་བ་བཏོན་ན་དེ་དུས་ལན་རྒྱག་དགོས་པ་རེད།
ད་དུང་གཞོན་ནུ་ཚོགས་པ་གསར་འཛིག་བྱས་པ་དེར་ཁོ་དང་འབྲེལ་བ་ཡོད་མེད་སུ་ཡིས་ཤེས།
གང་ལྟར་ང་ལ་དགོས་ནི་དྲ་གྲོགས་ཉིད་ཀྱིས་ཐེ་ཚོམ་འདི་དག་ལ་ལན་འདེབ་ཞིག་གནང་རྒྱུ་
ངའི་རེ་བ་ཡིན།
ཨ་ཨ་ཨ། ནམ་མཁའ་བསྟན་འཛིན་ཁྱོད་ཀྱིས་འདི་འདྲ་ཞིག་བཤད་ཡོང་བསམ་པ་རྨི་ལམ་ལ་ཡང་འཁོར་མ་མྱོང་། ཕྱི་རྒྱལ་དུ་དོན་གཅོད་དུ་འགྲོ་མཁན་ཕྱི་རྒྱལ་ཕྱི་འབྲེལ་མཁས་པ་ལོས་དགོས་ཏེ་གཙོ་བོ་ཕྱི་འབྲེལ་མཁས་པ་བྱེད་པ་ལ་ཡང་ལག་ཆ་ཞིག་དགོས་ཀྱི་རེད། གཙོ་བོ་དེ་རྒྱལ་ཁབ་གཞན་ཚོར་མཚོན་ན་ཚོང་ལས་དང་དམག་དོན་སོགས་རེད། རང་རེ་ལ་དེ་མེད་པ་རེད། དེ་ཡིན་དུས་ཡོད་ན་མེད་ན་དེ་བོད་ཀྱི་གནད་དོན་ཁྱབ་བསྒྲགས་དང་ནང་ཆོས་སོགས་བོད་ཀྱི་རིག་གཞུང་སློབ་སྟོན་བྱེད་པ་ཙམ་ཞིག་རེད། རྒྱལ་བ་རིན་པོ་ཆེས་ཀྱང་བོད་དོན་དང་ནང་ཆོས་འཆད་སྤེལ་ལ་བརྟེན་ནས་ཕྱི་འབྲེལ་འཛུགས་ཀྱིན་ཡོད་པ་རེད། དོན་གཅོད་ཟེར་བ་འདི་ཚོ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རེད་ཟེར་གྱིན་ཡོད་པ་རེད། ཡིན་ན་ཡང་མི་སྐྱ་དོན་གཅོད་འདི་ཚོས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དེ་ཙམ་བྱེད་ཐུབ་ཀྱིན་མི་འདུག ཆོས་རྒྱུད་རིས་མེད་ཀྱི་སྒོ་ནས་སོ་སོའི་དགོན་པ་ཆེ་གྲས་ཚོའི་ནང་ནས་བླ་སྤྲུལ་དགེ་བཤེས་དྲག་ཤོས་མིང་གྲགས་ཀྱང་ཡོད་པ་དེ་རིགས་ལ་སྐྱབས་མགོན་རིན་པོ་ཆེས་སློབ་སྟོན་དང་འབྲེལ་ནས་བཏང་ན་མི་ལེགས་སམ། ཧོར་གཙང་པ་ཁྱོད་ཀྱིས་གྲྭ་བས་དོན་གཅོད་མི་ཡོང་བའི་སྒྲུབ་བྱེད་ལ་སྔོན་མ་སྡེ་པ་གཞུང་གི་ཅིག་ཅིག་མིག་མིག་གིས་མ་འགྲིགས་ཚུལ་ཞིག་དྲངས་འདུག་མོད་སྡེ་པ་གཞུང་གི་ལས་སྣེ་མཐོ་ཤོས་མང་པོ་ཞིག་གི་ཕྱག་ལས་གནང་སྟངས་ལ་ལ་ལྟ་ཕྱི་མིག་བལྟས་ན་སྙིང་ལ་གཟེར་ཤད་རྒྱུག་ས་མང་པོ་འདུག གྲྭ་པ་ཁ་ཤས་ཤིག་ཙམ་ག་ལ་ཡིན། དེ་བཞིན་དགེ་བཤེས་ཅིག་ཅིག་གིས་ཞབས་འདྲེན་ཞུས་སོང་ཟེར་བ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་ད་གྲྭ་བ་དོན་གཅོད་དུ་གཏོང་བ་མཚམས་འཇོག་བྱེད་ཟེར་ན་གྲུང་པོའི་བྱ་སྟངས་ཤིག་ཨེ་ཡིན་ནམ། ཁྱོད་ཀྱིས་ཀྱང་ཧྥ་རན་སིར་སྡོད་མཁན་གྱི་བླ་གྲྭ་ཚོར་བོད་དོན་གསལ་བཤད་ཀྱི་གོ་སྐབས་མང་ཙམ་འདུག་ཀྱང་ཤོད་ཀྱིན་མི་འདུག་ཟེར་བ་དེ་ཡང་ཁོ་ཚོ་ལ་འགན་མ་སྤྲད་ན་དེ་ཀ་ཙམ་དུ་གྲྭ་བ་ཞིག་གིས་ཆབ་སྲིད་བཤད་བསྡད་ན་དེ་ཙམ་འོས་པོ་མེད་པ་རེད། ད་དུང་འདིའི་སྐོར་ལ་བཤད་རྒྱུ་མང་པོ་ཡོད།
བཙན་བྱོལ་སྤྱི་ཚོགས་འདིའི་ནང་སྐུ་ངོའི་རྐུབ་སྐུ་ངོས་འགེབས་པའི་སྲོལ་བཟང་ཞིག་ཡོད་པས་ཨ་ཏི་ཤྰ་ཡི་བྱེད་སྟངས་འདི་མ་མཐོང་མ་ཐོས་ཀྱིས་འཇོག་ཤས་ཆེ ། དེ་ནི་བདེན་པ་ལས་རྫུན་པ་ཤུགས་ཆེ་དྲགས་པས་རེད ། འཇིག་རྟེན་ངོ་མས་དཀར་ནག་གི་གོ་ལྡོག་འདུག །
དྲ་གྲོགས་ནོར་འཛིན་དོན་འགྲུབ་ལགས་བོད་རེ་འབྲི་ཐུབས་ན་ཨ་ཅིང་ཡག་པོ་འདུག་ང་ཚོ་ཚང་མས་བོད་རང་གི་སྐད་ཡིག་གི་ཆེད་དུ་བོད་ཡིག་ཁོ་ན་སྤྱད་ན་ག་འདྲ་འདུག
རེ་བ་ཡིན་དགོང་པ་མ་ཚོམས།
it make unpleasure to hear such condition.
གསུམ་དུས་གསུང་འཕྲིན་མཚོ་ཐོག་ནས་འབྱོར་དགོས་པས་རེད། དུས་རབས་ཉེར་གཅིག་པའི་རྐུབ་ངོས་ཁྱེད་རང་ལ་ཁག་མི་འདུག ཕྱི་རྒྱལ་ཡུལ་གྲུ་ཚང་མར་གསུང་འཕྲིན་འབྱོར་ས་ལ་ཨོ་སི་ཊི་རི་ཡར་མ་འབྱོར་བ་་་་་་་་་་ཨ་་་་་་ཡ་མཚན་་
ད་བོད་ཀྱི་སྐུ་ངོ་ཁ་ཅིག་གི་ལས་ཀ་དེ་དེ་ལྟ་བུའི་ངུ་བྲོ་བ་རྐྱང་རྐྱང་རེད། གནས་ཚུལ་དེ་དང་དེ་ལྟ་བུ་ཧ་ཅིང་ཐབས་སྡུག་རེད། དངོས་གནས་བློ་ཕམ་ཡོད། མི་ཁོ་འདྲ་ཞིག་སྐུ་ཚབ་ཏུ་བཞག་པ་ནོར་བ་རེད། མིང་ལ་སྐུ་ཚབ་བཏགས་སྟེ་དོན་དངོས་སུ་རང་དོན་ཁོ་ན་གཉེར་མཁན་འདིའི་རིགས་ད་ལྟ་ཉིད་དུ་ཚར་གཅོད་བྱས་ན་ཡག་ཤེས་རེད། མི་འདི་ལྟ་བུ་ལ་རྒྱལ་ཞེན་མི་འདུག་ལ་སྤྱི་སེམས་དེ་བས་ཀྱང་ག་ལ་ཡོད།
རང་དོན་ལ་ཅི་བྱེད་དགོས་ན་དག་དག་གོ་སྐབས་དམ་འཛིན་བྱེད་མཁན་དེ་འདྲ་ཡིན་ས་རེད། ད་ཁོ་རང་ཕྱུག་པོ་ཆགས་ཡོད་པ་དང་གཉེན་ཉེ་མང་ཐག་ཆོད་ཅིག་ཕྱི་རྒྱལ་དུ་འཐེན་ཡོད་རྒྱུ་རེད། གོ་ཐོས་སུ་ཁོ་རང་ཡང་Australia ཡའི་མི་སེར་ཆགས་ཡོད་ཚོད་འདུག དེ་ལྟ་བུའི་སྒེར་དོན་ཁོ་ནར་གཉེར་བ་ལས་བོད་པ་ཚང་གི་སྤྱི་དོན་དགོས་རབས་མི་འདུག གལ་ཏེ་ཡོད་ན་སུམ་བཅུའི་དུས་དྲན་ལ་ཡོང་རྒྱུ་གལ་ཆེན་ནང་གི་དོན་ཆེན་མ་ཡིན་ནམ།
ཐབས་སྐྱོ་བ་ལ།
མི་འདི་ངོ་མ་རྩོད་གཞི་ཅན་ཞིག་དང་ཡིད་ཕམ་བཟོ་མཁན་ཞིག་རེད། ང་རང་ལ་ཨོ་སི་ཊི་ལི་ཡ་ནས་ཡིན་པའི་དགེ་བཤེས་ངོ་ཤེས་ཤིག་ཡོད་ལ། ཁོང་གིས་གསུངས་པར་གཞིགས་ན་ཨ་ཏི་ཤ་ཞེས་པའི་མི་འདིས་ནང་མི་རྒྱལ་ཁོངས་བཟོ་ཐབས་དང་གཉེན་ཉེ་གནས་དེར་འཐེན་ཐབས་ཙམ་མ་གཏོགས་བོད་དོན་ཐད་ཚིག་གཅིག་ཀྱང་གླེང་ཐུབ་མཁན་ཞིག་མ་ཡིན་པའི་ཁར། རྒྱ་མིའི་ཁྲོད་ཀྱི་མི་རྩོད་གཞི་ཅན་ནམ་རྙོག་དྲ་ཅན་མ་གཏོགས་བོད་གཞུང་དང་སྐུ་སྒེར་ལ་ངོ་སྤྲོད་བྱེད་ཀྱི་མེད་པས། ཕལ་ཆེར་ཁེ་བཟང་གང་རུང་ཞིག་གི་བཟུང་དམག་ཏུ་གྱུར་ཟིན་པའམ། ཡང་ན། ནང་དཀྲུགས་ཁོ་ནས་དུས་འདའ་ཐབས་བྱེད་མཁན་ཞིག་ཡིན་ཚོད་འདུག དེ་བས། སུམ་ཅུ་དུས་དྲན་སོགས་ཁོ་རང་ལ་མཚོན་ན་འཛེམས་བྱ་མ་ཡིན་པའི་ངེས་པ་ག་དུས་ཀྱང་མེད།
ད་དུང་ཁོས་ཉེ་ཆར་ཨོ་སི་ཊོ་ལེ་ཡ་ནང་དུ་བོད་ཀྱི་གཞོན་ནུ་ཚོགས་པ་ཞིག་ཀྱང་བཙུགས་ཡོད་ལ་སྤྱིར་སྟངས་བོད་ཀྱི་གཞོན་ནུ་ཚོགས་པ་བཙུགས་པས་མ་འགྲིག་པ་མེད་ཀྱང་ཁོང་བོད་གཞུང་གི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་དག་དག་ཞིག་བསྡད་འེ་ཡོད་ན ། གཞུང་ཞབས་པ་ཞིག་གི་ལས་འགན་འེ་རེད །
ད་ཐེངས་སྤོབས་པ་ལགས་ཀྱི་བསམ་འཆར་ལ་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག
དོན་གཅོད་ཀྱི་ལས་ཀ་གཞུང་གི་འཛིན་སྐྱོང་དང་སྒྲིག་གཞི་ཤེས་བའི་སྒང་ལ་ཕྱི་འབྲེལ་གྱི་ལས་དོན་ལ་དམིགས་གསལ་མཁས་ཅན་རེ་ཡིན་དགོས་བ་རེད། སྔོན་ཆད་ནན་ཅིན་དང་པེ་ཅིན་སོགས་ལ་བཏང་བའི་ཨམ་པན་དེ་ཚོ་གྲ་ས་ནས་རེད། ཁྱེད་ཀྱིས་ཐུབ་བསྟན་སངས་རྒྱས་ཟེར་བ་དེའི་དེབ་ཀློག་དང་། ཁོ་ཚོས་ལོ་ཕྱེད་ཀ་རེར་རྒྱ་ནང་དུ་གནས་སྐོར་འདྲ་བོ་བྱས་ནས་བསྡད་རབས་ཞིག་བྲིས་འདུག བཙན་བྱོལ་དུ་ཡང་དུ་སོག་པོ་འདི་དམིགས་གསལ་རེད། བོད་ལ་ཆོས་འབྲེལ་ཡོད་པའི་རྒྱལ་ཁབ་རེད་ཅེས་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ཟེར་བ་ཞིག་དོན་གཅོད་དུ་བཏང་བ་མ་ཡིན་ནམ། མཐར་ག་འདྲའི་ཞབས་འདྲེན་ཞུས་སོང་། ཨ་ཏི་ཤ་ཟེར་བ་འདི་དེའི་སྔོན་ལ་ཐེ་ཝན་ནས་བསྡད་སྐབས་སྤྱི་འཐུས་གྲས་ཚོགས་སུ་དོན་གཅོད་ཀྱི་དངུལ་རྩིས་སྒང་ནས་སྐར་རྟགས་ཅན་གྱི་དྲི་བ་མང་པོ་སླེབས་ཀྱང་ཨ་ལགས་ཟམ་གདོང་གིས་ལྟོས་ལྟོས་རིག་རིག་ལ་གབ་པ་རེད། དེའི་སྒང་ནས་སྤྱི་འཐུས་ཞིག་དང་ཟམ་གདོང་གིས་ཨབ་ཕྲུག་ཡིན་མིན་བརྩད་པ་མ་ཡིན་ནམ། མི་འདི་ངོ་མ་དོན་གཅོད་ལ་འཇོག་རྒྱུ་མིན་རབས་འདུག
སྤྱིར་བཏང་གྲྭ་པ་ཡག་པོ་དེ་འདྲ་ཕྱི་རྒྱལ་ཁག་ཏུ་དོན་གཅོད་དུ་གཏོང་ཐུབ་ན་ཡག་པོ་ཡོད་ས་རེད། ཨ་ཏི་ཤ་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་འདི་སྤེལ་སོང་ཟེར་བ་ཞིག་ནི་མཐོང་རྒྱུ་མེད་པ་རེད། དོན་གཅོད་འདི་ཚོས་ཆོས་དང་རིག་གནས་འཆད་སྤེལ་ནི་ཤེས་ཀྱིན་མི་འདུག ཆབ་སྲིད་ཀྱི་ལས་འགུལ་སྤེལ་སར་ནི་མཐོང་རྒྱུ་མི་འདུག ཁོ་རང་ཚོ་ཁྱིམ་མི་ཉེ་འབྲེལ་ཚོའི་འདུག་ཆུས་བསྒྲུབས་ནས་བསྡད་ཡོད་རེད།
འདིར་མ་འགྲིགས་པ་ནི་ཨ་ཏི་ཤ་རང་ཉིད་ཡིན་ལ། བོད་གཞུང་ལ་ཁག་དཀྲི་བྱས་པ་དེ་བས་ཀྱང་མ་འགྲིགས། གོང་དུ་མི་ནག་ཚང་གིས་གསུངས་པ་བཞིན། སུམ་ཅུའི་དུས་དྲན་ནི་ལོ་ངོ་ལྔ་བཅུའི་རིང་ས་གནས་གང་དུ་ཡིན་རུང་དཔོན་རིགས་ཚོས། མི་དམངས་དང་མཉམ་གཅིག་ཏུ་གཞུང་འབྲེལ་གྱི་མཛད་སྒོ་གལ་ཆེ་དོན་ཆེན་དུ་བརྩི་སྲུང་བྱེད་ཀྱི་ཡོད། གཅིག་བྱས་ན་ཁོ་རང་གཞིས་སྒར་ཁག་ཏུ་བཞུགས་སྐབས་ཀྱང༌། གཞུང་འབྲེལ་གྱི་ལོ་འཁོར་དུས་དྲན་གནད་ཆེ་ཤོས་སུམ་ཅུའི་དུས་སྲུང་བརྩི་གནང་གི་མེད་ཚོད་རེད། འདི་འདི་འགོ་ནས་ནོར་འཁྲུལ་བཟོས་པ་ཞིག་རང་རེད། ད་དུང་དུས་རབས་འདི་འདྲར་སླེབས་ཡོད་ཀྱང་ྋགོང་ས་མཆོག་གི་གསུང་འཕྲིན་དུས་ཐོག་ཏུ་མ་འབྱོར་བར། ཟླ་ངོ་གཅིག་ཙམ་འགོར་འགྱངས་བྱུང་བ་འདི་རིགས་གཞུང་གིས་མ་འགྲིགས་པའམ། སྐུ་ངོ་ཨ་ཏིས་མ་འགྲིགས་པ་ཅི་ཡིན་ང་ཚོས་ཤེས་དགོས། གནས་ཚུལ་དེ་རིགས་ཆུང་ཆུང་མིན།
གསུམ་བཅུའི་དུས་དྲན་དང་སྐུའི་འཁྲུངས་སྐར། ནོ་སྦེལ་ཞི་བའི་གཟེངས་རྟགས་ཕུལ་བའི་ཉིན་མོ་གསུམ་ནི་གཞུང་འབྲེལ་གྱི་དུས་ཆེན་ལ་སྲུང་གཙི་གནང་གིན་ཡོད་ལ། ལྷག་པར་དུ་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་༧གོང་ས་མཆོག་ཀྱང་ཚོགས་མགོན་ལ་ཕེབས་ཀྱི་ཡོད་པ་རེད། སྐུ་ངོ་ཨ་ཊི་ཤཱའི་བཀའ་མོལ་འདི་ཅུང་ཡ་མཚན་འདྲ་ཞིག་རེད།