མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕུར་བུ་ཚེ་རིང་རིན་པོ་ཆེ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྔར་ལོའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་པའི་ཁམས་དཀར་མཛེས་ཀྱི་བོད་མི་ཞིག་ལ། ཉལ་གདན་འོག་ནས་ཐུང་མདའ་དང་མདེའུ་རྙེད་པར་ཉེས་པ་ངོས་ལེན་བྱ་དགོས་པར་ཚ་འདེད་བྱེད་ཀྱིན་ཡོད་ཀྱང༌། ད་ལྟའི་ཆར་ཁས་ལེན་བྱས་ཡོད་མི་འདུག

 

 

དབྱིན་ཡིག་གི་གསར་ལམ་ཁག་ཅིག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་བཙུན་མའི་དགོན་པ་ཞིག་གི་མགོ་གཙོ་ཕུར་བུ་ཚེ་རིང་རིན་པོ་ཆེ་ལགས། ད་ལྟ་དཀར་མཛེས་རྫོང་མི་དམངས་ཁྲིམས་ཁང་དུ་བཀག་ཉར་བྱས་ཡོད་པ་དང༌། ཉེན་རྟོག་པས་ཁོང་གི་ཉལ་གདན་འོག་ནས་ཐུང་མདའ་གཅིག་དང་མདེའུ་བརྒྱ་ལྷག་རྙེད་ཡོད་པའི་ཉེས་འཛུགས་བྱས་ཡོད་ཀྱང༌། ཕུར་བུ་ཚེ་རིང་གིས་ངོས་ལེན་བྱས་མེད་པ་དང༌། དེ་ནི་ཁོང་ལ་མ་ཉེས་ཁག་གཡོག་བྱས་པ་ཞིག་ཡིན་ཚུལ་ཁོང་གི་ཁྲིམས་རྩོད་པ་རྒྱ་རིགས་ལཱི་ཧྥང་པཱང་ལ་བརྗོད་ཡོད་འདུག 

གནད་དོན་དེའི་ཐད་ཕུར་བུ་ཚེ་རིང་ལགས་ཀྱི་ཁྲིམས་རྩོད་པས་གསར་ལམ་ཁག་ཅིག་ཏུ་བརྗོད་དོན། གལ་སྲིད་དགུང་ལོ་ ༥༢ ལ་སོན་པའི་ཕུར་བུ་ཚེ་རིང་རིན་པོ་ཆེ་ཡིས་ཐུང་མདའ་དང་མདེའུ་གསང་ཉར་བྱས་ཡོད་པ་བདེན་པ་ཡིན་ཚེ་བྱ་སྤྱོད་དེ་རིགས་ཁྲིམས་འགལ་ཆགས་ཀྱིན་ཡོད་པ་རེད། མ་མཐར་ཡང་ཁོང་ལོ་ངོ་ ༡༥ ལྷག་ལ་ཁྲིམས་ཁང་དུ་སྡོད་དགོས་པ་ཡོང་སྲིད་པ་ཞིག་རེད། ད་ལྟའི་ཆར་ཉེན་རྟོག་པས་ཐུང་མདའ་དེའི་ཡོང་ཁུངས་རྩད་གཅོད་དང། ཕུར་བུ་ཚེ་རིང་ལགས་ཀྱི་ལག་རིས་སོགས་ལ་རྟོག་ཞིབ་བྱས་ཡོད་པ་མ་རེད། འོན་ཀྱང། འདས་པའི་ཉིན་གྲངས་ ༤ ལྷག་རིང་ཉེན་རྟོག་པ་དང་ཉེས་དོན་ཞིབ་བཤེར་ཁང་གིས་མེ་མདའ་དེ་ཕུར་བུ་ཚེ་རིང་གི་ཡིན་པ་ངོས་ལེན་བྱ་དགོས་ཚུལ་གྱིས་ཁོང་ལ་ཚ་འདེད་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ཁོང་གི་ཆུང་མ་དང་བྱིས་པ་སོགས་ཀྱང་བཙོན་དུ་འཇུག་རྒྱུ་ཡིན་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་གྱིན་ཡོད་ཀྱང། ཕུར་བུ་ཚེ་རིང་རིན་པོ་ཆེ་ཡིས་ད་ཆར་གང་ཡང་ངོས་ལེན་བྱས་ཡོད་པ་མ་རེད། ཅེས་པེ་ཅིན་དུ་གཏན་སྡོད་བྱེད་མཁན་ཕུར་བུ་ཚེ་རིང་གི་རྒྱ་རིགས་ཁྲིམས་རྩོད་པ་ལཱི་ཧྥང་པཱང་གིས་གསར་ལམ་ཁག་ལ་བརྗོད་ཡོད་འདུག 

ཕུར་བ་ཚེ་རིང་རིན་པོ་ཆེ་མཆོག་གིས་སྔར་ལོ་སྤྱི་ཟླ་ ༥ བའི་ནང་དུ་ཁམས་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་ ༥༠ ལྷག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྐབས་སྣེ་ཁྲིད་བྱེད་མཁན་ཡིན་པའི་ཉེས་འཛུགས་འོག ཟླ་ ༥ ཚེས་ ༡༨ ཉིན་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

 

ཕུར་བུ་ཚེ་རིང་རིན་པོ་ཆེ་ལགས་བཙོན་འཇུག་བྱས་ཡོད་པ་འདིར་ས་གནས་མི་མང་གིས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང༌། ཕུར་བུ་ཚེ་རིང་རིན་པོ་ཆེ་ནི་རྒྱུན་དུ་མི་མང་དང་དཀའ་ངལ་ཅན་གྱི་མི་རྣམས་ལ་རོགས་རམ་གནང་གིན་ཡོད་པ་སོགས་བཀུར་བར་འོས་པའི་མི་ཞིག་ཡིན་པ་དང༌། དཀར་མཛེས་ཁུལ་དུ་ཕུར་བུ་ཚེ་རིང་རིན་པོ་ཆེ་ཡིས་རྒན་གསོ་ཁང་ཞིག་དང་སྨན་ཁང་གཉིས་བརྒྱབ་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༢༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༡༩ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

མཆན། 5

  1. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    གཉིས་པ།
    ཕྱི་ཟླ་ ༥ ཚེས་ ༡༩ ཉིན་འདི་གར་འབྱོར་བའི་གནས་ཚུལ།
    མདོ་ཁམས་ཏྲེ་ཧོར་དཀར་མཛེས་ནས་རླབས་ཆེན་གྱི་སྐྱེས་བུ་ཞིག་འཛིན་བཟུང༌།
    ཕྱི་ཟླ་ ༥ ཚེས་ ༡༩ ཉིན་འདི་གར་རྡ་ས་ཏྲེ་ཧོར་བ་ཐུན་མོང་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༤།༣༠ གཡས་གཡོན་ཙམ་ལ་མདོ་ཁམས་ཏྲེ་ཧོར་དཀར་མཛེས་དགོན་གྱི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་རྒྱ་གཞུང་ནས་གློ་བུར་དུ་འཛིན་བཟུང་གིས་བཙན་ཁྲིད་བྱས་ཟིན་འདུག
    དེ་ཡང་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཁུར་འགན་བཞེས་མཁན་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུའི་བླ་སྤྲུལ་དགེ་བཤེས་གང་ན་སུ་བཞུགས་པ་རྣམས་རིམ་བཞིན་རྒྱ་གཞུང་ནས་འཛིན་བཟུང་གིས་གཡོ་ཐབས་རབས་དང་རིམ་པ་སྤྱད་དེ་སྐུ་ཚེ་མ་ཟིན་པ་དང༌། སྐུ་ཁམས་མི་བདེ་བ་སོགས་ཆགས་པ་དུ་མ་ཞིག་བྱུང་ཟིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལ། ད་ལན་འཛིན་བཟུང་བཙན་ཁྲིད་བྱས་པའི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ནི་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་གྱི་སྤྲུལ་སྐུ་གྲགས་ཅན་ཞིག་དང༌། སྤང་རི་བུ་རམ་སྣ་བཙུན་དགོན་དང༌། གཡའ་བརྩེགས་དབྱར་སྟེང་བཙུན་དགོན་གཉིས་ཀྱི་ཐུགས་འགན་བཞེས་པའི་དབུ་བླ་དང༌། ས་གནས་མི་མང་གི་ཕན་བདེའི་ཆེད་རྒས་གསོ་ཁང་ཞིག་གསར་རྒྱག་གནང་བ་མ་ཟད། སྨན་ཚོང་ཁང་གཉིས་ཀྱང་གཉེར་བཞིན་ཡོད་པ་རེད།
    མདོར་ན་རིན་པོ་ཆེ་མཆོག་ས་གནས་དེ་གའི་རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་སེམས་འཁྲི་ས་ཞིག་དང་ལུང་པ་བདེ་འཇགས་བརྟན་ལྷིང་གི་ཕུག་རྩ་ཞིག་ཡིན་ནའང༌། རྒྱ་གཞུང་ནས་ཁུངས་ལྡན་གྱི་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་པ་ནི་ཆེས་བློ་ཕམ་གྱི་ཡུལ་ལས་མ་འདས། ཁོང་འཛིན་བཟུང་བཙན་ཁྲིད་བྱས་སྐབས་གཟུགས་ཁམས་གསལ་དྭངས་ཡིན། ཁོང་འཛིན་བཟུང་བྱས་པ་དེར་ས་གནས་དེ་གའི་མི་མང་ཙམ་མ་ཟད་རྒྱ་ཆེའི་བོད་རིགས་ཡོངས་ལ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་བྱུང་བ་ཡིན་པས་གཟུ་བོར་གནས་པའི་འཛམ་གླིང་གཞུང་མང་ཡོངས་ནས་མགོན་སྐྱབས་དཔུང་རོགས་ཐབས་ཤེས་ཅི་ཡོད་ཀྱི་སྐྱབས་འཇུག་ངེས་པར་དུ་གནང་རོགས་གནང་ཞེས་སྙིང་ཐག་པ་ནས་ཞུ་བཞིན་ཡོད་འདུག
    བོད་ནང་དངོས་ཡོད་གནས་ཚུལ་ཇི་བྱུང་འབྲེལ་བ་གནང་ཡུལ་ཚོགས་ཆུང་ནས་ ༢༠༠༨།༥།༡༩ ལ།

    Reply
  2. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    དཀར་མཛེས་ཀྱི་གྲགས་ཅན་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་དང་འབྲེལ་བའི་ན་ནིང་གི་ཁུངས་ལྡན་གནས་ཚུལ་ཁག་གཉིས།
    དང་པོ།
    ཕྱི་ཟླ་ ༥ ཚེས་ ༡༥ ཉིན་འདི་གར་འབྱོར་བའི་གནས་ཚུལ།

    མདོ་ཁམས་ཏྲེ་ཧོར་དཀར་མཛེས་སྤང་རི་བུ་རམ་སྣ་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་ཞི་རྒོལ་སྐད་འབོད་དང་རྒྱ་གཞུང་གིས་འཛིན་བཟུང་
    གཅར་རྡུང་བྱས་པའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ།ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དཀར་མཛེས་རྫོང༌། སུ་ངོ་ཤང༌། སྤང་རི་བུ་རམ་སྣ་བཀྲ་ཤིས་དགེ་འཕེལ་གླིང་གི་བཙུན་མ་རྣམས་ཀྱིས་ཞི་རྒོལ་སྐད་འབོད་བྱས་པར་རྒྱ་གཞུང་གིས་འཛིན་བཟུང་དང་མི་སྤྱོད་ལས་འདས་པའི་གཅར་བརྡུང་ཚད་མེད་བྱས་འདུག
    དེ་ཡང་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ བཟུང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་མུ་མཐུད་བྱས་དང་བྱེད་བཞིན་པར་རྒྱ་གཞུང་གིས་བོད་མི་མང་པོ་དམར་གསོད་དང་བརྡུང་རྡེག བཙོན་འཇུག་སོགས་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པ་དང༌། དམིགས་བསལ་དགོན་སྡེ་ཁག་གཙོ་གྱུར་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་པའི་མིང་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་དང༌། བོད་ནང་གི་ལས་འགུལ་ཁག་ལ་དྲག་སྤྱོད་ཅེས་པའི་མིང་འདོགས་ཀྱིས་དེ་ནི་ྋགོང་ས་མཆོག་ནས་བརྒྱུད་སྐུལ་བྱས་ཚུལ་སོགས་ཀྱི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་བཞིན་པ་ལྟར། སྤང་རི་སྣ་བཙུན་དགོན་དུའང་བཙན་ཤེད་ཀྱིས་ས་རྟགས་བསྡུ་རུབ་དགོས་པའི་ལས་འགུལ་སྤེལ་རྒྱུའི་ཆེད་ས་གནས་རིམ་པའི་ལས་བྱེད་དང་སྤྱི་བདེ་མི་སྣ་བཅས་ཐེངས་མང་སླེབས་ཡོད་འདུག་ཀྱང་བཙུན་མ་རྣམས་ནས་ད་བར་དང་ལེན་རྩ་བ་ནས་བྱས་ཡོད་མི་འདུག
    དེ་ལྟ་བུའི་བཙན་ཤུགས་དྲག་གནོན་གྱི་ས་རྟགས་བསྡུ་རུབ་ལ་དང་ལེན་རྩ་བ་ནས་བྱ་ཐུབ་མེད་པར་སོང་སྤང་རི་སྣ་བཙུན་དགོན་གྱི་བཙུན་མ་རྣམས་རང་འགུལ་གྱིས་རུག་རུག་བྱས་ཏེ་ྋགོང་ས་མཆོག་ལ་མཚན་སྨོད་སོགས་བདེན་པ་མ་ཡིན་པའི་སྐོར་ལ་དང་ལེན་དང་ས་རྟགས་བརྒྱབ་པ་ལས་ཤི་ན་དགའ་བ་དང༌། ད་སྡོད་ས་མ་རག་ནའང་འགྲོ་ན་དགའ། བསད་ནའང་འགྱོད་པ་མེད་པས་རང་གི་ཞེ་འདོད་གསལ་སྟོན་གྱི་ངོ་རྒོལ་བྱ་རུ་འགྲོ་རྒྱུའི་ནང་གྲོས་བྱས་ཏེ་ཕྱི་ཟླ་ ༥ ཚེས་ ༡༤ ཕྱི་དྲོ་བཙུན་མ་རྣམས་དཀར་མཛེས་རྫོང་ཐོག་ཏུ་དམ་བསྒྲགས་དང་དམག་དཔུང་ལ་མ་འཛེམ་པར་ཞི་རྒོལ་སྐད་འབོད་བྱེད་པར་ཕྱིན་འདུག
    ཐོག་མར་བཙུན་མ་ཚོ་གཅིག་ཤུག་རི་གླིང་ནས་ཡོང་བ་དང༌། ཚོ་གཅིག་བདེ་མགོན་པོ་ནས་ཡོང་ཏེ་བོད་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་སྐད་འབོད་ཤུགས་ཆེར་བརྒྱབ་པ་དང༌། ཡིག་ཆ་མང་པོ་བཀྲམ་བཞིན་ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་ལ་དཀར་མཛེས་རྫོང་གི་ཟམ་པའི་ཚུར་འགྲམ་གྱི་སུམ་མདོར་མཉམ་འཛོམས་བྱུང་བ་དང་དེ་ནས་ཟམ་པ་ཕར་ཕྱོགས་ཀྱི་ཉེན་རྟོག་པའི་ལས་ཁུངས་མདུན་བར་སྐད་འབོད་བྱེད་བཞིན་ཕྱིན་སྐབས་ཉེན་རྟོག་པ་དང་དམག་མིས་བཙུན་མ་ ༥༠ ལྷག་འཛིན་བཟུང་གིས་མོ་ཊ་ནང་མཉམ་བླུག་དང་བརྡུང་རྡེག་ཚད་ལས་འདས་པ་བཏང་ནས་ས་ཐོག་ཏུ་ཁྲག་དམར་ཐར་རེར་ཆགས་པ་མ་ཟད། བཙུན་མ་ཁ་ཤས་ཀྱི་གཟན་དང་ལྷམ་སོགས་བུད་ནས་བདག་པོ་རྒྱག་མཁན་མེད་པར་གྱུར་འདུག བཙུན་མ་རྣམས་རྒྱ་དམག་གི་མོ་ཊའི་ནང་བླུག་ནས་འཁྱེར་འགྲོ་བའི་སྐབས་ད་དུང་ཡང་སྐད་འབོད་དང་ཡིག་ཆ་གཏོར་བ་སོགས་བྱས་ཏེ་མཐོང་བ་ཙམ་གྱིས་ཡིད་སྐྱོ་དགོས་པ་དང་བོད་མི་གཞན་པ་རྣམས་ཀྱང་རང་སར་སྡོད་བཟོད་མེད་པའི་དྲན་སྐུལ་ཤུགས་ཆེ་ཞིག་བཏང་ཡོད།
    སྤྱིར་བཏང་སྤང་རི་སྣ་བཙུན་དགོན་དེ་ཉིད་དཀར་མཛེས་རྫོང་ནས་ས་ཐག་ཀི་ལོ་མི་ཊར་ ༢ ཙམ་གྱི་སར་ཆགས་ཡོད་པ་དང༌། ནམ་རྒྱུན་བཙུན་མ་ ༨༠ ལྷག་ཡོད་པ་ནས་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་བཙུན་མ་ཉི་ཤུ་ནང་སྐོར་ཞིག་གྲོང་གསེབ་ཏུ་ཞབས་བརྟན་བྱེད་པར་སོང་བའི་འཕྲོས་བཙུན་མ་ཡོངས་རྫོགས་ཞི་རྒོལ་སྐད་འབོད་ནང་མཉམ་ཞུགས་བྱས་ཡོད་པ་རེད།
    ད་དུང་བཙུན་དགོན་ནང་ལྷག་ཡོད་པའི་བཙུན་མ་རྣམས་ཆགས་ས་བརྟེན་ས་གང་ཡང་མེད་པ་དང་གར་འགྲོ་འདི་འགྲོ་མེད་པའི་གནས་སུ་ལྷུང་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་ཡོད་འདུག
    ཕྱི་ ༥ ཚེས་ ༡༤ དགོང་མོ་དཀར་མཛེས་སྤྱི་བདེ་ལས་ཁུངས་ནས་དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་ལ་དེ་རིང་ནས་བཟུང་གྲྭ་བཙུན་སུ་ཡང་གྲོང་ཁྱེར་ནང་འགྲོ་མི་ཆོག་པ་དང༌། གལ་སྲིད་ན་ཚ་འདྲ་ཕོག་ནས་འགྲོ་དགོས་བྱུང་བ་ཡིན་ཚེ་ས་གནས་དང་ཤང་གི་འགོ་ཁྲིད་བརྒྱུད་ཡི་གེ་བླངས་ཏེ་ཁག་ཐེག་ཁུར་མཁན་ལས་བྱེད་མི་སྣ་གཅིག་མཉམ་དུ་མ་ཡོང་ན་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་བཤད་བཞིན་ཡོད་འདུག
    ཕྱི་ཟླ་ ༥ ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཕྱོགས་སུ་འགྲུལ་པ་ཕར་འགྲོ་ཚུར་འོང་ཚུན་ཆད་བཀག་པ་དང༌། ཚོང་ཁང་སོགས་སྒོ་བརྒྱབས་ནས་ཤིན་ཏུ་ཛ་དྲག་པའི་གནས་ཚུལ་ཐོན་བཞིན་འདུག་པ་བཅས།།
    བོད་ནང་དངོས་ཡོད་གནས་ཚུལ་ཇི་བྱུང་འབྲེལ་བ་གནང་ཡུལ་ཚོགས་ཆུང་ནས་ ༢༠༠༨།༥།༡༥ ལ།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    རྒྱ་གཞུང་གི་བྱེད་སྟངས་འདི་ནི་གསར་པ་གང་ཡང་མ་རེད། སྔོན་མ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལའང་འདི་དང་འདྲ་བའི་ཉེས་འཛུགས་བྱས་ཏེ་ཁྲིམས་གཅོད་བྱས་པ་རེད། བོད་ཀྱི་གྲྭ་བཙུན་སྤྱི་དང་དམིགས་བསལ་སྤྲུལ་སྐུ་རྣམས་དྲག་སྤྱོད་པ་ཡིན་པའི་མཐོང་སྣང་ཞིག་བསྐྲུན་ཏེ། སྤྲུལ་སྐུ་ཚོའི་ཤུགས་རྐྱེན་མེད་པ་བཟོ་རྩིས་རེད།

    གནད་འགག་ནི། རྒྱ་ནག་གཞུང་གིས་འདི་འདྲ་བྱས་ནས་བོད་རྒྱའི་གནད་དོན་མེད་པ་བཟོ་ཐུབ་མིན་དེ་རེད། ངའི་བསམས་པར། འདི་འདྲ་བྱས་ནས་བོད་མིའི་སེམས་ནང་རྒྱ་གཞུང་ལ་འཁོན་སེམས་ཇེ་ཆེ་ལས་ཇེ་ཆུང་དུ་གཏོང་ཐུབ་ཀི་མ་རེད། བྱེད་སྟངས་འདི་ཚོ་རྒྱ་གཞུང་འུ་ཐུག་པའི་རྟགས་ཤིག་ཀྱང་རེད།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ལོ་ནི་འདས་ལོའི་མི་མང་ཞི་རྒོལ་བ་དེ་དག་གཅིག་རྗེས་གཉིས་མཐུད་དུ་བཙོན་དང་སྲོག་ཁྲིམས་ཀྱི་ལོ་ཞིག་ཆགས་ཡོད་པ་འདྲ། དྲ་ཐོག་ནས་གཅིག་རྗེས་གཉིས་མཐུད་དུ་བོད་ནང་གི་གསར་འགྱུར་རེ་བཀོད་དེ་འོང་དུས་གཅིག་ཚེ་བཙོན་རེད་འདུག གཅིག་སྲོག་ཁྲིམས་རེད་སོགས་ཀྱི་གནས་ཚུལ་ལས་གང་ཡང་ཐོས་ཀྱི་མི་འདུག འདི་ནི་རྒྱ་ནག་གིས་ལུག་གསད་ན་ར་སྙིང་འདར་ཟེར་བས་སྲིད་ཇུས་དེ་བོད་མི་མང་ལ་སྟོན་བཞིན་ཡོད་པ་མ་རེད་དམ། བོད་པ་ཚོ། བོད་ནང་གི་བོད་པའི་མི་སྣ་གལ་ཆེན་དེ་དག་གཅིག་རྗེས་གཉིས་མཐུད་དུ་ཁྲིམས་ཁང་དང་སྲོག་ཁྲིམས་བཅད་དེ་འོང་ན། ངེད་ཅག་བོད་རིགས་མི་མང་གཞིས་བྱེས་གཉིས་ཀྱིས་ད་ནི་ལྟད་མོ་བལྟས་དེ་གནས་ཚུལ་རེ་གསལ་བསྒྲགས་བྱོས་དེ་བསྡོད་རྒྱུ་ལས་ང་ཚོ་ལ་ལས་འགན་གང་ཡང་མེད་པ་ཡིན་ནམ་ཅི། འདི་ལྟར་ཡིད་སྐྱོ་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཀློག་དུས་སུ། དངོས་ནས་སེམས་པ་འདི་ནི་ན་ཟུག་རྐྱང་རྐྱང་ལས་གང་ཡང་མེད་པར་གྱུར་བཞིན་འདུག དྲ་གྲོགས་ཚོ། ངེད་ཅག་ལ་ཐབས་ཤེས་རེ་ཡོད་སྲིད་དམ། ཚང་མའི་བོད་ནང་ལོག་གི་བོད་མི་དག་གི་ཆེད་དུ་བགྲོ་གླེང་དང་ལས་འགུལ་སྤེལ་ཕྱོགས་ཀྱི་བསམ་ཚུལ་རེ་འདོན་རྒྱུ་ཡོད་ན་ཡག་པོ་འདུག

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་ལོ་ནི་འདས་ལོའི་མི་མང་ཞི་རྒོལ་བ་དེ་དག་གཅིག་རྗེས་གཉིས་མཐུད་དུ་བཙོན་དང་སྲོག་ཁྲིམས་ཀྱི་ལོ་ཞིག་ཆགས་ཡོད་པ་འདྲ། དྲ་ཐོག་ནས་གཅིག་རྗེས་གཉིས་མཐུད་དུ་བོད་ནང་གི་གསར་འགྱུར་རེ་བཀོད་དེ་འོང་དུས་གཅིག་ཚེ་བཙོན་རེད་འདུག གཅིག་སྲོག་ཁྲིམས་རེད་སོགས་ཀྱི་གནས་ཚུལ་ལས་གང་ཡང་ཐོས་ཀྱི་མི་འདུག འདི་ནི་རྒྱ་ནག་གིས་ལུག་གསད་ན་ར་སྙིང་འདར་ཟེར་བས་སྲིད་ཇུས་དེ་བོད་མི་མང་ལ་སྟོན་བཞིན་ཡོད་པ་མ་རེད་དམ། བོད་པ་ཚོ། བོད་ནང་གི་བོད་པའི་མི་སྣ་གལ་ཆེན་དེ་དག་གཅིག་རྗེས་གཉིས་མཐུད་དུ་ཁྲིམས་ཁང་དང་སྲོག་ཁྲིམས་བཅད་དེ་འོང་ན། ངེད་ཅག་བོད་རིགས་མི་མང་གཞིས་བྱེས་གཉིས་ཀྱིས་ད་ནི་ལྟད་མོ་བལྟས་དེ་གནས་ཚུལ་རེ་གསལ་བསྒྲགས་བྱོས་དེ་བསྡོད་རྒྱུ་ལས་ང་ཚོ་ལ་ལས་འགན་གང་ཡང་མེད་པ་ཡིན་ནམ་ཅི། འདི་ལྟར་ཡིད་སྐྱོ་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་ཀློག་དུས་སུ། དངོས་ནས་སེམས་པ་འདི་ནི་ན་ཟུག་རྐྱང་རྐྱང་ལས་གང་ཡང་མེད་པར་གྱུར་བཞིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese