མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་གསར་འགོད་རང་དབང་ལ་རྒྱབ་སྐྱོར་གནང་རོཊ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ཁག་གི་གཞུང་དང་ཚོགས་སྡེ། མི་སྒེར་ཡོངས་ནས་དམངས་གཙོའི་ཀ་བ་བཞི་བར་གྲགས་པའི་གསར་འགོད་ལས་རིགས་ལ་བརྩི་བཀུར་དང་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་ཞུ་དགོས་ལ། ལྷག་པར་དུ་རྒྱ་ནག་པེ་ཅིན་གཞུང་གིས་བོད་པའི་གསར་འགོད་པ་ཚོ་གློད་གྲོལ་དང༌། གསར་འགོད་རང་དབང་རྡོག་རོལ་འཕྲལ་དུ་མཚམས་འཇོག རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ཡོད་རབས་བཤད་པ་དངོས་འབྲེལ་ཡིན་ན། རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ཡུལ་ཆོལ་ཁ་གསུམ་ནང་རང་དབང་གིས་བསྐྱོད་དུ་འཇུག་དགོས་ལ། ལྷག་པར་དུ་བོད་པའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུར་སྔར་ནས་ངང་སྒུག་བྱས་ཡོད་པ་བཞིན་གང་མྱུར་ངོས་ལེན་ཡོང་དགོས་ཟེར།

 

ཕྱི་ཟླ་ ༥ ཚེས་ ༣ ནི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོར་འཁེལ་ཡོད་སྟབས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་རམ་ས་ལའི་རྒྱ་གར་རྡོ་ལ་རྡར་གསོལ་མགྲོན་ཁང་དུ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙིའི་མཛད་སྒོ་ཞིག་འཚོགས་ཡོད་ལ། ཉིན་མོ་འདི་དང་བསྟུན་སྟེ་ ༢༠༠༨ ལོར་རྒྱལ་སྤྱིའི་སྟེང་གི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་གི་གནས་སྟངས་དང༌། ལྷག་པར་དུ་བོད་ནང་གི་གསར་འགྱུར་ལས་རིགས་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པ་དག་གི་ཐད། གལ་ཆེའི་གསར་འགོད་གསལ་བསྒྲགས་ཤིག་བོད་རྒྱ་དབྱིན་གསུམ་ནང་སྤེལ་སོང། 

 

ཐེངས་འདིའི་མཛད་སྒོར་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་དང་ཚོགས་གཞོན་དོན་འགྲུབ་བཀྲ་ཤིས་གཉིས་གཙོས་པའི་རྒྱུན་ལས་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་བཙོས་པའི་གསར་འགྱུར་འབྲེལ་མཐུད་པ་ཁག་ཅིག་བཅས་བོད་པའི་གསར་འགོད་པ་ ༣༠ ཙམ་དང༌། ངྷ་རམ་ས་ལའི་རྒྱ་གར་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་གཉིས་གཙོས་པའི་རྒྱ་གར་གྱི་གསར་འགོད་པ་ ༢༠ ཙམ། དེ་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་བཅས་བསྡོམས་པའི་གསར་འགོད་པ་དང་འབྲེལ་མཐུད་པ་ ༥༠ ལྷག་ལྷན་འཛོམས་གནང་ཡོད། 

 

སྐབས་དེར་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙི་བྱ་དགོས་པའི་དམིགས་ཡུལ་དང་འབྲེལ་གསར་འགོད་གསལ་བསྒྲགས་བོད་ཡིག་ནང་སྒྲོགས་སྦྱང་གནང་དོན། དེ་རིང་འདིར་སྤྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣ ཉིན་ང་ཚོ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས། རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙི་དང་བསྟུན་ཏེ། བོད་ཕྱི་ནང་གི་གསར་འགོད་པ་རྣམས་གཙོ་བྱས་པའི་འཛམ་གླིང་གི་གསར་འགྱུར་ལས་རིགས་དང་འབྲེལ་ཡོད་ཚོགས་སྡེ་ཁག་དང་མི་སྒེར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ལྟ་རྟོག་གནང་མཁན་ཡོངས་ལ་འཚམས་འདྲི་བྱེད་ཀྱིན་ཡོད་ལ། སྤྱི་ལོ་ ༢༠༠༨ ལོར་དོན་རྐྱེན་འདྲ་མིན་འོག་རྐྱེན་ལམ་དུ་སོང་བ་དང། བཙོན་འཇུག་མནར་གཅོད་འོག་ཡོད་པ། དེ་བཞིན། སྲིད་གཞུང་དང་མི་སྒེར་བཅས་ཀྱི་དབང་ཤུགས་དང་བཙན་གནོན་འོག་ལྷག་ཡོད་པའི་གསར་འགོད་པ་དག་ལ་གདུང་སེམས་མཉམ་སྐྱེད་དང༌། ཁོང་ཅག་གང་མགྱོགས་གློད་གྲོལ་དང་གསར་འགྱུར་ལས་རིགས་ཐོག་རང་དབང་གིས་འཇུག་ཆོག་པའི་འབོད་སྐུལ་ཞུ་བཞིན་ཡོད། 

 

འདས་མ་ཐག་པའི་སྤྱི་ལོ་ ༢༠༠༨ ལོ་ནི། འཛམ་གླིང་གི་གསར་འགོད་ལས་རིགས་དང་སྨྲ་བརྗོད་རང་དབང་ཇེ་སྡུག་ཏུ་ཕྱིན་པའི་ལོ་ཞིག་ཆགས་ཡོད་ལ། ཨ་རིའི་རང་དབང་གི་དབང་ཁང་པ་ཞེས་པས་ཕྱི་ཚེས་ ༡ ཉིན་སྙན་ཐོ་བཏོན་པའི་ནང། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ ༧༠ ནང་གསར་འགོད་རང་དབང་ཡོད་པ་དང། རྒྱལ་ཁབ་ ༦༩ ནང་གསར་འགོད་རང་དབང་འབྲིང་ཙམ་ཡིན་པ། རྒྱ་ནག་དང་འབར་མ། ཁུའོ་པ། ལེ་བྷེ་ཡ། བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ ༦༤ ནང་གསར་འགོད་རང་དབང་རྩ་བ་ནས་མེད་པར་ངོས་འཛིན་བྱས་ཡོད་ལ། དེ་བཞིན། ཧྤ་རན་སའི་འཛམ་གླིང་གསར་ཤོག་མཐུན་ཚོགས་ཀྱི་གསལ་བསྒྲགས་ནང། ༢༠༠༨ ལོར་འཛམ་གླིང་དུ་གསར་འགོད་པ་ ༦༧༣ འཛིན་བཟུང་བཀག་ཉར་དང། གསར་འགོད་པ་ ༧༠ ཙམ་རྐྱེན་ལམ་ཏུ་ཕྱིན་ཡོད་ཚུལ་བསྒྲགས་ཡོད།

 

ང་ཚོ་བོད་པའི་གསར་འགོད་མཐུན་ཚོགས་ཀྱིས་ད་བར་ཤེས་རྟོགས་བྱུང་བ་ལྟར་ན།ལོ་སྔ་ཕྱིའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དྲ་རྒྱ་དང་མཆོད་མེ་དྲ་རྒྱ། གངས་གཞོན་གླེང་སྟེགས། དེ་མིན་གྱི་བརྡ་འཕྲིན་བརྒྱུད་ལམ་ཁག་ལ་སུན་གཙེར་དང་བརྡབ་གསིག་ཡང་ཡང་གཏོང་གིན་ཡོད་པ་མ་ཟད། རང་དབང་གི་གསར་འགོད་པ་དང་རྩོམ་པ་པོ་འོད་ཟེར་གྱི་མྱུར་འཕྲིན་དང་ཟིན་བྲིས་སོགས་ལ་གཏོར་བརླག་བཏང་ཡོད་ལ། མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་འཇམ་དབྱངས་སྐྱིད། སྔར་ལོ་ཐེངས་གཉིས་ལ་འཛིན་བཟུང་མནར་གཅོད་དང་ལས་གནས་ལ་འགྱུར་བ་བཏང་ཡོད། འཇིགས་བྲལ་གློག་བརྙན་བཟོ་སྐྲུན་ལས་རོགས་མགོ་ལོག་འཇིགས་མེད། ཐེངས་གཉིས་ལ་འཛིན་བཟུང་བཀག་ཉར་དང། བརྙན་འཕྲིན་གསར་འགོད་པ་གསེར་རྟ་རང་བྱུང༌། སྔར་ལོའི་ཟླ་དགུ་བར་བཀག་ཉར་འདྲི་རྩད་བྱས་ཡོད། ཁོང་ཅག་ད་ལྟ་གློད་གྲོལ་ཙམ་ཐོབ་པར་ང་ཚོས་དགའ་བསུ་དང་འབྲེལ་ཁོང་ཅག་གི་ལས་གནས་བསྐྱར་གསོ་དང༌། རང་དབང་གིས་གསར་འགྱུར་ལས་རིགས་ཐོག་ཞུགས་ཆོག་པར་འབོད་སྐུལ་ཞུ་བཞིན་ཡོད།

 

གོང་གི་དེ་དག་ལས་ཀྱང་བློ་ཚབས་ཆེ་ཤོས་ནི། འཇིགས་བྲལ་གློག་བརྙན་གྱི་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན། སྔར་ལོའི་ཟླ་ ༣ ཚེས་ ༢༤ ཉིན་འཛིན་བཟུང་བཙོན་འཇུག་དང༌། རང་དབང་གི་དཔར་བ་མགོ་ལོག་ཀུན་དགའ་ཚངས་དབྱངས། ད་ལོའི་ཟླ་ ༣ ཚེས་ ༡༣ ཉིན་འཛིན་བཟུང་བཙོན་འཇུག མཆོད་མེ་རྩོམ་རིགས་དྲ་བའི་གཙོ་གཉེར་བ་དཀོན་མཆོག་ཚེ་འཕེལ། ད་ལོའི་ཟླ་ ༢ ཚེས་ ༢༦ ཉིན་འཛིན་བཟུང་བཙོན་འཇུག ཁ་བའི་ཚེ་སྲོག་ཚགས་པར་གྱི་རྩོམ་སྒྲིག་པ་འབྲོག་རུ་ཚུལ་ཁྲིམས། ད་ལོའི་ཟླ་ ༤ ཚེས་ ༢ ཉིན་འཛིན་བཟུང་བཙོན་འཇུག་བྱས་ཏེ། ད་བར་ཁོང་ཅག་གར་ཡོད་དང་གནས་སྟངས་ཅི་ཆགས་གང་ཡང་ཤེས་རྟོགས་ཐུབ་མེད་པའི་ཐད་ང་ཚོར་ཧ་ཅང་བློ་ཚབས་ཆེན་པོ་ཡོད།

 

ང་ཚོ་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་དེ་རིང་གི་ཉིན་མོ་འདི་ཧ་ཅང་གི་གནད་འགག་ཅིག་ཏུ་བརྩིས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དམངས་དང། ལྷག་པར་དུ་གསར་འགྱུར་ལས་རིགས་དང་སྨྲ་བརྗོད་རང་དབང། འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་མཁན་སྤྱི་སྒེར་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཚོགས་སྡེ། མི་སྒེར་ཡོངས་ཀྱིས་དམངས་གཙོའི་ཀ་བ་བཞི་བར་གྲགས་པའི་གསར་འགོད་ལས་རིགས་ལ་བརྩི་བཀུར་དང། སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་གནང་དགོས་ལ། ལྷག་པར་དུ་རྒྱ་ནག་པེ་ཅིན་གཞུང་གིས་བོད་པའི་གསར་འགོད་པ་ཚོ་མྱུར་དུ་གློད་གྲོལ་དང༌། གསར་འགོད་རང་དབང་བཀག་སྡོམ་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་མ་ཟད། རྒྱ་གཞུང་གིས་དུས་རྒྱུན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་ཞི་བདེ་ལྷིང་འཇགས་དང་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང་ཚད་ལྡན་ཡོད་རབས་བཤད་པ་དེ་དག་དངོས་འབྲེལ་ཡིན་ན། རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ཡུལ་ཆོལ་ཁ་གསུམ་ནང་རང་དབང་གིས་བསྐྱོད་དུ་འཇུག་དགོས་ལ། ལྷག་པར་དུ་ང་ཚོ་བོད་པའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུར་སྔར་ནས་ངང་སྒུག་བྱས་ཡོད་པ་བཞིན་ངོས་ལེན་བྱ་དགོས། ཞེས་སྒྲོགས་སྦྱང་བྱས་སོང།

 

དེའི་རྗེས་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ནང་སྒྲོགས་སྦྱང་དང། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་རྒྱ་གར་ས་གནས་གསར་འགོད་མཐུན་ཚོགས་ཀྱི་སྐུ་ཚབ་བཅས་ནས་འབྱུང་འགྱུར་བོད་པ་དང་རྒྱ་གར་གྱི་གསར་འགོད་པའི་བར་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་པའི་གལ་ཆེའི་རང་བཞིན་བཅས་གསུངས་སོང། ཉིན་གུང་གསོལ་ཚིགས་འདེགས་འབུལ་གྲུབ་རྗེས། བོད་པའི་གསར་འགོད་པ་ཚོས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྱུང་འགྱུར་བོད་པའི་གསར་འགོད་མཐུན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང༌། ལྷག་པར་དུ་བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དོ་སྣང་དང་གསར་འགོད་པ་ཚོར་ཁ་ལྟ་མིག་ལྟ་གནང་ཕྱོགས་བཅས་ལ་གྲོས་མོལ་གནང་ཡོད། 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    གསར་འགོད་པ་རྣམས་ཀྱིས་བཟང་ངན་གྱི་གསར་འགྱུར་གང་ཡིན་རུང་། ལམ་སང་གསར་ལམ་ཁག་ནས་སྤེལ་ཐུབ་པའི་རེ་བ་ཡོད།
    སྤྱིར་དེང་སང་གནས་ཚུལ་ཧ་ཀྱང་མང་པོ་ཞིག་ཐོན་བཞིན་ཡོད་ཀྱང་ང་ཚོའི་གསར་ལམ་ནས་མཐོང་བ་ནི་ཧ་ཅུང་ཉུང་ཉུང་རེད། དེས་ན་གསར་འགྱུར་མང་ཙམ་གཏོན་རོགས།

    Reply
  2. གླང་དར་མ། says:
    ལོ་ 17 སྔོན།

    བཙན་བྱོལ་ནང་གི་བོད་པའི་གསར་འགོད་པ་ནི་མགྲོན་ཤོག་མ་རག་ན་རང་འགུལ་གྱིས་གསར་འགྱུར་ཚོལ་རུ་འགྲོ་མི་ཤེས་པ་དེ་སྐྱོ་སྣང་སྐྱེ་དགོས་པ་ཞིག་མ་རེད་དམ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་གསར་འགོད་པ་ཚོས་རྒྱལ་ཁབ་དང་རྒྱབ་ཁབ་བརྒྱུད་ནས་གསར་འགྱུར་འཚོལ་བ་འགྲོ་ཐུབ་ཀྱི་ཡོད་རེད་ལ། ང་ཚོའི་སྐྱབས་བཅོལ་གྱི་གནས་བབ་ཆགས་ནས་དེ་ཐུབ་ཀྱི་མེད་ནའང༌། རང་ཉིད་གནས་ཡུལ་ས་གནས་ཀྱི་གནས་ཚུལ་ཁག་ངེས་པར་འགོད་ཐུབ་པ་དགོས་རྒྱུ་དེ་གསར་འགོད་པའི་འགན་ཁྲི་བླ་ན་མེད་པ་དེ་ཡིན། བོད་པའི་གསར་འགོད་པ་ཚོས་དྷ་སའི་ཁོར་ཡུག་ནང་གནད་དོན་ཆུང་ཕར་ཞོག་ གནད་དོན་ཆེན་པོ་རིགས་ཧ་མ་གོ་བར་ལྷགས་འགྲོ་ཡི་ཡོད། དེ་བཞིན་སྤྱི་ཚོགས་ཀྱི་གནད་དོན་རིགས་ལ་དོན་སྣང་ཙ་བ་ནས་ཡོད་མ་རེད་ལ། ད་དུང་མང་གཙོ་ཀ་བ་བཞི་པ་ཟེར་བརྩོད་ལེན་བྱེད་ཀྱི་ཡོད་པ་ངོ་ཚ་དགོས་པ་ཞིག་རེད།

    Reply
  3. མིག་གསུམ་པ། says:
    ལོ་ 17 སྔོན།

    གསར་འགོད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་བྱེད།

    Reply
  4. སྒྲོལ་མ། says:
    ལོ་ 17 སྔོན།

    བྱེས་བཞུགས་རང་རིགས་གསར་འགོད་པ་དག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་རྣམ་པས་བོད་ཡུལ་གྱི་གསར་འགོད་པ་དག་གི་བདེ་སྡུག་ལ་སེམས་འཁྲུལ་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།ལངས་ཕྱོགས་དང་ལས་དོན་འདི་ཡིས་ཁྱེད་དང་ང་ཚོའི་ལུས་ཀྱི་ཁ་ཐག་རིང་ཡང་སེམས་ཀྱི་བར་ཐག་ཉེ་བ་མཚོན་ཡོད།

    Reply
  5. གསང་བ says:
    ལོ་ 17 སྔོན།

    བོད་པའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུརརྒྱབ་སྐྱོར་གནང་བར་སྨོན་ལམ་དང་
    རེ་བ་ ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese