བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་ ༤ ཚེས་ ༣༠ ཉིན་མདོ་སྨད་བླ་བྲང་བསང་ཆུ་རྫོང་བོད་ཡིག་སློབ་ཆུང་གི་ལོ་རིམ་བཞི་བ་དང་ལྔ་པའི་སློབ་ཕྲུག་རྣམས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག སྐབས་དེར་སློབ་ཕྲུག་ཚོས་༼གཉའ་གནོན་ལ་མགོ་བོ་མི་སྒུར༽ ཞེས་པའི་འཕྲེད་དར་འཕྱར་ཞིང༌། ང་ཚོར་རང་དབང་དང་དམངས་གཙོ་དགོས། ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། ཞེས་པའི་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་ཀྱང། དེ་མ་ཐག་སློབ་གྲྭའི་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ཚོ་ཡོང་སྟེ་བཀག་འགོག་བྱས་པར་བརྟེན། སློབ་གྲྭའི་སྒོ་རའི་ཕྱི་ལོགས་སུ་འབུད་ཐུབ་ཡོད་མི་འདུག
སློབ་ཕྲུག་དེ་དག་ཁྲོད་ལོ་ཆེ་ཤོས་ལོ་ ༡༧ དང༌། ཆུང་ཤོས་ལོ་ ༡༠ ཆགས་ཡོད་འདུག་ལ། སློབ་ཕྲུག་དེ་དག་གི་ལག་མཐིལ་དུའང་ངོ་རྒོལ་ཡི་གེ་བྲིས་ཡོད་འདུག ཉིན་དེར་རྒྱ་གཞུང་གི་ཉེན་རྟོག་པས་སློབ་ཕྲུག་ ༡༧ ཙམ་བཀག་ཉར་འདྲི་རྩིད་གྱིས་དགོང་མོ་ཕྱིར་ནང་དུ་ལོག་བཅུག་མེད་པ་མ་ཟད། ཕྱིར་ཉིན་སློབ་གྲྭའི་ཕྱི་ནང་བར་གསུམ་དམག་མས་དམ་དྲག་འོག གོང་གི་འཛིན་གྲྭ་དེ་གཉིས་ཀྱི་སློབ་ཕྲུག་དག་གི་ནང་མི་སློབ་གྲྭར་སྐད་བཏང་སྟེ། རྗེས་ཕྱོགས་སོ་སོའི་བྱིས་པའི་གནད་དོན་འདི་རིགས་ཡང་བསྐྱར་བཟོ་མི་འཇུག་རྒྱུའི་ཁས་ལེན་དམ་བཅའི་ཡི་གེ་འབྲི་རུ་བཅུག་ཡོད་པ་དང། སྤྱི་ཟླ་ ༥ པའི་ཚེས་ ༡ ཉིན་ནི་རྒྱ་ནག་གཞུང་འབྲེལ་ངལ་རྩོལ་དུས་ཆེན་དང༌། ཕྱི་ཚེས་ ༣ ཉིན་ནི་རེས་གཟའ་ཉི་མ་བཅས་ལ་འཁེལ་ཡོད་སྟབས། སློབ་ཕྲུག་ཡོངས་གུང་གསེང་དུ་བཏང་རྗེས་དམག་མི་རྣམས་ཀྱང་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཡོད་འདུག
རང་གི་མི་རིགས་ཀྱི་ཆགས་འཇིག་དང་དར་རྒུད་སོགས་མཐོང་ཐོས་གང་ཡང་མེད་པ་མ་ཟད་རྒྱ་གཞུང་གིས་རྟག་ཏུ་གུང་ཁྲན་ཏང་གི་བརྗིད་ཉམས་རྐྱང་རྐྱང་སྒྲོགས་པའི་་ཁོར་ཡུག་ཅིག་གི་ནང་དུ་རང་གི་མི་རིགས་ཀྱི་ཤ་ཞེན་མངོན་པ་ནི་དངོས་གནས་གཞི་ལུས་ཚོའི་གཟི་བརྗིད་རེད་
ཁ་སང་ངས་གནས་ཚུལ་འདི་གོ་མ་ཐག བོད་ནང་དུ་འབྲེལ་བ་བྱས་པ་ཡིན། བདེན་པ་རེད། འདི་ནི་བྱིས་པ་ཚོས་རང་འགུལ་གྱིས་སྤེལ་བའི་ཞི་རྒོལ་ཞིག་རེད། འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཟིན་ཐོ་གལ་ཆེན་ཞིག་ཡིན། ལོ་ངོ་བཅུ་ནས་བཅོ་ལྔ་ཅན་གྱི་བྱིས་པ་ཁག་ཅིག་འདི་ལྟར་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་
ལོ་ཆུང་གི་བྱིས ་པ་འདི་ དག་ གིས་ སེམས་ ན་ བོད་ ཡོད་པ་ ངོས་ གནས་ དགའ་ འོས་པ་ ཞཻག་ རེད།
ལོ་ཆུང་གཞོན་བྱིས་དེ་དག་གི་སེམས་ན་ཡང་བོད་དོན་ཐད་འདི་འདྲའི་ཚོར་ཤེས་དྲག་པོ་ཞིག་ཡོད་པ་ནི་ཧང་སངས་དགོས་པ་ཞིག་རེད། གནས་ཚུལ་དེས་ནི་གང་དུ་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད་ཅེས་པའི་བདེན་དོན་དེ་མཚོན་པར་བྱས་ཡོད་ཅིང་། དེ་བཞིན་བོད་ཀྱི་ལུང་པ་གང་སར་རྒྱ་སྤྱང་དམར་པོའི་གཉའ་གནོན་ཚད་བརྒལ་ཞིག་ཡོད་པ་ཡང་གསལ་སྟོན་བྱས་འདུག
ཡ་མཚན་གནས་ཚུལ་འདི་འདྲའི་རྐྱེན་ཞིག་ཡིན་པ་འདྲ། དེ་རིང་ངས་བོད་དུ་ཁ་པར་བཏང་དུས་ང་རང་གི་ཕུ་བོས་ང་རང་ལ་ད་ངེད་ཚོ་ཚང་མ་བདེ་མོ་ཡིན། དགོང་ཟས་ཟ་བཞིན་ཡོད། བྱིས་པ་གཉིས་ཀ་སློབ་གྲ་ནས་ཉིན་གསུམ་ལ་གུང་གསེང་རེད་ཟེར། དེ་དུས་ང་རང་གིས་རང་གི་ཕུ་བོ་འཚབ་འཚུབ་ཞིག་གནང་གི་ཡོད་པ་དེའི་རྒྱུ་མཚན་ཤེས་མ་སོང་། དེ་རིང་གནས་ཚུལ་འདི་མཐོང་དུས་ད་གཟོད་རྟོགས་སོང་། རྒྱུ་མཚན་ནི་ངས་ཚ་བོ་གཉིས་ཀ་སློབ་གྲ་དེའི་ནང་དུ་གི་སློབ་མ་རེད། གནམ་རྒན་མ། བོད་པ་འདི་ཚོས་ལས་དབང་འདི། ངས་ཕུ་བོ་ང་ལ་དེང་སང་ཡི་གེ་མ་ཤེས་ན་ལས་ཀ་ཡང་རེག་ཁག་པོ་རེད་འདུག་སོགས་མང་བོ་ཞིག་བཤད་རྩིས་བྱེད་ཞོར་དུ་ད་ངས་ཨ་མྱེ་ལག་དུ་འཇོག་ཨ་མྱེ་ལ་ཁ་བརྡ་བྱོས་ཟེར། དེ་ལྟར་ངེད་གཉིས་ཀྱིས་ཁ་བརྡ་མཚམས་བཞག་པ་ཡིན། ད་ནི་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་དུས། ངས་ཁ་པར་དེའི་ངའི་ཕུ་བོའི་ནང་མི་ལ་དཀའ་ངལ་རེ་བཟོས་མེད་པར་ཤོག
མི་རིགས་འདིའི་ཆེད་དུ། བོད་མིའི་རང་དབང་གི་ཆེད་དུ། གཞིས་བྱེས་མཉམ་འཛོམས་ཀྱི་ཆེད་དུ། བོད་ནང་ནས་མི་མང་དཀྱུས་མ་རྣམས་ཡར་ལངས་བྱས། དགེ་འདུན་པ་རྣམས་ཡར་ལངས་བྱས། བོད་རིགས་སློབ་ཆེན་རྣམས་ཡར་ལངས་བྱས། ད་བསྡད་ཀྱིན་བསྡད་ཀྱིན། སློབ་ཆུང་གི་བྱིས་པ་དག་གིས་ཀྱང་ཡར་ལངས་བྱས།
འོན་ཀྱང་། འདི་ཕྱོགས་སུ། བཙན་བྱོལ་དུ། ཕྱི་རྒྱལ་རང་དབང་ལུང་པ་རུ། ??