མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་སྦྱོང་རྫོགས་ཀྱང་སློབ་སྦྱོང་ཚར་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

              
དགེ་རྒན་ནི་མི་ཚེ་ལ་བརྩོན་པ་བསྐྱེད་ཐུབ་མཁན་ཞིག་ཡིན་དགོས་མ་ཟད།སློབ་ཕྲུག་གི་གནས་སྟངས་ལ་གཞིགས་ཏེ་གང་འདྲ་བྱ་དགོས་མིན་དང་། རང་ཉིད་ཇི་ལྟར་ཡར་རྒྱས་གཏོང་མིན་ཐད་སྤྲོ་བ་སྐྱེད་ཐུབ་མཁན་ཞིག་ཡིན་དགོས་ཟེར།

ཕྱི་ཟླ་ ༥ བའི་ཚེས་ ༡ ཉིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་མཆོག  རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་ཐུབ་བསྟན་བརྩོན་འགྲུས་མཆོག སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་གཙོས་དགེ་སློབ་ལྷན་འཛོམས་ཐོག  སྐུ་མགྲོན་གཙོ་བོ་མཆོག་ནས་སྐབས་བརྒྱད་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་མཐར་ཕྱིན་སློབ་མའི་ཆེད་དེེབ་༼འགུལ་གྱིན་པའི་རྣམ་ཤེས༽ཞེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ། སྐབས་ལྔ་བའི་གཞི་རིམ་འོག་མའི་ལོ་གཉིས་དགེ་རྒན་འོས་སྦྱོང་མཇུག་སྡོམ་དང་མཐར་ཕྱིན་སློབ་མའི་མཛད་སྒོ་འཚོགས་ཡོད།

སྐབས་དེར། ཤེས་ཡོན་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས།  ༢༠༠༤ ལོར་ཤེས་ཡོན་སྲིད་བྱུས་གསར་བ་གཏན་འབེབས་བྱས་པ་ནས་བཟུང། ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་ངོ་སྤྲོད་དང་ལག་ལེན་སོགས་ཀྱི་ཐད་ཟབ་སྦྱོང་རིམ་པར་སྤྲོད་ཀྱིན་ཡོད་པ་དང་། ད་བར་སཱ་ར་མཐོ་སློབ་དུ་ཟླ་ ༣ རིང་དམིགས་བསལ་དོ་དམ་དང་། ཟླ་ ༦ རིང་དགེ་རྒན་གྱི་གནས་ཚད་ཐོག་ཟབ་སྦྱོང། དེ་བཞིན་ངྷ་སྟེང་བོད་ཁྱིམ་སོགས་སུ་སྔོན་འགྲོའི་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་ཟབ་སྦྱོང་སྤྲོད་ཀྱིན་ཡོད། ད་རེབ་ཀྱི་འོས་སྦྱོང་དེ་སྲོལ་རྒྱུན་སློབ་ཁྲིད་ཀྱི་ཐབས་ལམ་དང་བྱེད་སྟངས་གཅིག་པུ་མིན་པར། དགེ་རྒན་གྱི་ཤེས་ཡོན་མཐོ་རུ་གཏོང་ཆེད་གཞི་རིམ་འོག་མར་དགེ་རྒན་གཙུག་ལག་རབ་འབྱམས་པའི་ཤེས་ཚད་དང་། སྔོན་འགྲོའི་དགེ་རྒན་ལ་གཙུག་ལག་རབ་འབྱམས་པ་དགོས་པའི་ཆ་རྐྱེན་བཏོན་ཡོད། ད་ལྟའི་བར་དགེ་རྒན་སཱ་ར་མཐོ་སློབ་གྱི་དགེ་རྒན་གཙོས་སློབ་གྲྭ་གཞན་དུ་ཕྱག་ལས་གནང་བཞིན་པ་དང། རྒྱ་གར་བ་སོགས་ཕྱི་མི་ ༩ ལྷག་གདན་ཞུས་ཀྱིས་འོས་སྦྱོང་སྤྲད་ཡོད། ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཐོག་སློབ་གྲྭ་གཞན་ནང་ཉིན་ ༡༠ ལྷག་ཉམས་མྱོང་བསྡུ་ལེན་དང་། སློབ་གྲྭ་དེ་དག་ནང་འོས་སྦྱོང་བ་ཚོར་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཟབ་སྦྱོང་སློབ་ཁྲིད་སོགས་ཀྱི་གོ་སྐབས་མང་པོ་སྤྲད་ཡོད། ཅེས་གསུངས་བྱུང་ལ། དེ་བཞིན།  སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་ཀྱིས། དེ་རིང་ནི། སཱ་ར་མཐོ་སློབ་ཐོག་མར་དབུ་བཙུགས་པ་ནས་སྐབས་ ༨ པའི་རིག་གནས་རབ་འབྱམས་པ་སློབ་ཐོན་གྱི་ཉིན་མོ་ཆགས་ཡོད་པ་འདི་བཀྲ་ཤིས་པའི་བྱ་བ་ཞིག་དང་། འཛིན་སྐྱོང་གནང་མཁན་དང་དེའི་འོག་འཚར་ལོངས་བྱུང་བ་དག་གི་མི་ཚེ་གཅིག་གི་འབྲས་བུ་མངོན་དུ་གྱུར་བའི་བྱ་བ་ཞིག་ཀྱང་རེད། དེ་ཡང། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། དང་པོ་རྒྱ་ཆེའི་ཐོས་པ་མང་དུ་བསྩལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།  ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཅེས་གསུངས་པ་བཞིན་ང་ཚོ་བསྔོ་བ་བསྐྱེད་པའི་དུས་ལ་བབས་ཡོད་པས། རང་ཉིད་ཀྱིས་གང་ཤེས་པ་དེ་བསམ་པ་རྣམ་དག་དང་ཀུན་སློང་བཟང་པོའི་ཐོག་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག  རྒྱུ་མཚན་ནི། ཕྱོགས་གཅིག་ནས་ད་ལྟའི་བོད་པའི་སྤྱི་ཚོགས་དེ་ཤེས་ཡོན་ཉམ་ཆག་གི་དུས་སྐབས་ཤིག་ལ་ངོས་འཛིན་དང་། ཕྱོགས་གཞན་ཞིག་ནས་ད་ལྟའི་གཞོན་སྐྱེས་ཚོར་རིག་གནས་རབ་འབྱམས་པ་སོགས་གནས་ཚད་དང་ཤེས་ཚད་གང་འཚམ་ཡོད་ཀྱང་ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པ་ཞིག་ཡོང་མ་ཐུབ་པ་དེ་ང་རང་གིས་ལྷག་བསམ་གྱིས་མ་འདང་བར་ངོས་འཛིན་བྱེད་བཞིན་ཡོད། ལྷག་བསམ་གྱི་རྒྱུན་སྐྱོང་རྒྱུ་དེ་ཤེས་ཚད་གཅིག་པུས་འདང་གི་མེད་པར། རྣམ་དཔྱོད་ལེགས་ཉེས་རྣམ་པར་དབྱེ་བའི་ཐོག་གོམ་པ་རྒྱག་དགོས་པ་དང་། ལྷག་བསམ་དང་པོ་དེ་ཤེས་རབ་ལ་བརྟེན་ནས་བྱུང་བ་རེད། ལྷག་བསམ་གཉིས་པ་དེ། འདིར་འཚར་ལོངས་བྱུང་བའི་སློབ་མ་དང་ང་ཚོ་གང་དུ་བསྡད་སའི་སྤྱི་ཚོགས། རྒྱ་ཆེ་ས་ནས་མི་རིགས་ལ་ཕན་པའི་ལས་དོན་སོགས་གང་ཡིན་ཡང་ང་ཚོས་ཕན་པ་ལས་གནོད་པ་སྐྱེལ་བ་ཡིན་ན་ཕན་ཉེས་ཀྱི་བློ་སྐྱེ་བ་དེ་ལ་སྙིང་རྗེ་ཟེར་གྱིན་ཡོད་པ་དང་། སྙིང་རྗེ་སྐྱེས་པ་ནས་ལྷག་བསམ་ཡོང་གི་ཡོད་པ་རེད། ཕན་ཐོགས་པའི་ཀུན་སློང་སྐྱེས་པ་ཡིན་ན་ད་གཟོད་ལྷག་བསམ་ཡོང་གི་ཡོད་པ་རེད། རང་གཞུང་ཤེས་རིག་ནས་ཀྱང་གཞོན་སྐྱེས་ཚོའི་ཤེས་ཡོན་ཐད་དགོངས་པ་བཞེས། འཆར་གཞི་དང་འགྲོ་གྲོན་བཏང་བའི་འབྲས་བུ་དེ་ང་ཚོའི་མ་འོངས་སོན་རྩ་དེ་དག་བོད་བསྟན་སྲིད་ལ་ནུས་པ་འདོན་ཐུབ་པ་ཞིག་དང་། ང་ཚོའི་སྤྱི་ཚོགས་ཚགས་ཚུད་དང་ཡ་རབས་སྤྱོད་བཟང་ཅན་གྱི་ངོ་བོར་སྐྱེད་སྲིང་བྱ་རྒྱུ་ནི་༧གོང་ས་མཆོག་གི་དགོངས་གཞི་རེད། དེ་བས། ཁྱེད་ཅག་གིས་རང་ཉིད་ཀྱི་ཤེས་ཡོན་དེ་སྤྱི་ཚོགས་དང་མི་རིགས་ལ་ཕན་པ་ཞིག་དང་། མ་འོངས་བོད་ཀྱི་རིག་གཞུང་ལ་འགན་འཁུར་ཐུབ་པ་ཞིག སཱ་ར་ལྟ་བུའི་མཐོ་སློབ་ཞིག་ཡང་བསྐྱར་གསར་འཛུགས་ཐུབ་མཁན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ། ཕྱི་རྒྱལ་སོགས་ཡུལ་གྲུ་གང་དུ་ཆས་ཀྱང་བོད་མི་ཡིན་པའི་འདུ་ཤེས་དང་ངོ་བོ་མ་བརླགས་པའི་ཐོག་ནས་མི་རིགས་ལ་ཕན་པའི་མི་ཞིག་ཏུ་འགྱུར་བའི་རེ་བ་བྱེད་བཞིན་ཡོད། ང་ཚོས་ད་ལྟ་ནས་ཧུར་བརྩོན་མ་བྱས་པ་ཡིན་ན། ང་རང་རྣམ་དཔྱོད་མེད་མཁན་ཞིག་གིས་བལྟས་ནའང་། ༧གོང་ས་མཆོག་གི་སྐུ་ཚེ་དང་ད་ལྟའི་བོད་མིའི་བསམ་བློ་གཏོང་སྟངས།སྤྱི་ཚོགས་ཀྱི་གནས་སྟངས་དང་དགོས་མཁོ་སོགས་ལས། དུས་འདི་ནས་རྩིས་པའི་མི་ལོ་ ༣༠ ནང་ང་ཚོ་བོད་མི་རིགས་ལ་སྔར་འཕྲད་མ་མྱོང་བའི་དཀའ་ངལ་ཞིག་འཕྲད་ཀྱི་ཡིན་པ་མཐོང་གི་འདུག ཅེས་གསུངས་བྱུང། མཐའ་མར། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་སློབ་ཐུབ་བསྟན་ལུང་རིགས་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་འོས་སྦྱོང་དེ་སཱ་ར་མཐོ་སློབ་དུ་གནང་དགོས་པ་དེ། དགོས་པ་རྒྱུ་མཚན་དམིགས་བསལ་ཅན་ཞིག་གི་ཐོག་གནང་བ་དང་། ལྷག་པར་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་འོག་གནང་བ་ཞིག་ཡིན་སྟབས། ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ་དང་རྒྱབ་ལྗོངས། ནང་དོན་དང་བཅས་སློབ་སྟོན་གནང་ཡོད། འོས་སྦྱོང་གི་དུས་ཡུན་རྫོགས་ཏེ་དངོས་སུ་ལས་དོན་ནང་ཞུགས་པའི་དུས་རིམ་ལ་སླེབས་ཡོད་པ་རེད། དབྱིན་ཇིའི་གཏམ་དཔེར། དགེ་རྒན་གྱི་ལས་དོན་དེ་མི་ཚང་མས་མཐོང་ཐུབ་པའི་ལས་དོན་ཞིག་མ་རེད། ཅེས་པ་བཞིན། དགེ་རྒན་གྱི་ལས་དོན་དེ་ཧ་ཅང་དཀའ་ཁག་ཆེ་བའི་ལས་དོན་ཞིག་རེད། དགེ་རྒན་གྱིས་འོས་འགན་འདི་ཕྲག་ཏུ་བླངས་པ་ནས་རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས། མ་འོངས་པའི་མི་རབས་སོགས་ཀྱི་ཆེད་རང་ཉིད་བློས་གཏོང་དགོས་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས། མ་འོངས་བའི་མི་རིགས་ལ་གང་ཞིག་མཁོ་བར་དམིགས་ཏེ་ཕྱག་ལས་གནང་དགོས་སྟབས། སོ་སོའི་འདོད་དོན་མང་པོ་ཞིག་བློས་གཏོང་དགོས་པའི་གནས་སྟངས་ཆགས་ཡོད། དགེ་རྒན་འོས་སྦྱོང་གི་ལས་རིམ་རྫོགས་པ་ཡིན་ཡང། སློབ་སྦྱོང་བྱེད་པའི་ལས་རིམ་རྫོགས་མེད། དགེ་རྒན་ཞིག་ཡིན་ན་མི་ཚེ་རིང་བོར་སློབ་སྦྱོང་ལ་བརྩོན་པ་བསྐྱེད་ཐུབ་མཁན་ཞིག་ཡིན་དགོས་མ་ཟད།སློབ་ཕྲུག་གི་གནས་སྟངས་ལ་གཞིགས་ཏེ་གང་འདྲ་བྱ་དགོས་མིན་དང་། རང་ཉིད་ཇི་ལྟར་ཡར་རྒྱས་གཏོང་མིན་ཐད་སྐྱོ་བ་མ་ཡིན་པར་སྤྲོ་བ་སྐྱེད་ཐུབ་མཁན་ཞིག་ཡིན་དགོས། སློབ་སྦྱོང་བྱེད་སྟངས་སློབ་གྲྭར་སྦྱོང་བ་དང་། ལས་འགན་ནང་ཞུགས་རྗེས་སློབ་སྦྱོང་དངོས་བྱེད་ཀྱིན་ཡོད་ཟེར་བ་བཞིན། དགེ་རྒན་ཚོས་དེ་ལ་གཟབ་དགོས་པ་རེེད། དབྱིན་ཡིག་ནང་། ཆེས་ཐོག་མའི་མཐོང་ཚུལ་གང་ཡིན་པ་དེ་མཐར་ཐུག་གི་མཐོང་ཚུལ་ཡིན་ཟེར་བ་ལྟར། དགེ་རྒན་ཚོས་སོ་སོའི་ཀུན་སྤྱོད་ཐད་ཧ་ཅང་གཟབ་ནན་བྱ་དགོས་ལ། ཕྱིའི་སྒྲིག་སྲོལ་འཁུར་ཐུབ་མཁན་ཙམ་མ་ཟད་ནང་སེམས་ཀྱི་སྒྲིག་སྲོལ་འཁུར་ཐུབ་མཁན་ཞིག་ཀྱང་ཡིན་དགོས། ཞེས་གསུངས་སོང། ཡང་ཁོང་གིས་སཱ་ར་མཐོ་སློབ་ཀྱི་སློབ་མའི་ཀུན་སྤྱོད་ཐད་གསུངས་དོན། ཕོག་ན་ཕན་པའི་རྟགས་ཟེར་བ་བཞིན། དེ་རིང་ང་སློབ་མ་མང་པོ་ཞིག་ལ་མཇལ་བདེ་བོ་མ་བྱུང་། གང་ཡིན་ཟེར་ན། ཤེས་ཡོན་དང་མཉམ་དུ་ཀུན་སྤྱོད་དགོས་པ་རེད། ཀུན་སྤྱོད་ཞེས་པ་དེ་གྱོན་གོས་ནས་མགོ་བརྩམས་ཏེ་གསོ་སྐྱོང་བྱ་དགོས་པ་ཞིག་རེད། ང་ཚོའི་རྒན་པ་ཚོས་བསླབ་བྱ་གཏོང་སྟངས་ལ་བལྟས་ནའང། བདུན་ཅུ་དོན་གྲངས་ནང་ང་ཚོའི་རྒན་པ་ཚོས་གཞོན་སྐྱེས་ཚོར། རྒན་པར་བརྩི་བཀུར་དང་བོད་གཞུང་ལ་ཞབས་ཞུ་སྒྲུབ་ཐུབ་མཁན་ཞིག ༧གོང་ས་མཆོག་གི་བཀའ་དང་དགེ་རྒན་གྱི་ཁ་ལ་ཉན་དགོས་པ་རེད། སློབ་སྦྱོང་ཡག་པོ་བྱ་དགོས་པ་རེད། ཅེས་བསླབ་བྱ་གནང་གིན་ཡོད། རྗེས་སུ་སློབ་གསོར་འགྱུར་བ་ཐེབས་ཏེ། གྲུང་པོ་དང་མགོ་བདེ་བོ་བྱ་དགོས། གཉོམ་ཆུང་བྱས་ན་གྱོང་རག་གི་རེད། ཅེས་༧གོང་ས་མཆོག་དང་བོད་གཞུང་གི་བཀའ་དྲིན་ཟེར་བ་དེ་ཧ་ལམ་མེད་པར་ཆགས་པ་དང། གཞུང་ཞབས་པའི་ཕ་མ་དག་གིས་ཀྱང་བུ་ཕྲུག་ཚོར་དབྱིན་ཡིག་སློབ་སྦྱོང་བྱས་རྗེས་ཨ་རིར་འགྲོ་དགོས་པ་རེད། གཞུང་ཞབས་བྱས་ན་ཕོག་མཐོན་པོ་ཡོད་པ་མ་རེད། ཅེས་སློབ་གསོ་སྤྲོད་བཞིན་ཡོད་པ་རེད། སློབ་གསོ་དེ་དག་ལ་བརྟེན་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་ག་ཚོད་འདུག དེ་དག་ལས་ནང་མི་ཚོས་བྱིས་པར་སློབ་གསོ་སྤྲོད་སྟངས་འགྲིག་གིན་མེད་པ་གསལ་བོ་རེད། དེེ་བཞིན། བཙན་བྱོལ་ནང་འཚར་ལོངས་བྱུང་བ་དང་སློབ་མཐར་ཕྱིན་པ་དག་གིས་ཅི་ཞིག་སྒྲུབ་ཐུབ་ཀྱིན་འདུག  བོད་ནས་སླེབས་པའི་སློབ་མ་དེ་དག་གིས་ཅི་ཞིག་སྒྲུབ་ཀྱིན་འདུག བོད་ནང་ནས་ཡོང་བ་ཚོས་སྐད་དང་ལུང་པའི་འགྲོ་སྟངས་མ་ཤེས་པའི་དཀའ་ངལ་མང་པོར་འཕྲད་ཀྱིན་ཡོད་ཀྱང། དེ་དག་གིས་དེབ་འདོན་པ་དང་ཚོགས་པ་གསར་འཛུགས་གནང་བ་སོགས་ལས་ཀ་མང་པོ་ཞིག་བྱེད་ཐུབ་ཀྱིན་ཡོད་པ་རེད། དེ་དག་ལ་བལྟས་ན་ང་ཚོས་སློབ་གསོ་སྤྲོད་སྟངས་དང་སློབ་མའི་ཀུན་སློང་དང་། ཕ་མའི་སློབ་གསོ་སོགས་ལ་བརྟག་དཔྱད་བྱས་ཏེ་སློབ་གསོ་སྤྲོད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང། 

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 7

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཡིག་ནོར། བདེན་མོད། དེ་གར་སློབ་བཞིན་པའི་སློབ་ཚན

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ང་ལ་སཱ་ར་སློབ་གྲྭའི་ཆ་རྒྱུས་ཆེན་པོ་མེད་མོད་བསྟན་འཛིན་ལགས་ཀྱིས་སཱ་ར་སློབ་གྲྭ་ནས་རབ་འབྱམས་པ་ཚད་ལྡན་གཅིག་ཀྱང་མ་ཐོན་ཞེས་པ་དེ་ག་རེ་ལ་དགོངས་ནས་གསུངས་པ་ཤེས་མ་བྱུང། རབ་འབྱམས་པ་པའི་ཚད་དང་མཚན་ཉིད་དེ་མདོ་རྒྱུད་བསྟན་བཅོས་ཀྱིས་གཏན་ཁེལ་བྱས་པ་འདྲ་ཡོད་པ་ཡིན་ནམ། སཱ་ར་སློབ་གྲྭའི་ལོ་གསུམ་གྱི་སློབ་ཡུན་དེར་བསམ་ན་ཡར་རྒྱས་ཐོད་རྒལ་ཅན་གྱི་བོད་ཡིག་གི་ཆེད་ལས་སློབ་གྲྭ་ཞིག་ཏུ་བརྩི་ཆོག་པ་མི་འདུག་གམ། གནམ་གྲུ་བཟོ་བ་དང་ཟླ་བའི་སྟེང་དུ་བགྲོད་པ་སོགས་མེད་པ་བདེན་ཡང་མོད་དེ་ནས་སློབ་བཞིན་པའི་སློབ་ཚན་དེ་ཚོའི་སྟེང་ནས་སློབ་ཁྲིད་དང་། གཞུང་ཞབས། རྩོམ་སྒྲིག་སོགས་ཀྱི་ལས་ཀ་བྱེད་ཀྱིན་ཡོད་མཁན་མང་པོ་མཐོང་སོང་། བཙན་བྱོལ་ནང་གི་དྲག་ཤོས་གཅིག་མ་རེད་དམ། ད་དུང་ཁ་གསལ་བཤད་ཐུབ་ན་ལེགས།

    Reply
  3. ཚེ་རིང་བཀྲ་ཤིས། says:
    ལོ་ 17 སྔོན།

    ཡ་ད་ཡང་ང་ཚོ་ལྷན་དུ་དྲ་ལམ་འདི་ནས་འཛོམ་སོང་། མུ་མཐུད་སྐད་ཆ་ཤོད་རྒྱྱ་ཡིན་དཱ།

    Reply
  4. བསྟན་འཛིན says:
    ལོ་ 17 སྔོན།

    ལོ་ངོ་བདུན་བརྒྱད་ཅིག་གི་རིང་ལ། སཱ་ར་མཐོ་སློབ་ཀྱི་རིག་གནས་རབ་འབྱམས་པ་ཐེངས་ཁ་ཤས་སློབ་མཐར་ཕྱིན་པ་རེད། དེ་དག་གྲས་ཀྱི་མང་ཆེ་བ་བྱེ་མའི་ནང་ལ་ཆུ་ཐིམ་པ་བཞིན་མཐོང་རྒྱུ་གོ་རྒྱུ་མེད་པར་གྱུར་སོང་ཞེས་དོ་སྣང་ཅན་མང་དག་ཅིག་གིས་གླེང་ཞིང་འདུག་པ་ཡང་ཡང་རྣ་བས་ཐོས། ད་ཡང་སྐོར་ཞིག་མཐར་ཕྱིན་ནས་སླེབས་སོང༌། འདི་ཚོ་ལོ་ཚང་ནས་སྒོར་འབུད་ཀྱི་མེད་པར་སྨོན་ནོ།། བསླབ་པ་མཐར་སོན་ནས་སྒོར་འབུད་ཀྱི་ཡོད་པར་སྨོན་ནོ།། གོ་ཐོས་ལ། སཱ་ར་མཐོ་སློབ་ནས་ལོ་ཤས་རིང་ཚད་ལྡན་གྱི་རིག་གནས་རབ་འབྱམས་པ་ཞིག་ཐོན་མྱོང་ཡོད་པ་མ་རེད་ཟེར། དེ་བདེན་པ་མིན་པར་སྨོན་ནོ།།

    Reply
  5. བསྟན་འཛིན says:
    ལོ་ 17 སྔོན།

    ལོ་ངོ་བདུན་བརྒྱད་ཅིག་གི་རིང་ལ། སཱ་ར་མཐོ་སློབ་ཀྱི་རིག་གནས་རབ་འབྱམས་པ་ཐེངས་ཁ་ཤས་སློབ་མཐར་ཕྱིན་པ་རེད། དེ་དག་གྲས་ཀྱི་མང་ཆེ་བ་བྱེ་མའི་ནང་ལ་ཆུ་ཐིམ་པ་བཞིན་མཐོང་རྒྱུ་གོ་རྒྱུ་མེད་པར་གྱུར་སོང་ཞེས་དོ་སྣང་ཅན་མང་དག་ཅིག་གིས་གླེང་ཞིང་འདུག་པ་ཡང་ཡང་རྣ་བས་ཐོས། ད་ཡང་སྐོར་ཞིག་མཐར་ཕྱིན་ནས་སླེབས་སོང༌། འདི་ཚོ་ལོ་ཚང་ནས་སྒོར་འབུད་ཀྱི་མེད་པར་སྨོན་ནོ།། བསླབ་པ་མཐར་སོན་ནས་སྒོར་འབུད་ཀྱི་ཡོད་པར་སྨོན་ནོ།། གོ་ཐོས་ལ། སཱ་ར་མཐོ་སློབ་ནས་ལོ་ཤས་རིང་ཚད་ལྡན་གྱི་རིག་གནས་རབ་འབྱམས་པ་ཞིག་ཐོན་མྱོང་ཡོད་པ་མ་རེད་ཟེར། དེ་བདེན་པ་མིན་པར་སྨོན་ནོ།།

    Reply
  6. གླིང་བུ་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    གྲོགས་པོ་ཚོ།
    ཁྱེད་ཅག་འདི་ལྟར་མཐོ་རིམ་རིག་གནས་རབ་འབྱམས་པ་ལེགས་ཐོན་ཟིན་པར་གུས་པས་སེམས་གཏིང་ནས་དགའ་བསུ་ཞུ།
    ཁྱེད་ཅག་གི་གཟི་བརྗིད་དང་ལང་ཚོ་ནི་མཆོད་རྫས་ཀྱི་མེ་ཏོག་དང་འདྲ་བར་དེ་རིང་ལྷག་པར་མཛེས་འདུག
    ཁྱེད་ཅག་མདུན་ནས་མདུན་དུ་བསྐྱོད་པའི་གོམ་སྟབས་ཡོད་ཚད་བོད་མི་རིགས་ཀྱི་ཆེད་ཡིན་པ་དང། ཁྱེད་ཅག་གི་མདུན་བསྐྱོད་ཀྱི་གོམ་སྒྲ་ཡོད་ཚད་ཀྱང་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་པར་སེམས།
    ཁྱེད་ཅག་ད་དུང་མུ་མཐུད་མ་ཡུམ་གངས་ལྗོངས་ཀྱི་ལུགས་ཟུང་གི་མངའ་ཐང་མཐོ་རུ་འདེགས་བཞིན་ཕེབས་པར་རེ་བ་དང་སྨོན་ལམ་བཅས།
    ཐུགས་རྗེ་ཆེ་ཞུ།

    Reply
  7. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    དགེ་རྒན་གྱི་ལག་ཁྱེར་རག་ཚར་བའི་རྗེས་ལ་རང་ཉིད་མཚར་ལོངས་བྱུང་སའི་སྤྱི་ཚོགས་འདིའི་ནང་དུ་ཞབས་ཞུས་དགོས་པ་ཐུགས་ནས་མི་བསྙད་པར་མཁྱེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese