མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་ཉིན་གསུམ་བཅུའི་དུས་དྲན་ཐེངས་ཉེར་གསུམ་པ། རང་རེའི་བདེན་མཐའ་རིམ་གསལ་འབྱུང་བཞིན་པའི་སྐབས་འདིར། གཞིས་བྱེས་བོད་རྒྱ་ཆེའི་མི་མང་ལ་བསྟོད་བསྔགས་དང་འབྲེལ་བའི་འཚམས་འདྲི་ཞུ་རྒྱུ་ཡིན། འཇིག་རྟེན་སྤྱི་ཚོགས་ཀྱི་བྱ་བའི་ནང་བདེན་རྫུན་ཕན་གནོད་ཀྱི་རྣམ་དབྱེ་དུས་དང་ལོ་རྒྱུས་ཀྱིས་ཤན་འབྱེད་བྱེད་པ་ལྟར། རང་རེའི་བོད་དོན་སྐོར་ལ་ཡང་མི་ལོ་ཉེར་གསུམ་གྱི་དུས་ཡུན་དེའི་རིང་གི་དངོས་བྱུང་ལོ་རྒྱུས་ནས་བདེན་པ་གང་ཡིན་དང༌། རྫུན་པ་གང་ཡིན་གྱི་ཕྱོགས་བསྡོམས་ཆེན་པོ་ཞིག་རྒྱབ་ཡོད། མེད་པ་ལ་ཡོད་ཅེས་སྒྲོ་བཏགས་དང༌། ཡོད་པ་ལ་མེད་ཅེས་སྐུར་འདེབས་ནག་བསུབ་གཏོང་བའི་མི་བདེན་རྫུན་སྒྲིག་གི་ངལ་བ་ཆེད་གཉེར་མ་དགོས་པར། ལོ་རྒྱུས་ཀྱི་བྱུང་བ་དོན་དངོས་ཐོག་ནས་བཟང་ངན་བདེན་རྫུན་མཐའ་གསལ་མཐིལ་མཐོང་བྱུང་དང་འབྱུང་བཞིན་པ་ལ་ཞིབ་མོའི་བློས་དཔྱད་དེ་བསླབ་བྱ་བླངས་ནས་དྲང་འབྲེལ་རྒྱུ་མཚན་ལྡན་པའི་དངོས་ཐོག་བདེན་འཚོལ་བྱ་རྒྱུ་ཤིན་ཏུ་གལ་ཆེ།

    ད་ལྟའི་དུས་སྐབས་འདིར་གཞིས་བྱེས་བོད་མི་མང་པོ་ཞིག་གི་བསམ་བློའི་ནང༌། སྤྱི་ཚོགས་གསར་རྙིང་དང༌། ཆོས། ལྟ་བ། ལམ་ལུགས་འདྲ་མིན་གྱི་འཆར་སྒོ་སྣ་ཚོགས་ཡོང་གི་ཡོད་པའི་སྐོར་ལ། སྔོན་ནས་རིམ་པར་བརྗོད་ཡོད་པ་ལྟར། དུས་རབས་ཉི་ཤུ་པའི་འཛམ་གླིང་ཡར་རྒྱས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་དྲང་བདེན་རྒྱུ་མཚན་ལྡན་པའི་དམངས་གཙོ་གསར་བརྗེའི་ལམ་ཕྱོགས་སུ་འགྲོ་བ་ལས། སྤྱི་ཚོགས་རྙིང་པའི་ལམ་ལུགས་བསྐྱར་གསོ་ཡོང་དོན་གཏན་ནས་མེད། མི་སྡེའི་སྤྱི་ཚོགས་ནང་ཕན་ཐོགས་ཡོད་ལ༑ རིགས་པ་ཚད་མ་དང༌། མྱོང་བ་ཚད་མས་ངེས་པ་དྲངས་རྒྱུ་ཡོད་པའི་ྋརྒྱལ་བའི་ལུང་གི་བསྟན་པ་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། རྟོགས་པའི་བསྟན་པ་བསླབ་པ་གསུམ་གྱི་ཉམས་ལེན་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་ངེས་པར་གཏོང་དགོས། ཡང་བླ་གྲྭ་སྡེ་དགོན་གྱི་འཚོ་ཐབས་དང༌། འཛིན་སྐྱོང་འགྲོ་སྟངས་དུས་བསྟུན་སྒྱུར་བཅོས་ངེས་པར་འགྲོ་དགོས་པ་ཡོད།

    སྤྱི་ཚོགས་དང༌། དཔལ་འབྱོར་སོགས་ཀྱི་ལྟ་བ་སྣ་ཚོགས་དང༌། ཐབས་ལམ་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་ཇི་ལྟར་ཡུལ་ལུང་ཐ་དད་པའི་ཆུ་ཀླུང་ཐམས་ཅད་མཐར་ཐུག་རྒྱ་མཚོ་ཆེན་པོར་གཞོལ་ཞིང་འབབ་པ་ལྟར། ལྟ་སྤྱོད་ཐབས་ལམ་སྣ་ཚོགས་པ་དེ་དག་ཐམས་ཅད་ཀྱང་མཐར་ཐུག་དམིགས་ཡུལ་འགྲོ་བ་མིའི་རིགས་རང་ཉིད་ཀྱི་ཁེ་ཕན་ཐོག་སྨིན་པ་ཞིག་དགོས་ཀྱང་དགོས་ལ། འབྱུང་ཐུབ་པ་ཡང་ཡིན་པས། མོས་པ་དང༌། ལྟ་བ་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཕྱོགས་འཐེན་གླེང་རྩོད་བྱ་དོན་མེད། ཁམས་དང་མོས་པ་སྣ་ཚོགས་པའི་མི་ཐམས་ཅད་ལྟ་སྤྱོད་གཅིག་ཏུ་སྒྱུར་ཐབས་བྱེད་པ་ལ་དོན་ཕན་སྒྲུབ་འབྲས་གང་ཡང་ཐོན་མི་ཐུབ་པ་ནི་འཛམ་གླིང་ཤར་ནུབ་ཀྱི་ལོ་རྒྱུས་ནང་མཐོང་ཐོས་དངོས་སུ་ཡོད་བཞིན་པ་འདི་རེད། གལ་ཏེ་འགའ་ཞིག་ནས་མི་རིགས་སྤྱིའི་བདེ་རྩ་དང༌། འགྲོ་བ་མིའི་ཁེ་ཕན་ལ་ཅི་ཡང་མ་བསམ་པར་བཀོལ་བརྡུང་གསོད་གསུམ་གྱི་སྡུག་སྤྱོད་ལ་གསར་བརྗེའི་མིང་ཚིག་སྐམ་པོ་བཏགས་ཏེ་ནེ་ཙོའི་འདོན་པ་ལྟར་སྨྲ་བརྗོད་བྱེད་པ་ནི་རང་མགོ་རང་གིས་བསྐོར་བའི་གླེན་པ་མིག་རྒྱངས་ཐུང་ངུའི་ངང་ཚུལ་ལས་མ་འདས།

    ཉེ་ཆར་དར་དམར་གསར་དེབ་ ༼རྒྱ་ནག་དམར་ཤོག་ཚོགས་པའི་གསར་དེབ་༽ ནང༌། མི་འགའ་ཞིག་གིས་མི་མང་ལ་ཞབས་འདེགས་ཞུ་རྒྱུའི་ཚབ་ཏུ་མི་མང་གི་མགོ་སྟེང་དུ་བསྡད་ནས་རྒྱ་ཆེའི་མི་མང་གི་བདེ་སྡུག་ལ་མི་ལྟ་བར་རང་སྣང་གང་དྲན་གྱི་སྤྱོད་ཚུལ་འཛིན་གྱི་ཡོད་པར་སྐྱོན་བརྗོད་གསལ་བཤད་བྱས་པ་ལྟར། དེ་འདྲའི་བྱ་སྤྱོད་འཛིན་མཁན་ནི་མིའི་སྤྱི་ཚོགས་གང་ལའང་དགོས་མཁོ་མེད་ཅིང༌། རང་གཞན་གྱི་ཕན་བདེ་སྒྲུབ་པའི་རྣམ་དཔྱོད་ཅན་གྱི་འགྲོ་བ་མིའི་རིགས་ཀྱི་གདན་གྲལ་དུ་མི་ཚུད་ངེས་ཅན་ཡིན།

    ཉེ་བའི་ལོ་གཉིས་གསུམ་ནང་ཚུད་ལ་བོད་ནང་གི་གནས་སྟངས་ལ་འགྱུར་བ་ཕྲན་བུ་ཕྱིན་པ་ལ་བརྟེན་ནས། མི་ལ་ལའི་བསམ་པར། འདས་པའི་དཀའ་ངལ་ལ་ལྟོས་ཏེ་ད་ལྟའི་གུ་ཡངས་ལ་ཆོག་ཤེས་ཐོག་ད་ཆ་དོན་འབྲས་བཟང་པོ་ཞིག་མགྱོགས་མྱུར་སྨིན་པའི་རེ་བ་བྱེད་ཀྱི་ཡོད་པ་དང༌། ཡང་འགའ་ཞིག་ནས། ད་ལྟའི་གུ་ཡངས་སྲིད་བྱུས་འདི་ནི་བོད་མིར་མགོ་སྐོར་བསླུ་འཁྲིད་བྱེད་པའི་ཐབས་བྱུས་གསར་པ་ཞིག་ལས། དོན་དམ་བོད་མིར་འདྲ་མཉམ་རང་དབང་གི་ཁེ་དབང་སྤྲོད་རྒྱུའི་བསམ་སྤྱོད་གང་ཡང་མ་རེད་སྙམ་པའི་བསམ་ཚུལ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད།

    བོད་མི་ཚོ་ནས་དེ་འདྲའི་རེ་དོགས་དང༌། ངང་ཐུང་འཚབ་འཚུབ་ཀྱི་བསམ་ཚུལ་འཛིན་མི་རུང༌། བོད་ཀྱི་གནད་དོན་འདི་ནི་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་ཞིང༌། ཆོས་དང་རིག་གཞུང་གིས་ཕྱུག་པའི་མི་རིགས་ཤིག་གི་གནད་དོན་ཡིན་པ་དང༌། རྒྱལ་སྤྱིའི་སྲིད་དོན་འཕོ་འགྱུར་གྱི་གནད་དོན་དང་འབྲེལ་བ་གཏིང་ཟབ་ཡོད་པའི་དོན་གནད་ཅིག་ཡིན་པས། ངེས་པར་འོས་ཤིང་འཚམས་པའི་ཐག་གཅོད་འགྱུར་བ་ཞིག་ཡོང་དགོས་པ་ལས། ད་ལྟའི་གནས་སྟངས་འདི་མུར་གནས་ཐབས་ནམ་ཡང་མེད། དེས་ན་བོད་མི་རྣམས་ནས་ཁོག་ཡངས་ཞི་འཇམ་དྲང་བདེན་གྱི་སྒོ་ནས་མི་རིགས་རང་ཉིད་ཀྱི་འཕྲལ་ཡུན་བདེ་སྐྱིད་ཁེ་དབང་ཐོབ་ཐང་རྣམས་རྩོད་ལེན་མཐར་ཕྱིན་པ་བྱ་དགོས།།   །།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༩ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese