མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

    ད་ལམ་གསུམ་བཅུའི་དུས་དྲན་ཐེངས་ཉེར་བཞི་པ་བྱེད་པའི་སྐབས་འདིར། ད་ཕན་མི་ལོ་ཉེར་བཞིའི་རིང་བོད་ཀྱི་ནང་གསར་བརྗེ་དང༌། ཡར་རྒྱས་ཟེར་བའི་མིང་འདོགས་སྣ་ཚོགས་དང༌། རྣམ་འགྱུར་སྣ་ཚོགས་པའི་བྱ་སྤྱོད་བརྒྱུད་རིམ་ནང༌། བོད་རྒྱ་ཆེའི་མི་མང་རྣམས་ནས་བརྗོད་པར་དཀའ་བའི་དཀའ་སྡུག་མཐའ་ཡས་པ་ཞིག་མྱོང་དགོས་བྱུང་བ་དང༌། བོད་མི་ཤིན་ཏུ་མང་པོ་ཞིག་གི་རྩ་ཆེའི་ལུས་སྲོག་ཚུན་ཆུད་ཟོས་སུ་གྱུར་ཡོད་པ་རྣམས་རྗེས་སུ་དྲན་པའི་སྒོ་ནས། དེ་དག་གི་སྔོན་བསགས་དཀར་མིན་ལས་ཀྱི་འབྲས་བུ་མཐའ་དག་ཡོངས་སུ་ཟད་དེ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཡིད་བཞིན་འགྲུབ་པའི་བསླུ་མེད་མཆོག་གསུམ་ལ་གསོལ་འདེབས་སྙིང་ཐག་པ་ནས་བྱ་རྒྱུ་དང༌། ད་དུང་སེམས་ཤུགས་གོང་མཐོར་བསྐྱེད་བཞིན་པའི་བོད་རྒྱ་ཆེའི་མི་མང་ལ་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན།

    ༡༩༧༩ ལོ་ནས་བཟུང་བོད་ནང་སྲིད་བྱུས་སྒྱུར་བཅོས་གང་འཚམས་བཏང་བ་ལ་བརྟེན་ནས་ ༡༩༧༩ ཕན་གྱི་གནས་སྟངས་ལ་ལྟོས་ན། བོད་མིའི་ལྟོ་གོས་དང༌། ངལ་རྩོལ་གནས་བབས། བོད་ཀྱི་སྐད་ཡིག་བེད་སྤྱོད་ཐོབ་ཐང་བཅས་པར་ཕྲན་བུ་ལེགས་བཅོས་ཀྱིས་དབུགས་ངལ་གསོ་བའི་གོ་སྐབས་ཤིག་བྱུང་ཡོད་ན་ཡང༌། ལེགས་བཅོས་དེ་དག་བོད་མཐའ་དབུས་དང༌། གྲོང་དང༌། གྲོང་གསེབ་ཡོངས་ཁྱབ་གཅིག་གྱུར་བྱུང་མེད་པའི་ཁར། ལེགས་བཅོས་ཕྲན་བུ་བྱུང་བའི་ས་ཁུལ་ཁག་ལ་ཡང་ལག་ལེན་གཏན་ཆགས་མ་ཡིན་པར་སྦུག་འདྲེན་བརྐྱངས་བསྐུམས་འགྱུར་ལྡོག་སྣ་ཚོགས་ཤིག་བྱེད་བཞིན་པ་དང༌། དེ་བཞིན་དབུལ་ཕོངས་ཕྱུག་སྒྱུར་གྱི་ལས་འགུལ་ཇི་ལྟར་བྱས་ཀྱང༌། དོན་སྙིང་བོད་རྒྱ་ཁྱབ་སྤྱི་སྙོམས་ཀྱི་ཆ་ནས་བལྟས་ན། དུས་འཁྲུག་མ་བྱུང་གོང་གི་འཚོ་བའི་གནས་སྟངས་སུ་ད་དུང་སླེབས་ཡོད་པ་མ་རེད། ལྷག་པར་དུ་བོད་མིའི་བསམ་བློའི་ནང་བོད་དང་རྒྱ་ཞེས་ཐག་རིང་ཞིང་ཡ་འགལ་ཆེ་ཐོག ཞེ་འཁོན་འཇིགས་དངངས་དོགས་ཟོན་རྒྱུན་འཇགས་དང༌། མི་ངོ་བོ་གཅིག་ལ་རྣམ་འགྱུར་ཕྱི་ནང་གཉིས་སྟོན་དགོས་པའི་གནས་སྟངས་ཡ་ང་བ་འདིས་བློ་བག་མི་ཕེབས་ཤིང༌། ཡིད་གདུང་གི་ཚོར་བ་རྒྱུན་ཆགས་སུ་གནས་མུས་རེད།

    མི་རིགས་གང་འདྲ་ཞིག་ཡིན་ན་ཡང༌། སོ་སོའི་སེམས་ཀྱི་གཏིང་ལ་ཡོད་པའི་བསམ་ཚུལ་ངོ་མ་དེ་གསལ་པོར་འདོན་ཆོག་པ་ཞིག་དང༌། བསམ་ཚུལ་དེ་དག་གཞི་བཟུང་གི་ལག་ལེན་ཐབས་ཚུལ་སྒོ་དུ་མ་ནས་འབད་པས་གསར་གཏོད་ཡར་རྒྱས་ཀྱི་རྣམ་པ་ཅི་ཡང་ཐོན་ཡོང་བ་དང༌། དེ་ལ་བརྟེན་ནས་མི་སྡེའི་སྤྱི་ཚོགས་ནང་ཡར་རྒྱས་མགྱོགས་མྱུར་འགྲོ་བ་དང༌། ཁ་ཞེ་མེད་པའི་དམ་ཚིག་གཙང་བ། བསམ་ཚུལ་མི་མཐུན་པ་བྱུང་སྐབས་ཀྱང་སྙིང་ལ་སྦས་ཏེ་མ་བཞག་པར་གསལ་པོར་བརྗོད་རེས་སྦྱངས་བཤད་བྱས་པས་ཞེ་འཁོན་གཏིང་ནག་རྒྱུན་བཅང་གིས་གོ་སྐབས་ཤིག་བྱུང་བ་དང་འགོ་གཏིང་སློག་རེས་བྱེད་པ་འདི་འདྲ་ཡོང་དོན་མེད། ཡ་རབས་དྲང་བདེན་ནས་བྱས་ན༑ དེ་འདྲའི་རང་དབང་གི་ཐོབ་ཐང་འགྲོ་བ་མིའི་རིགས་ཐམས་ཅད་ལ་ཡོད་པ་ལྟར། ང་ཚོ་བོད་རིགས་ལ་ཡང་ངེས་པར་དུ་ཡོད་དགོས། སོ་སོའི་བསམ་ཚུལ་ངོ་མ་འདོན་པ་ལ་དབང་ཤུགས་སམ། ཐབས་བྱུས་གཞན་ཞིག་གིས་འགོག་གནོན་བྱེད་པ་ནི་ཆེས་རྗེས་ལུས་དང༌། བཙན་གནོན་གདུག་རྩུབ་ངོ་མ་ཞིག་རེད། གལ་ཏེ་ས་ཁུལ་གང་ཞིག་ཏུ་མིའི་སེམས་ནང་གི་བསམ་ཚུལ་ངོ་མ་དེ་འདོན་དུ་མི་འཇུག་པར་བཙན་ཤུགས་ཀྱིས་འགོག་གནོན་བྱས་པ་ཡིན་ན། དེ་ལ་འཛམ་གླིང་རྒྱ་ཆེའི་མི་མང་གིས་འཕྲལ་ཡུན་ཀུན་ཏུ་དགའ་བསུ་མི་ཞུ་བས་མ་ཚད། འཕྱ་སྨོད་ངན་སྨྲས་ཀྱི་ཡུལ་དུ་འགྱུར་བ་དང་ཡུལ་ནང་བག་ཕེབས་ལྷིངས་འཇགས་མེད་པའི་དཀའ་རྙོག་ཀྱང་རྒྱུན་མི་ཆད་པ་ཞིག་འབྱུང་ངེས་ཡིན།

    དེས་ན་ཕྱོགས་གང་ནས་ཀྱང་ཐེ་བྱུས་མེད་པར་བོད་མི་ས་ཡ་དྲུག་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱེད་པ་དང༌། ཡར་རྒྱས་གཏོང་བ། ཆོས་དད་རང་མོས་བྱེད་པ། སོ་སོའི་མ་འོངས་པའི་མདུན་ལམ་རང་ཉིད་ནས་ཐག་གཅོད་བྱེད་པ། རང་གི་ལས་དོན་རང་གིས་བྱེད་པ། སོ་སོའི་འདོད་མོས་ཇི་ཡོད་ཁེངས་ཐུབ་པ་བཅས་ཀྱི་ཐོབ་ཐང་ངེས་པར་དུ་ཡོད་དགོས། ཐབས་ལམ་དེ་ནི་དྲང་བདེན་དང༌། རྒྱུ་མཚན་ལྡན་པ་ཞིག་ཡིན། ཐབས་ལམ་དེ་ལྟ་བུ་བརྒྱུད་ནས་འཕྲལ་ཕུགས་ཀྱི་དཀའ་ངལ་སེལ་ཐུབ་པ་དང༌། འདོད་དོན་ལ་ཅི་དགར་སྤྱོད་ཐུབ་པ་ཡོང་ངེས་ཡིན།།   །།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese