མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རིམ་སློབ་མར་རིག་གནས་འཆད་ཁྲིད།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp
ཆབ་སྲིད་ཀྱི་ལས་འགུལ་ལྟ་བུ་སྤེལ་རྒྱུ་གལ་ཆེ་ཡང་གཞི་རིམ་སློབ་མ་ཚོར་རིག་གནས་ཀྱི་རྨང་གཞི་བརྟན་པོར་འཛུགས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད་ཟེར།
ཟླ་འདིའི་ཚེས་ ༡༠ ཉིན་ནས་བཟུང་ཟླ་གཅིག་ཙམ་རིང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་རིག་གནས་འཆད་ཁྲིད་ཀྱི་ལས་རིམ་ཞིག་མགོ་འཛུགས་གནང་ཡོད་ལ། དེ་ནི་དབྱར་གནང་གི་སྐབས་དང་བསྟུན་སློབ་ཕྲུག་ཚོའི་ཉིན་རེའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བ་དང་བོད་ཀྱི་སྐད་ཡིག་ལ་སྔར་བས་ཀྱང་གཞི་རྐང་བརྟན་པོར་འཛུགས་ཐུབ་ཆེད་ཡིན་འདུག ཚེས་ ༡༠ ཉིན་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དང་ལུགས་བདེ་གཉིས་ཀྱི་བརྒྱ་དཔོན་རྣམ་པ། སློབ་མ་བརྒྱ་ལྷག་དང་སློབ་མའི་ཕ་མ་སོགས་ལུགས་ཟུང་བསམ་འགྲུབ་གླིང་མི་མང་ཚོགས་ཁང་ནང་མཉམ་འཛོམས་ཀྱིས་ཐེངས་འདིའི་ལས་གཞིའི་སྐོར་ངོ་སྤྲོད་དང་གསུང་བཤད་གནང་ཡོད།
ཉིན་དེར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས་གསུངས་དོན། བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་དང་རྒྱལ་རབས་ལོ་རྒྱུས། ནང་ཆོས་བགྲོ་གླེང་སོགས་རིག་གནས་འཆད་ཁྲིད་ཀྱི་ལས་གཞི་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་ནི། སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཀྱིན་ཡོད་ནའང་། སློབ་གྲྭ་ཐོན་ཚར་དུས་བོད་རང་གི་སྐད་ཡིག་དང་རིག་གཞུང་ཐོག་རང་རྐྱ་འཕེར་བའི་སློབ་མ་ཐོན་ཐུབ་ཀྱི་མེད་སྟབས། སློབ་མ་ཚོར་བོད་ཡིག་གི་རྨང་གཞི་བརྟན་པོ་བཟོ་བ་དང་། བོད་ཀྱི་སྐད་ཡིག་རྒྱུན་གནས་ཐུབ་ཆེད་ཡིན་པ་མ་ཟད། འདི་ནི་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་ཡོད།
དེ་བཞིན་ལུགས་ཟུང་བསམ་འགྲུབ་གླིང་གཞིས་མགོ་བཀྲ་ཤིས་དབང་འདུས་ལགས་ཀྱིས། མི་རྒན་པ་ཚོ་དང་དེང་རབས་ན་གཞོན་གཉིས་བསྡུར་ན་དེང་རབས་ན་གཞོན་ཚོར་མཛུབ་མོ་འཛུགས་ཆོག་ཆོག་གི་བོད་ཡིག་ཤེས་མཁན་ཉུང་ཉུང་རེད་ལ། དེང་སྐབས་གཞུང་ཞབས་ལས་བྱེད་པའི་ནང་དུའང་གཏོང་ཡིག་འབྲི་ཐུབ་ཙམ་དང་སྙན་ཞུ་འབྲི་ཐུབ་ཙམ་ལས་གཞི་རྩའི་རྨང་གཞི་བརྟན་པོ་ཡོད་མཁན་ཧ་ཅང་དཀོན་པོར་གྱུར་ཡོད་སྟབས། འདི་ལྟ་བུའི་རིག་གནས་འཆད་ཁྲིད་ཀྱི་ལས་གཞི་འདི་ཧ་ཅང་གི་གལ་ཆེན་པོ་རེད། ང་རང་ཉིད་ཀྱིས་ཆུང་དུས་ནས་བོད་ཡིག་ཡག་པོ་སྦྱངས་མེད་སྟབས་ད་ལྟ་དངོས་སུ་ལས་ཀ་བྱེད་སྐབས། དཀའ་ངལ་འཕྲད་ཀྱིན་འདུག་ལ། གཏོང་ཡིག་ཅིག་འབྲི་དགོས་ཀྱང་ཡང་དང་རིམ་གྱིས་ཞུ་དག་གཏོང་དགོས་པ་དང་། གང་བསམ་པ་དེ་ལམ་སེང་འབྲི་ཆོག་ཆོག་ཅིག་མི་འདུག་ཅེས་སློབ་ཕྲུག་ཚོར་རང་གི་གནས་སྟངས་གསལ་བཤད་བྱས་ཐོག སློབ་ཕྲུར་ཚོར་བོད་ཡིག་སྦྱང་དགོས་པའི་གལ་ཆེན་རང་བཞིན་ངོ་སྤྲོད་གནང་བ་དང་། ཡང་ཁོང་གིས་གསུངས་དོན། ༸གོང་ས་མཆོག་གིས་རྒྱུན་དུ་གསུངས་བཞིན་པ་ལྟར་རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱག་དགོས་པ་དང་། དེ་ཡང་དེང་དུས་ཀྱི་རིག་གནས་དང་འཕྲུལ་ཆས་རིགས་དེ་འདྲར་རིགས་གཅིག་རྐང་འཛིན་ཐོན་དགོས་ཀྱི་འདུག ད་ལྟ་ང་ཚོའི་མི་ཚང་མ་སྨན་ཞབས་པའི་སྟེང་ལ་འགྲོ་བསྡད་ཀྱིན་འདུག ལམ་ཁ་གཞན་འདེམས་དགོས་པ་རེད། རིགས་མི་འདྲ་བ་དེ་འདྲར་ཤུགས་རྒྱག་དགོས་པ་རེད་ཅེས་གསུངས་ཡོད།
ཐེངས་འདིའི་རིག་གནས་འཆད་ཁྲིད་གནང་མཁན་ལ་ངྷ་ས་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་དེབ་རྩོམ་སྒྲིག་པ་དང་ཉམས་ཞིབ་པ་བློ་བཟང་བསྟན་དར་ལགས་གདན་ཞུས་བྱས་ཡོད་པ་དང་། ཉིན་རེའི་ཞོགས་པའི་ཆུ་ཚོད་ ༩ ནས་ཆུ་ཚོད་ ༡༠ བར་འཛིན་གྲྭ་འཚོགས་རྒྱུ་དང་། དེའི་རྗེས་ཆུ་ཚོད་ ༡༢ བར་སློབ་ཕྲུག་དང་དགེ་རྒན་བར་དྲིས་པ་དྲིས་ལན་གྱི་བགྲོ་གླེང་དང་། ཉིན་རྒྱབ་ཆུ་ཚོད་ ༡ ནས་ ༢ བར་འཛིན་གྲྭ་འཚོགས་རྒྱུ་དང་། དེའི་རྗེས་ཆུ་ཚོད་ ༣ བར་བགྲོ་གླེང་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

མཆན། 13

  1. ས་བརྟོལ། says:
    ལོ་ 16 སྔོན།

    རེད་་་ནམ་ཡང་ང་ཚོས་སྐད་ཆ་རྫིགས་པོ་ཞིག་ལ་གཤོག་པ་བཙུགས་ཏེ་རླུང་ཁམས་འགྲིམས་རྒྱུ་ལས་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོར་སྨན་པའི་ལས་དོན་རེའི་སྣེ་མོར་འཇུས་ཏེ་བོད་སྤྱི་ཚོགས་ཀྱི་ཞན་ཆ་གང་ན་མཆིས་བ་དེར་ནུས་ཤུགས་འདོན་དགོས།་་གོང་དུ་ཆབ་སྲིད་ཀྱི་ལས་འགུལ་ལས་སློབ་མ་ཚོར་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཟོ་གལ་ཆེ་བར་བརྗོད་པ་དེར་ངས་གནས་ལུགས་ཤིག་གི་ཐད་ནས་རྒྱབ་སྐྱོར་ཞུ་གི་ཡོད།་་་་

    Reply
  2. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    མི་རིགས་དེར་ཤེས་ཡོན་གྱི་གནས་ཚད་ལེགས་པོ་ཞིག་ཡོད་ན།
    མི་རིགས་དེ་ཡར་རྒྱྱས་སུ་འགྲོ་བའི་འགོ་ཚུགས་པས་ཤེས་ཡོན་གྱི་ལས་འགུལ་ནི་ལས་འགུལ་རྣམས་ཀྱི་ནས་ནས་མཆོག་ཡིན་པས། ངས་ཁྱོད་ཚོས་ཡི་རང་ཚད་མེད་ཡོད།
    ཐུགས་རྗེ་ཆེ།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    དངོས་ནད་གསར་འགྱུར་ཡག་པོ་འདུག། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་ཡོངས། ད་དུང་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། འདི་ལྟར་རླབས་ཆེན་གྱི་ལས་གཞི་དེ་འུ་ཅག་བོད་མི་རིགས་ཚང་གི་ཉི་གཞོན་བསུ་བྱེད་ཀྱི་ཕོ་ཉ་རང་ཡིན་དུས་དགའ་བོ་ཞེ་དྲག་བྱུང་ལ། མུ་འཐུད་དུ་འབད་རོགས། ཕྱོགས་ཡོངས་ནས་འབད་རོགས།

    Reply
  4. སངས་ཕྲུག་སྣ་ལོ། says:
    ལོ་ 16 སྔོན།

    གངས་བདེན་མཐུན་ཚོགས་ཀྱི་དབུ་ལས་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ། ཐུགས་རྗེ་ཆེ་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. བློ་བཟང་རབ་དགའ། says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེམ་མཐུན་ཚོགས་ཀྱིས་རིག་གནས་འཆད་འཁྲིད་བྱེད་དགོས་པ་སླད་མར་བོད་དགེ་མཁོ་དགོས་མ་མཆིས་པའི་རེ་མདུན་མ་རེད་ལ་བོད་ཡིག་དགེ་རྒན་གྱིས་སློབ་འཁྲིད་ཡག་པོ་བྱས་མེད་པའི་རྣམ་འགྱུར་དེ་བས་ཡིན་རྒྱུ་མ་རེད་དེའི་ཕྱིར་བོད་དགེ་ངོ་དག་པ་ཞིག་ན་རྒྱབ་སྐྱོར་དང་སྐབས་དེར་ཁོང་རང་ནས་ཀྱང་རིག་གནས་འཆད་འཁྲིད་ཀྱི་དངས་བླང་དགེ་རྒན་ཡང་བྱེད་སྲིད་པ་རེད།

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་རླབས་ཆེ་བའི་ལས་གཞི་འདི་ལྟ་བུ་ཞིག་བརྩམས་པར་ང་ཚོས་བསྟོད་བསྔགས་ཕུལ་བ་ཙམ་གྱིས་ག་ལ་ཆོག དངོས་ཤུགས་བརྒྱུད་གསུམ་ནས་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་དགོས། དཔེར་ན། ཁ་སང་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་ལོ་རྗེས་མའི་ལས་གཞིའི་འགྲོ་གྲོན་ཡོངས་རྫོངས་ཁོང་རང་ངོས་ནས་གཏོང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་སོང་། ཁོང་མི་རིང་བར་སྦེལ་ཀོབ་སྐུ་ངོ་ནས་བརྗེ་སྤོར་བྱ་གཏན་འཁེལ་ཡོད་སྟབས་ཁོང་གིས་སྦེལ་ཀོབ་མི་མང་དང་སློབ་ཕྲུག་ཚོའི་ཆེད་དུ་ཕུལ་བའི་ཆེས་མཐའ་མཇུག་གི་བྱ་བཞག་དེ་ཡིན་ངེས་ཨང་།

    འོན་ཀྱང་། ངས་འདི་ལྟ་བུའི་ལས་གཞི་རྩོམ་སྐབས་སེམས་ལ་གནད་དོན་གཞན་ཞིག་དྲན་ཡོང་གི་འདུག དེ་ནི་གལ་སྲིད་ང་ཚོས་ནམ་ནམ་ཞར་ཞར་ལ་སློབ་ཕྲུག་ཚོར་ཟུར་ཁྲིད་བྱེད་དགོས་པ་དང་། ཁོང་ཚོས་བོད་ཀྱི་སུམ་རྟགས་དག་གསུམ་ཙམ་ལའང་རང་མགོ་ཐོན་གྱི་མེད་ན། བོད་ཡིག་གི་དགེ་རྒན་དག་དགོས་གལ་མི་འདུག་སྙམ། ད་དུང་འདི་ལྟ་བུའི་ལས་གཞི་རྩོམ་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཅི་ཞིག་དགོངས་ཀྱིན་ཡོད་དམ། སློབ་གྲྭའི་གཙོ་སྐྱོང་བ་ཚོས་ཅི་ཞིག་དགོངས་ཀྱི་ཡོད་དམ། བོད་དགེ་ཚོས་ཅི་ཞིག་དགོངས་ཀྱི་ཡོད་དམ།

    Reply
  7. རྭ་ལོ། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རང་ཡོད། ཡིན་ཡང་། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། ཞེས་པའི་མཚན་འདི་བདེ་བོ་ཞིག་ཁྱོན་ནས་མ་རེད། རང་བདེན་ཞེས་པ་དེ་རང་དབང་དང་བདེན་དོན་ཞེས་པའི་ཚིག་བསྡུས་པ་འདྲ།

    Reply
  8. བློ་བཟང་རབ་དགའ། says:
    ལོ་ 16 སྔོན།

    གསལ་ཞུ།་་་་་་་་་《ཚོགས་པ་དང་ཚོགས་མིར་ཚོགས་པའི་ལས་སྣེ》་ཟེར་བའི་ཚོགས་པའི་ལས་སྣེ་ནི་ཚོགས་པ་འདིའི་ཁོངས་སུ་གཏོགས་པའི་གྲྭ་ཚང་ཁག་གི་ལས་སྣེ་དབང་འཛཱིན་པར་གོ་དགོས།

    Reply
  9. བློ་བཟང་རབ་དགའ། says:
    ལོ་ 16 སྔོན།

    ངོ་མ་དེ་ཡག་བྱུང་།་་་སྔར་ངས་གོ་ཐོས་ལ་《གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་》་ཟེར་བའི་ཚོགས་མི་ཕལ་ཆེར་གྲྭ་བ་ཡིན་པ་དང་།་ད་དུང་ཆེས་མང་བ་སེར་བྱེས་ཡིན་ཚུལ།་་མ་ཟད་སེར་བྱེས་ལས་སྣེ་དབང་འཛིན་པས་ཚོགས་པ་འདིར་སྔ་ཕྱིར་འགོག་རྐྱེན་བཟོས་ཚུལ་ཐོས་མྱོང་ཡོད།་་་བདེན་མིན་མི་ཤེས།་འོན་ཀྱང་ད་རེས་ཀྱི་བསྟོད་འོས་ཀྱི་ལས་འགུལ་འདི་དང་འདི་བཞིན་མིག་དཔེར་འོས་པའི་ལས་འགུལ་མང་དག་ཞིག་སྤྱི་ཚོགས་ཁྲོད་སྤེལ་དང་སྤེལ་མུས་ལ་དགའ་བསུ་ཞུ།་་་་་་་ཚོགས་པ་དང་ཚོགས་མིར་ཚོགས་པའི་ལས་སྣེ་ཁག་གི་འགོག་རྐྱེན་མེད་པར་བྱ་བ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ངོ་མ་རླབས་ཆེན་གྱི་ལས་ཀ་རེད། འཚོགས་འདུ་རེ་འཚོགས་པ་ལས་འདི་ཧ་ཅང་ཡག་པོ་རེད། འདི་འདྲ་བྱས་ནས་ས་གནས་འདི་མགྱོགས་པོར་སད་པའི་རེ་བ་འདུག

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བྱ་བ་འདིའི་མཇུག་མུ་མཐུད་དུ་སྐྱོང་ཐུབ་པར་རེ་སྐུལ་དང་། བྱ་བ་འདི་ཉིད་མགོ་རྩོམ་མཁན་གྱི་ལས་མི་ཡོངས་ལ་སྙིང་ཐག་པ་ནས་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཡོད། བོད་དོན་བོད་མིས་བྱེད་པ་ནི་བོད་མིར་སྐྱེ་བའི་དགོས་དམིགས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ཡིན་དུས། དེ་ཉིད་དང་དུ་ལེན་གྱི་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་གྱི་བྱ་བཞག་ཞིག་ཡིན་པ་ནི་དེ་བས་ཀྱང་བཤད་མ་དགོས་པ་ཞིག་ཆགས་ཡོད་པ་རེད།

    Reply
  12. སོག་གཡག་ལ་སེ་བོ། says:
    ལོ་ 16 སྔོན།

    དེ་ནི་༧་གོང་ས་མཆོག་གིས་དགོངས་གཞི་དང་
    བོད་ཀྱི་ཐུན་མང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་གཞི་རྒྱ་ཆེན་པོ་དེ་ལ་
    ངས་ཡང་སྐྱར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ལ་མཚམ་དྲི
    བཀྲ་ཤིས་བདེ་ལེགས་ཞུ་

    Reply
  13. སོག་གཡག་ལ་སེ་བོ། says:
    ལོ་ 16 སྔོན།

    ལས་གཞི་རྒྱ་ཆེན་པོ་དེ་འདྲ་ཞིག་སྤེལ་བ་དེ་ལ་ངས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་ཚོག་ཙོ་དང་ཚོགས་མི་ཡོང་ལ་ རྒྱབ་སྐྱོར་དང་སེམས་གཏིང་ནས་གུས་མདུད་ཞུ་བཞིན་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese