བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་དང་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གཉིས་ཀྱིས་བོད་ནང་གི་རེ་འབོད་ཅེས་པའི་དཔེ་དེབ་ཅིག་བཏོན་ཡོད་འདུག
ཕྱི་ཆེས་ ༡༡ ཉིན་དྲ་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན། བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་དང་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གཉིས་ཀྱི་བརྩམས་པའི་༼བོད་ནང་གི་རེ་འབོད་༽ཅེས་དཔེ་དེབ་ཅིག་ཟླ་འདིའི་ཚེས་ ༡ ཉིན་ཐའེ་ཝན་གྱི་ཏཱ་ཁེ་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། ཤོག་གྲངས་ ༤༠༠ ཡོད་པའི་དེབ་འདིའི་བརྗོད་བྱ་གཙོ་བོ་ནི། རྒྱ་གཞུང་གི་དངངས་སྐྲག་སྐྱེས་ཡུལ་དུ་གྱུར་བའི་བོད་མིའི་རེ་གདུང་གི་འབོད་སྒྲ་དང་། མཐོང་མ་མྱོང་བ་དང་ཐོས་མ་མྱོང་བའི་བོད་ཀྱི་ད་ལྟའི་གནས་སྟངས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ཡོད་པ་མ་ཟད། གསང་བ་ལྐོར་གྱུར་གྱི་བོད་མིའི་གནས་སྟངས་གང་མང་ཞིག་འཛམ་གླིང་མི་དམངས་གཙོས་རྒྱ་རིགས་མི་དམངས་ལ་གསལ་བཤད་བྱས་དང་དྲིལ་བསྒྲགས་བྱས་པའི་བརྩམས་ཆོས་ཤིག་ཡིན་འདུག
རྩོམ་པ་པོ་འོད་ཟེར་ལགས་ནི་ང་ཚོ་བོད་མི་རིགས་ལ་ཆེས་མེད་དུ་མི་རུང་བའི་ཚེ་སྲོག་གི་མེ་ལྕེ་ཞིག་དང་གཉིསསུ་་མ་འཆས་སོ་།དྲ་ནངགི་དྲ་འབུ་དག་གིས་ཀྱང་ཁོ་མོའི་ཕྱོགས་ལ་རྩོམ་ཐུང་རེ་དང་བསམ་ཚུལ་རེ་བྲིས་ན་འོས་འཚམ་ཞིག་མ་རེད་དམ་དེ་མ་གཏོགས་ནམ་རྒྱུན་དྲ་ཐོག་ལ་ཚིག་ཉོག་ཐ་ཐོར་རེ་བྲིས་ནས་ཉི་མ་འཆོལ་ན་དོན་སྙིང་ཞིག་ཡོད་དམ་།
ཡག་པོ་ཞེ་དྲག་རེད།་འདི་བོད་ཡིག་ཐོག་ཏུ་བསྒྱུར་ཐུབ་དེ་བས་ཀྱང་ཡག་པོ་རེད།
དྲ་གྲོགས་གནས་ཚང་ལགས། ཁོང་ཚོར་ནོར་སེལ་བྱས་པ་བཀའ་དྲིན་ཆེ། འོན་ཀྱང་ངས་འདི་ནས་བཤད་འདོད་པ་དེ་ཁྱེད་ལ་བཀའ་དྲིན་ཞུ་བ་འདི་ཁོ་ན་མིན། ཉིད་ཀྱིས་ནོར་སེལ་བྱས་པ་བཞིན་དེབ་འདི་ངའི་མཚོན་པའི་བོད་རིགས་བོད་ཡིག་ལས་གཞན་པའི་ཡིག་རིགས་མི་ཤེས་མཁན་དག་གི་མིག་ལམ་དུ་བོད་ཡིག་གི་ལམ་ནས་འདོན་ཐུབ་པའི་ལས་དཀའ་ཞིག་བྱེད་རོགས་ཞུ་འདོད་པ་འདི་ཡིན།
དེབ་འདིའི་ཁ་བྱང་ལ་བསྒྱུར་ནོར་ཐེབས་འདུག
༼བོད་འབྲེལ་གོ་ཐོས༽སམ༼བོད་ཀྱི་མཐོང་ཐོས༽ཞེས་བསྒྱུར་འོས་པ་ལས༼བོད་ནང་གི་རེ་བ༽ཞེས་པ་སྟོན་པའི་ཚིག་གཅིག་ཀྱང་མི་འདུག ཤེས་ཡོན་པ་ཚོས་ཅི་ཞིག་གནང་བཞིན་ཡོད་དམ།
འོད་ཟེར་ལགས་ནི།
བོད་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད།།
མདུང་རྩེར་ཁེལ་ཞིང་གྲི་སོར་ལྷུང་ན་ཡང་།།
བདེན་པའི་གླུ་དབྱངས་ལེན་པའི་དཔའ་མོ་ཞིག།
ཡིན་པས་ནམ་ཡང་སེམས་ཀྱི་འོད་ཟེར་ཡིན།།
ཝང་ལི་ཞོན་ཀྱང་།
བོད་རྒྱའི་བར་གྱི་ཐུན་མིན་མི་སྣ་ཞིག།
བོད་རིགས་བུད་མེད་ཅིག་གི་ཚེ་གྲོགས་ཞིག།
བོད་དོན་རྩོམ་མང་སྤེལ་བའི་རྒྱ་རིགས་ཞིག།
ཡིན་པས་ཁོང་ལའང་ཚེ་རིང་ལོ་བརྒྱས་བསྟོད།།
ཚེ་རིང་ལོ་བརྒྱ།
འོད་ཟེར་ལགས་ནི།
བོད་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆེད།།
མདུང་རྩེར་ཁེལ་ཞིང་གྲི་སོར་ལྷུང་ན་ཡང་།།
བདེན་པའི་གླུ་དབྱངས་ལེན་པའི་དཔའ་མོ་ཞིག།
ཡིན་པས་ནམ་ཡང་སེམས་ཀྱི་འོད་ཟེར་ཡིན།།
ཝང་ལི་ཞོན་ཀྱང་།
བོད་རྒྱའི་བར་གྱི་ཐུན་མིན་མི་སྣ་ཞིག།
བོད་རིགས་བུད་མེད་ཅིག་གི་ཚེ་གྲོགས་ཞིག།
བོད་དོན་རྩོམ་མང་སྤེལ་བའི་རྒྱ་རིགས་ཞིག།
ཡིན་པས་ཁོང་ལའང་ཚེ་རིང་ལོ་བརྒྱས་བསྟོད།།
ཚེ་རིང་ལོ་བརྒྱ།
རྒྱ་རྒན་ཝང་ལི་ཞོན་གྱི་རྩོམ་ཡིག་གི་སྐོར་ངས་ཀྱང་སྔོན་ཆད་འགྲེལ་བཤད་བྱས་མྱོང༌། ང་ལའང་ཁྱོད་ལྟར་གྱི་དོགས་པ་ཞིག་རྒྱུན་དུ་འདུག ཁོང་བཟའ་ཚོ་གཉིས་ལ་རྩོམ་འབྲི་དང་སྨྲ་བརྗོད་ཀྱི་རང་དབང་འདི་འདྲ་ཡོད་པ་ཅི་ཡིན་ནམ། འོ་ན་པེ་ཅིན་དུ་གཏམ་བརྗོད་རང་དབང་དང་རྩོམ་འབྲི་ལ་འདི་འདྲའི་རང་དབང་ཡོད་དམ། ལོའུ་པའོ་ཞོའོ་གཙོས་རྒྱ་ནག་གི་རྩོམ་པ་པོ་གང་མང་ཞིག་འཛིན་དོན་ཅི་ཡིན་ནམ།
ཝང་ལི་ཞོན་གྱི་རྩོམ་ཡིག་གང་མང་ལ་བལྟས་ཏེ་ལེགས་ཉེས་འབྱེད་རྒྱུ་བོད་ཀྱི་ན་གཞོན་རྩོན་པ་པོ་དང་ཀྶལོག་པ་པོ་ཚོས་འོས་འགན་རེད་སྙམ། ཁོང་གི་རྩོམ་ཡིག་གང་མང་ཞིག་མང་རའི་གངས་ཐིགས་ལགས་ཀྱིས་བསྒྱུར་ཡོད་པས། རྣམ་པ་ཚོས་དུས་བབ་ཟིན་བྲིས་བརྒྱུད་ནས་ཁོང་ལ་འབྲེལ་བ་བྱོས་དང་ཝང་ལི་ཞོན་གྱི་རྩོམ་ཡིག་མང་པོ་བཀླག་ཐུབ།
རྩོམ་པ་པོ་འོད་ཟེར་ལགས་ན་བཙན་བྱོལ་བོད་མིའི་ཁྲོད་གདེངས་འཇོག་ཚད་མཐོན་པོ་བྱེད་ཀྱི་འདུག་པས་ང་རང་རྒྱུས་མེད་ཅིག་ནས་དེ་ཡིན་འདི་མིན་གྱི་སྐད་ཆ་མེད། ཡིན་ན་ཡང་། ང་རང་ག་དུས་ཡིན་ཀྱང་དོགས་འདྲི་བྱེད་རྒྱུ་སྐྱག་ལངས་ལ་སོང་བའི་མི་ཞིག་ཡིན་པས་ཆ་ནས་བོད་ནང་བོད་སྐོར་གྱི་ཁ་དབུགས་ཙམ་གཏོང་མཁན་རྣམས་རྒྱ་གཞུང་ནས་རྩ་མེད་གཏོང་གི་ཡོད་ས་ནས། འོད་ཟེར་ལགས་ལ་སྨྲ་བརྗོད་རང་དབང་ཡོད་པ་དེའི་གནས་ལུགས་ཁྱོན་ནས་ཤེས་ཀྱི་མི་འདུག་་་
ཁོ་མོར་དེ་ལྟར་མུ་མཐུད་བོད་དོན་སྐོར་གླེང་བསྡད་པ་ཡིན་ན་རྒྱ་ནང་དུ་སྨྲ་བརྗོད་རང་དབང་ཡོད་པའི་རྣམ་པ་ཡང་གསལ་བོར་མངོན་གྱི་འདུག་་་་་
འདི་དག་གི་རྒྱབ་ན་ཆབ་སྲིད་དེ་འདྲ་མེད་དམ།་་་་་
ང་རང་རྒྱ་རྒན་ཝང་ལི་ཞོན་ལ་ཡིད་ཆེས་གཏན་ནས་མེད། བོད་ལ་ཤ་ཚ་ཡོད་མདོག་གིས་བོད་རྒྱ་ཁོངས་ལ་དུས་གཏན་དུ་འཇུག་ཐུབ་བྱེད་ཀྱི་ཡོད་པ་ཁོས་བྲིས་པའི་རྩོམ་ཡིག་ཁག་ནས་རྟོགས་ཐུབ།
ཝང་ལི་ཞོན་དང་འོད་ཟེར་གཉིས་བཟའ་ཚོ་གཉིས་ཀྱི་་་་བོད་ནང་གི་རེ་འབོད་་་་དེ་རང་བཙན་མ་རེད་་་་་ཟེར་བའི་ཉིན་དེར་ཁོང་གཉིས་ཀྱི་དམིགས་ཡུལ་ལྷང་ལ་བུད་པ་རེད་པ་མ་རེད་དམ། ད་དུང་དཔེ་དེབ་དེ་མཐོང་མེད་པས་དེབ་ཀྱི་བརྗོད་བྱ་བརྗོད་ཁག་པོ་རེད། ངའི་ཚོད་དཔག་དང་བློ་དོགས་བྱས་པར་ནོར་མེད་པ་ཡིན་ན་་་བོད་ནང་གི་རེ་འབོད་དེ་་ཆོས་དད་རང་མོས་ཙམ་་་་ལ་འགྲེལ་བཤད་རྒྱག་རྒྱུ་དེ་རེད།
སྐད་ཆ་དྲང་པོ་བཤད་ན་ང་རང་འོད་ཟེར་དང་ཝང་ལི་ཞོན་གཉིས་ལ་རྒྱུས་ལོན་དེ་ཙམ་མེད། འོན་ཀྱང་།་་ང་རང་ང་ཚོ་བོད་ཀྱི་གཏམ་དཔེ་བཞིན་རྒྱ་མི་ནང་བཞིན་དོགས་པས་ཕོངས་ཀྱི་མེད་པར་སྨོན།
ལ་རྒྱ་ཅན་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ལ་ཐུགས་རྗེ་ཆེ་ཞུ། དེ་མིནརྒྱ་རྒན་རྩོམ་པ་པོ་ཝང་ལི་ཞོན་ལ་སྐྱག་པ་སོ་ཟེར་རྒྱུ་ཡིན། རྒྱུ་མཚན་གང་ཞེ་ན། ཁོ་པ་ནི་ངོ་གཉིས་མ་ཞིག་རེད་འདུག ༸གོང་ས་མཆོག་གིས་དུས་རྟག་ཏུ་ངོ་གཉིས་མ་མ་བྱེད་རོགས་གསུངས་ཀྱིན་པ་དེ་རེད།
བརྩེ་མེད་དགྲ་ནག་གི་མདུང་རྩེ་ཁར་ནས་བདེན་པའི་འོད་སྣང་དགུང་ལ་བཏེགས་པའི་དཔའ་རྒོད་ཁྱེད་གཉིས་ལ་སྔགས་བརྗོད་དང་རྗེས་སུ་ཡིད་རངས་ཡོད།
དུས་བབས་ཚང་གིས་འགན་བཞེས་ནས་ཁོང་གཉིས་ཀྱི་བརྩམ་ཆོས་དེ་བོད་མི་ཚོའི་མིག་ལམ་དུ་བཤམས་ཐུབ་པའི་རེ་བ་དང་ལེན་ཡོངས་བ་ཞུ།
བོད་འབྲེལ་གྱི་དེབ་རེ་ཐོན་པར་དགའ་བསུ་ཡོད། འོད་ཟེར་གྱིས་བྲིས་པའི་༼གངས་སེང་གི་ངར་སྒྲ་༽ལ་ལྟ་འདོད་ཆེན་པོ་འདུག ཁོང་གིས་བོད་མི་རིགས་ལ་བཅངས་པའི་བརྩེ་དུངས་ནི་གཏིང་ཟབ་པོ་དང་ཁྱད་པར་བ་ཞིག་ཏུ་མཐོང་ལ། ལྷག་པར་དུ་ཁོ་མོ་བོད་བརྒྱུད་ནང་ཆོས་ལ་དགའ་མོས་ཆེན་པོ་ཡོད་མཁན་ཞིག་རེད། ཡིན་ན་ཡང་ཝང་ལི་ཞུང་ནི་རྒྱ་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་མཁན་ཞིག་རེད་ལ། དེ་བཞིན་བོད་རྒྱ་ཁོངས་བསྙོན་མེད་ཅིག་ཏུ་ཁས་ལེན་འབད་སྒྲུབ་བྱེད་མཁན་གྱི་གཏེ་བོ་ཞིག་ཀྱང་རེད། གང་ལྟར་ཁོང་བཟའ་ཟླ་གཉིས་ལ་ཐུན་མོང་གི་ལྟ་ཚུལ་གཅིག་མཚུངས་ཤིག་གནས་པ་ནི་ལོ་རྒྱུས་ཀྱི་བདེན་དོན་དང་། དངོས་ཡོད་ལོ་རྒྱུས་ཀྱི་ཕྱོགས་ནས་འགན་མི་འཁུར་བ་དེ་རེད།
སྔགས་རྗོད་དང་རྗེས་སུ་ཡིད་རང་ཡོད་
བོད་མི་བུད བོད་རིགས་བུད་མེད་དུ་བཅོས
འདྲེ་བོང་ལི་ཞོན་གི་དམིགས་རེ་ཅི་འདྲ་ཞིག་ཡིན་མིན་མི་ཤེས་མོད། འོད་ཟེར་ལགས་ལ་འཚམས་འདྲི་དང་བསྔགས་བརྗོད་ཡོད། ངོ་མ་བོད་མི་བུད་ཅིག་གི་སྙིང་སྟོབས་མི་རིགས་གཞན་གྱི་གར་སྟེགས་སྟེང་རང་ནུས་ཀྱིས་མངོན་པར་བསྐྲུན་མཁན་ཞིག་རེད་ཟེར་ཡང་ཆོག མགྱོགས་མྱུར་ངང་བོད་ཡིག་ཐོག་ཀློག་ཐུབ་རྒྱུ་འབྱུང་ན་རེ།
ཁོང་གཉིས་ལ་ཁ་དྲོ་བཀྲ་ཤིས། ཆེ་རིང་ལོ་བརྒྱ། མི་རིང་བར་བོད་ཡིག་ཏུ་མཐོང་བར་ཤོག ངོ་མ་ང་ཚོ་ལ་དེའི་རིགས་མང་ཟི་རྙོག་འཛིང་གི་རིགས་ཉུང་ཟི
ཁྱེད་གཉིས་ཀ་ཁ་དྲོ་བཀྲ་ཤིས་ཀོ བྱ་བ་ལམ་ལ་འགྲོ་ཀི་སྨོན་ལམ།
ངོ་མ་དགའ་འོས་པའི་དོན་བཟང་ཞིག་རེད། རྩོམ་པ་པོ་འོད་ཟེར་དང་ལྦུང་ལའི་ཞོན་གཉིས་ལ་ཐུགས་རྗེ་ཆེ་ཞུ།
ཨོ་ཡང་། ཁོ་གཉིས་ཀྱི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་དེབ་ཅིག་བྲིས་འདུག་གམ། ངོ་མ་ཡག་པོ་རེད་ལ་དམིགས་བསལ་གྱི་འོད་ཟེར་ལ་བཀྲ་ཤིས་བདེ་ལེགས་ཡོད་དཱ། ཝང་ལའི་ཞོང་ལ་ཐུགས་རྗེ་ཆེ།
དེབ་འདི་ཡང་བོད་ཡིག་ནང་ཀློག་རྒྱུ་ཡོད་ན་ཅི་མ་རུང་། འདིའི་ཐད་ཐུགས་འགན་བཞེས་ཐུབ་མཁན་འདྲ་ཡོད་ན་ལམ་སེང་ལས་དེར་འཇུག་པར་རིགས་སོ།
རེད། དེ་ཡག་པོ་འདུག
སྔགས་རྗོད་དང་རྗེས་སུ་ཡིད་རང་ཡོད་
དངོས་གནས་ཡག་གི་་ བོད་མའི་གནས་སྟང་དེ་ མཛམ་གླིང་ལྡིང་ཆའི་སྒང་ལ་སྟང་ཐུབ་པ་མ་ཟད་ རྒྱ་རིགས་མི་དམངས་གི་དོག་པ་རྣམ་རྟོགས་་སེལ་ཡག་གིས་རླབས་ཆེན་གྱི་
ལེགས་སྐྱེས་ཆེན་པོ་ཞིག་ཕུལ་བ་རེད
ཁོང་རྣམས་ཀྱིས་བརྩམས་ཆོས་དེའི་ནང་གཞིས་ལུས་བོད་མིའི་སེམས་ནང་གི་རེ་འབོད་ངོ་མ་དེ་ཕྱིར་མངོན་ཡོད་པ་ཤོག