༄༅།། རྒྱལ་གཅེས་བོད་རིགས་སྤུན་ཟླ་རྣམ་པའི་སྙན་ལམ་དུ།
ཁེ་ན་ཌར་གནས་བཞུགས་སྤྱི་ཟུར་སྐུ་ངོ་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ཡོངས་ཁྱབ་གཞེན་བསྐུལ་གནང་བ་ལྟར། ད་ལམ་གུས་པོ་མདོ་སྔགས་བསྟན་འཛིན་ནས་བོད་བཙན་བྱོལ་གཞུང་གི་སྐབས་རྗེས་མའི་བཀའ་བློན་ཁྲི་པའི་འོས་དམིགས་ཆེད་དུ་མི་གྲངས་བརྒྱད་ཀྱི་མཚན་ཐོ་ཁག་སྤྱན་ལམ་དུ་བསྟར་འབུལ་ཞུས་པར་ཞིབ་དཔྱད་ཡོང་བ་དང། ཡང་ང་རང་ཚོས་འཛམ་གླིང་ཡར་ཐོན་ཅན་གྱི་ལམ་ལུགས་བཟང་ས་ནས་དཔེ་ལྟ་ཉམས་ལེན་ཉུང་སྐྱོན་ཡོད་མུས་ལ་བརྟེན། ཁ་དཔེར། ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་བསྡུར་ཟབ་ཟེར་བ་ལྟར། གཞུང་ལས་སྡེ་ཁག་བདུན་ལ་ལས་བྱེད་སློབ་སྟོན་པ་དགོས་ངེས་ཆེ་བར་བསམས་ཏེ། དཔེ་མཚོན་མི་འགྲོ་མཚན་སྟོན་འདི་མཉམ་འབུལ་ལམ་ཞུས་ཡོད་པ་རྗེས་སུ་བཀའ་བློན་ཁྲི་པ་བློ་སྐྱེད་ཡངས་པ་ཞིག་ཕེབས་ན་ནི་ཐུགས་བསམ་བཞེས་རེ་ཆེ། ཡང་གཞི་རྩའི་སློབ་སྟོན་པ་བསྐོ་ཕྱོགས་ཐད་ཁོང་རང་གི་ལས་དབང་ཡིན་པ་བཅས་ཀྱི་བསམ་འཆར་དུ་བཀའ་ཟུར་མདོ་སྔགས་བསྟན་འཛིན་གྱིས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢༨ ལ།
སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་པའི་འོས་དམིགས་གཤམ་གསལ།
༼བཀའ་ཤག ༽
༡ ཁྲིམས་ཀྱི་སློབ་སྟོན་པ་བློ་བཟང་སེང་གེ།
༢ སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ།
༢ ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང།
༤ ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས།
༥ སྐུ་སྒེར་ཡིག་ཚང་དྲུང་ལས་རྔ་བ་ཚེ་རྒྱམ།
༦ དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན།
༧ སྤྱི་འཐུས་བསྟན་འཛིན་ཆོས་ལྡན།
༨ བཀའ་ཟུར་པདྨ་ཆོས་འབྱོར།
གོང་གི་མིང་ཐོའི་ཨང་རིམ་ལ་ཁྱད་པར་མེད།
༼ཆབ་སྲིད་སློབ་སྟོན་པ།༽
༡ བཀའ་ཁྲི་ཟུར་བ་རྒྱལ་ལོ་དོན་འགྲུབ།
༢ བཀའ་ཁྲི་ཟུར་བ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
༣ བཀའ་ཁྲི་ཟུར་བ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
༤ ཨ་རིའི་ཝ་ཤིན་ཊོན་སྐུ་ཚབ་བུ་ཆུང་ཚེ་རིང།
༼བོད་རྒྱ་འབྲེལ་མོལ་སྐུ་ཚབ།༽
༡ བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན།
༢ ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན།
༣ ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ།
༼ཤེས་ཡོན་སློབ་སྟོན་པ།༽
༡ ངྷ་ས་བོད་ཁྱིམ་ཤེས་ཡོན་སྤྱི་ཁྱབ་ངག་དབང་རྡོ་རྗེ།
༢ སམ་བྷོ་ཊ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག།
༣ ཤེས་ལྷན་དྲུང་འཕར་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ།
༤ ཤེས་ལྷན་ཟུང་དྲུང་བུ་ཆུང་ཚེ་རིང།
༼ཕྱི་ནང་དྲིལ་བསྒྲགས་སློབ་སྟོན་པ།༽
༡ བཀའ་དྲུང་ལས་འཕར་ཚེ་རིང་དབང་ཕྱུག
༢ དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར།
༣ སྤྱི་ཟུར་ཧོར་གཙང་འཇིགས་མེད།
༤ དུས་བབ་རྩོམ་སྒྲིག་པ་ཟུར་བ་དགེ་འདུན་རབ་གསལ།
༼དཔལ་འབྱོར་སློབ་སྟོན་པ།༽
༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང།
༢ ལྡི་ལི་ཚོང་པ་ཀུན་བཟང་བསྟན་འཛིན།
༣ ནུབ་ལུང་བཀྲ་ཤིས་ཕུན་ཚོགས།
༼སོ་ནམ་དང་བཟོ་གཞིས་ལས་འཆར་སློབ་སྟོན་པ།༽
༡ བཀའ་ཟུར་མདོ་སྔགས་བསྟན་འཛིན།
༢ འཆར་འགོད་དྲུང་ཆེ་དཀོན་མཆོག་བརྩོན་འགྲུས།
༣ དྲུང་ཟུར་ཚེ་རིང་དབང་རྒྱལ།
༼འཕྲོད་བསྟེན་སློབ་སྟོན་པ།༽
༡ བླ་སྨན་པ་ཚེ་བརྟན་རྡོ་རྗེ།
༢ སྨན་རམ་པ་རྟ་མགྲིན།
༣ བདེ་ལེགས་སྨན་ཁང་འགན་འཛིན་ཟླ་བ་ཕུན་སྐྱིད།
༤ སྨན་པ་པདྨ་རྡོ་རྗེ།
རང་རིགས་སྤུན་ཟླ་རྣམ་པ་ཚོ།
ངས་སྨོན་པ་ལ་བཀའ་བློན་ཁྲི་པ་འཇོན་ཐང་ཅན་ཞིག་དང་བོད་སྤྱི་འབངས་ཡོངས་ལ་ཕན་མཁན་ཞིག་ཡོང་བར་སྨོན་ནོ།
འོན་ཀྱང་ངས་ནི་ནམ་ཡང་གདམས་མ་ཤེས་སོ།
ངས་ནམ་ཡང་བཀའ་བློན་ཁྲི་པའི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ལེན་རྒྱུ་མིན།
རྒྱུ་མཚན་ནི་ང་ལ་བསམ་བློའི་རང་དབང་མི་འདུག
ང་ཡི་བསམ་བློའི་རང་དབང་ཡོད་ཚད་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཀྱིས་ཁྱེར་སོང་ངོ་།།
ནམ་མཁའ་བསྟན་འཛིན་ལགས། རིན་པོ་ཆེ་མཆོག་གིས་བཀའ་བློན་མིང་འདོན་བྱས་པ་ཚང་མར་བསྟན་འཛིན་མགོན་པོས་དགག་བྱ་བྱས་ཡོད་པ་ཁྱེད་ཀྱིས་མ་མཁྱེན་པ་ག་ལ་ཡིན། ཁོས་ཚང་མར་དགག་བྱས་པ་ནང་ནས་བློ་བཟང་སྙན་གྲགས་ནི་ཁོང་ཚོ་ནང་ནས་གཞོན་སྐྱེས་ཡིན་པ་གང་ཞིག་ལ་ཤེས་འཇོན་གཉིས་ལྡན་ཡིན་པ་མ་ཟད། སྐབས་སྔོན་མའི་བཀའ་ཤག་སྐབས་ཁོང་ནི་བཀའ་ཁྲི་མཆོག་གི་ཕྱག་གཡས་པ་ལྟ་བུ་ལས་དོན་ཁག་གྲུབ་འབྲས་དམིགས་བསལ་ཐོན་ཡོད་པས་མི་རིགས་ལ་ལྷག་བསམ་དཀར་བའི་འབྲེལ་ཡོད་མི་སྣ་མང་པོས་ཡིད་ཆེས་དང་གདེང་འཇོག་བྱེད་ཀྱི་ཡོད། ཡིན་ནའང་མི་ངན་འགའ་ཤས་ཀྱིས་ཕྱི་དགྲ་མེད་པས་ནང་དགྲ་ལྟ་བུ་ཕ་རོལ་རྒྱ་དམར་གྱི་དཔོན་རིགས་བྱེད་སྟངས་ལ་གང་ཡང་མི་བྱེད་པར། ནང་ཁུལ་ཤེས་འཇོན་དང་དང་ལྷག་བསམ་ལྡན་པའི་མི་སྣ་གང་མང་ལ་ཁ་དགྲ་སྣ་དགྲ་བསག་གང་ཐུབ་བྱེད་ཀྱི་ཡོད་པ་ཀུན་གྱི་ཤེས་གསལ་ཡིན་པས། དེ་ནི་གཡོན་ཐལ་ཅན་གྱི་ལྟ་ལངས་ཕྱོགས་དང་ལྟ་བ་ཞིག་རེད། ཞིབ་ཕྲ་བསྐྱར་བརྗོད་དགོས་དོན་མེད། སྤྱིར་བསམ་ཚུལ་བཤད་རྒྱུ་མཚན་རྒྱབ་ལྗོངས་ཡོད་དགོས་ཤིག ཁྱེད་རང་ལྟ་བུ་རྒྱུ་མཚན་མེད་པའི་སྤྱི་ནང་གི་དཀྲོག་གཏམ་གྱི་སྐད་ཆ་གཞི་བཞག་བྱས་ཏེ་མི་གཞན་ལ་སྐྱོན་བརྗོད་བྱས་པ་རྒྱུག་ཁྱི་མིན་གང་ཡིན། ངས་རྒྱུག་ཁྱི་ཟེར་བཤད་པ་མ་གཏོགས་སོ་བ་ཉུལ་མ་སོགས་གང་ཡང་བཤད་རྒྱུ་མ་བྱུང༌བས། ངའི་སྐད་ཆ་བཟོ་བཅོས་མ་བྱེད་རོགས།
བསྟན་འཛིན་མགོན་པོས་ཟམ་གདོང་བླ་མར་ཀྱག་ཀྱག་བྱས་ཏེ་བཀའ་བློན་ཞིག་མར་འོས་གཞི་ནས་འཐེན་ན་བློ་བཟང་སྙན་གྲགས་གཅིག་བུ་མ་གཏོགས་གཞན་པ་དག་མི་འཐེན་དོན་ཅི་རེད། ངོ་མ་བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་སྨད་མི་མཁན་གྱིས་སྨད་ན་དགའ་ཞེས་བ་ཅིས་མ་བདེན། རང་ཉིད་ཀྱི་དགའ་ཕྱོགས་ཡིན་ན་ཅིས་ཀྱང་རྒྱལ་དགོས་ཞིང་གཞན་གྱི་གནས་ལུགས་དང་འབྲེལ་བཤད་ལ་མི་ཉན་པར་ངེས་བར་དུ་ཕམ་དགོས་བའི་ལྟ་གྲུབ་འདི་སུ་ཞིག་གི་རང་ལུགས་ཡིན་ནམ། ཁྱོད་ཀྱིས་དང་བོ་རང་ཉིད་སྤྱི་ཚོགས་འདིའི་ཆ་ཤས་ཞིག་ཡིན་པ་ལས་སྤྱི་ཚོགས་འདི་རང་ཉིད་ཀྱི་ཆ་ཤས་ཞིག་ཏུ་འདོད་བཞིན་ཡོད་ན་རང་ཁྱོད་ལ་གནས་ལུགས་མང་པོ་མི་བཤད། གཞན་བསམ་ཚུལ་འགོད་མཁན་ལ་རྒྱུགས་ཁྱི་དང་ཉུལ་མ། སོ་བ་སོགས་གང་ཟག་སྒེར་ལ་དམའ་འབེབ་དང་མཐོང་ཆུང་། སྒྲོ་འདོགས་ཀྱི་ཚིག་མ་འབྲི་རོགས། ངར་ཁྱོད་ལ་རྩོད་རྒྱུ་ཅི་ཡང་མེད་ལ། ངས་ཁྱོད་རང་ངོ་ཡང་ཤེས་ཀྱི་མེད། ཤེས་ཀྱང་མི་དགོས། འོན་ཀྱང་དྲ་ཚིགས་འདི་དང་རྒྱ་ཆེའི་ཀློག་མཁན་རྣམས་ལ་བརྩི་བཀུར་ཡོད་པར་བཀྱིས།
ནམ་མཁའ་བསྟན་འཛིན་ལགས། ཁྱེད་རང་ཐོགས་མར་བསྟན་འཛིན་མགོན་པོའི་རྒྱབ་ཏུ་སུ་མེད་དང་ཁོ་ཚོར་སྔོན་ཚུད་ནས་ཆར་གཞི་ག་འདྲ་ཡོད་མེད་ཤེས་ཀྱི་ཡོད་དམ། སྤྱི་ཚོགས་གྲོས་ཚོགས་དེ་བསྟན་མགོན་གྱི་ལག་ཏུ་མེད་ནའང་ཁོ་དང་མཉམ་དུ་ཁོག་གཅིག་ཡིན་སྤྱི་མཐུས་ཉུང་ཉུང་ཞིག་མིན་ཧ་གོ་དོན་གསལ་རེད། ཁོ་ཚོས་བློ་བཟང་སྙན་གྲགས་བཀའ་བློན་བགག་པ་བྱས་པ་དེ་བློ་བཟང་སྙན་གྲགས་ལ་མི་དགའ་བ་མ་ཡིན་པར། བཀའ་ཀྲི་ཟམ་གདོང་རིན་པོ་ཆེ་ལ་ཆེད་དུ་གནག་གནག་བྱས་པ་ཞིག་ཁྱེད་ཀྱི་མཁྱེན་གྱི་ཡོད་དམ། ཁོས་ཆེད་དུ་ཟམ་གདོང་རིན་པོ་ཆེ་ལ་གཞི་དཀ྄ོག་གཏམ་དང་ངོ་རྒོལ་ལས་འགུལ་ག་ཚོད་སྤེལ་མྱོང༌། ཁོས་དམར་པོ་གཞུང་ལ་ཟས་གཅད་ངོ་རྒོལ་གྱས་ལས་འགུལ་སྤེལ་མྱོང་མེད་ཅིང༌། ཟམ་གདོང་རིན་པོ་ཆེ་ལ་ངོ་རྒོལ་གྱིས་ཟས་གཅད་ངོ་རྒོལ་བྱས་མྱོང་ཡོད། ཁྱོད་ཟུར་བོ་གནས་པའི་མི་ཞིག་ཡིན་ན་དེའི་ལྟ་ཚུལ་ག་རི་ཡོད་དམ།
ཕལ་ཆེར་ཁྱེད་རང་བཙན་བྱོལ་གཞུང་གི་སྲིད་ཇུས་དང༌། ལམ་ལུག་ མཐོ་རིམ་མི་སྣ་བསྐོ་བཞག་བྱེད་སྟངས་སོགས་ལ་རྒྱུས་མངའ་གང་ཡང་མེད་པའི་ཚོ་སྣང་བྱུང༌། ཕྱི་རྒྱལ་གཅོད་བསྐོ་བཞག་ཚང་མ་གོང་ས་མཆོག་དང་བཀའ་འབྲེལ་ཞིན་ཞིང་བཀའ་བློན་ཁྲི་དང་བཀའ་ལྷན་རྒྱས་ནས་ཐག་གཅོད་བྱེད་པའི་ལམ་ལུག་མེད་པ་རེད། ངས་བལྟས་ཁྱེད་རང་དཀྲོག་གཏམ་དང་རྒྱུག་ཁྱི་བྱེད་པའི་ཤེས་ཚད་ལས་གཞན་གང་ཡང་མེད་པ་མངོན།
གླང་དར་གྱི་བཤད་སྟངས་ལ་ལྟོས་ན་ཕལ་ཆེར་སྤྱི་འཐུས་གྲོས་ཚོགས་བསྟན་འཛིན་མགོན་པོ་སོགས་མི་འགའ་ཤས་ཞིག་གི་ལག་ཏུ་ཡོད་པ་འདྲ་བོ་ཞིག་བཤད་བཞིན་འདུག དེ་དངོས་ཡོད་མིན་ན་ཁོས་དང་བླངས་ཀྱི་སྒོ་ནས་བཀའ་བློན་སྐབས་གཉིས་བའི་དུས་དགོངས་པ་ཞུས་རེད་དམ་ཡང་ན་བཀའ་ཁྲིས་ཁྱོད་བཀའ་བློན་ལས་ཨ་རིའི་དོན་གཅོད་ལ་བསྡད་ན་དགོས་ཕན་ཆེ་རབས་གསུངས་བ་རེད། ཁྱོད་ཚོ་ཡིད་མི་ཆེ་ན་གྲོས་ཚོགས་ཀྱི་ཚིག་ཐོ་ཀློག་དང་མཐོང་གི་རེད། བཀའ་བློན་གྱི་འོས་ཤོར་རྗེས་མི་མང་བོས་ད་ནི་ཁོ་ཕྱི་རྒྱལ་ཁག་ཅིག་ཏུ་དོན་གཅོད་ལ་གཏོང་རྒྱུ་ཡིན་པ་ཚོད་དཔག་བྱས་བ་རེད། དེ་མངོན་འགྱུར་བྱས་སོང་བ་མ་ཡིན་ནམ། མི་འདི་དག་གིས་སྐད་ཆ་དཀྲོགས་གཏམ་བཤད་དེ་རང་གི་དགའ་བོ་ཉེ་བོ་ཚོར་འུར་བསྟོད་བྱེད་པ་ལས་ལག་པ་བྲང་ཁར་བཞག་ནས་བསམ་བློ་གཏོང་རྒྱུ་ཡོད་པའི་གཏམ་རེ་བཤད་ན་ཅི་མ་རུང་།
དྲ་གྲོགས་གནས་ཚང་ལགས། ཁྱེད་ཀྱིས་བལྟས་པ་ཡིན་ན་ནི། གསར་འབྱོར་བ་སུ་ཞིག་བཀའ་ཁྲིར་འོས་པོ་འདུག འཚམ་སྤྱོར་རེ་བྱེད་རྒྱུ་མེད་དམ། ད་གཟོད་ངེད་ཅག་གིས་མི་མང་ལ་གོ་རྟོགས་སྤེལ་བ་ཡིན་ན་ཡག་པོ་རེད། ཕྱོགས་གཅིག་ནས་ང་ཚོས་ད་དུང་གནས་ཚུལ་མང་བོ་ཞིག་ལ་རྒྱུས་ལོན་མེད་པའི་སྐད་ཆ་ཡང་བཤད་ཀྱི་ཡོད་མི་སྲིད་པ་མིན་ན། དེའི་ཐད་དུ་གཟབ་གཟབ་གནང་ན་ཡག་པོ་མེད་འགྲོ
ད་ཐེངས་ཡིན་ན། བཙན་བྱོལ་བ་རྙིང་བ་ཚོ་ལས་གསར་འབྱོར་བ་ཞིག་བཀའ་ཁྲིར་འདེམས་རྒྱུ་ནི་བོད་ནང་གི་སེམས་ཤུགས་མུ་མཐུད་དུ་གནས་ཐུབ་མིན་ལ་རག་ལས་ཀྱི་ཡོད་པས། བོད་དོན་ལ་བསམ་བློ་གཏོང་མཁན་ཞིག་ལ་མཚོན་ན་འདི་གལ་ཆེན་པོ་ཞེ་དྲག་རེད། བསམ་ཚུལ་འདི་བོད་ནང་གི་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་ནས་བཤད་པའི་གཏམ་ཡིན།
དྲ་གྲོགས་ལགས་གོང་དཀར་ངག་རྣམས་ནས་བློ་བཟང་སྙན་གྲགས་ལགས་བོད་ཀྱི་སྐད་ཡིག་ཐོག་རང་རྐྱ་འཕེལ་ངེས་ཡོད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་རྒྱུས་མངའ་ཆེན་པོ་ཡོད། གང་ཡིན་ཟེར་ན་ཁོང་གིས་འདས་པའི་མི་ལོ་ཉི་ཤུ་ལྷག་རིང་བཙན་བྱོལ་སྤྱི་ཚོགས་ནང་ལས་དོན་རྒྱ་ཆེན་པོ་བྱས་ཡོད་ཅིང༌། གྲུབ་འབྲས་ཡང་ངེས་ཅན་ཐོན་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་བཞིན་ནམ་མཁའ་བསྟན་འཛིན་ལགས་ནས་བློ་བཟང་སྙན་གྲགས་བཀའ་བློན་སྐབས་གཉིས་པའི་དུས་ལ་ཡང་བསྐྱར་མ་སླེབས་པའི་འཇོན་གི་མེད་ཚུལ་གསུང་པ་བདེན་པ་མ་རེད། ཁོང་ཤེས་འཇོན་གཉིས་ལྡན་གྱི་འདྲེན་ཟླ་བྲལ་ཞིང་བྱས་རྗེས་ཡོད་པའི་མི་རབས་གསར་པ་ཞིག་ཡིན་ཞིང༌། བསྟན་འཛིན་མགོན་པོ་ལྟ་བུ་ཕྱོགས་རེས་ཅན་རེ་གཟུང་གིས་ངེས་སྐུལ་དང་འོག་ནས་ཁོང་ལ་སྐབས་གཉིས་པའི་བཀའ་བློན་འོས་བསྡུའི་རྒྱལ་ཁ་ཐོབ་མེད་ཅིང༌། ཡིན་ནའང་ཁོང་གི་ཤེས་འཇོན་དང་མཛད་རྗེས་སོགས་ལ་བརྟེན་༸གོང་ས་མཆོག་གིས་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་ཡོད། ད་ལྟ་མུ་མཐུད་ཕྱག་ལས་གནང་བཞིན་པ་རེད།
བློ་བཟང་སྙན་གྲགས་བཀའ་བློན་སྐབས་གཉིས་བའི་དུས་ལ་ཡང་བསྐྱར་འདེམས་དུས་སྤྱི་འཐུས་གྲོས་ཚོགས་ནས་མང་མོས་ཀྱི་བརྒྱ་ཆ་མ་འདེངས་བ་རེད། དེའི་རྒྱུ་རྐྱེན་སྐབས་སྔོན་མའི་ལས་ཡུན་རིང་གི་གྲུབ་འབྲས་ལ་ལྟོས་ནས་མང་མོས་མ་བྱུང་བ་རེད། བཀའ་བློན་ཁྲི་བའི་ལས་རོགས་བཀའ་བློན་མི་འཇོན་པ་ཞིག་ཡང་བསྐྱར་བཀའ་བློན་ཁྲི་བར་ཅི་ལྟར་འདེམས་དགོས་བ་རེད། ངས་ངོ་མ་ཧ་མི་གོ་གི།
བཀུར་འོས་མདོ་སྔགས་བསྟན་འཛིན་ལགས།
ཁྱོད་ཀྱིས་འདི་ལྟ་བུའི་ལས་འགུལ་ཞིག་སྤེལ་པ་སེམས་གཏིང་ནས་ཐུགས་རྗེ་ཞུ།
གོང་དུ་མང་བོ་ཞིག་གིས་འདིའི་ནང་ན་བཀའ་ཁྲིའི་རྐུབ་སྟེགས་ལ་འོས་མཁན་ཞིག་མི་འདུག་ཟེར། ངས་བལྟས་ན་འདིའི་ནང་ན་མེད་ན་ཕལ་ཆེར་མེད་པ་འདྲ་ཞེས་བཤད་ཆོག མི་སུ་འདེབས་རྒྱུ་ཡིན་མིན་རང་རང་གི་ཁེ་དབང་རེད།
ང་ཚོས་མ་ནོར་བ་ཞིག་བྱེད་རྒྱུ་གལ་ཆེ། དཔེར་ན། སྔོན་མ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མ་བླུགས་པས་ཅུང་གུད་རྗེས་མ་ཞིག་ལ་ཧ་གོ་ནི་རེད། དེ་དུས་ཚར་རེད། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ངོ་མ་ཟིན་ཞེས་པའི་དཔེ་ལས་མ་འདས་སོ།
ད་ཐེངས་དེ་འདྲ་མི་ཡོང་བར་ངས་འབོད་སྐུལ་ཞུ།
༸གོང་ས་མཆོག་གིས་རིན་པོ་ཆེར་དེ་སྔ་གསུངས་མྱོང་བའི་བཀའ་མོལ་དེར་་བསམ་གཞིག་ནན་ཏན་བྱ་དགོས་ཀྱང་། ངའི་ཉེ་འཁོར་གྱི་མི་དེ་ཚོས་འོན་ཀྱང་བུད་མེད་སུ་ཞིག་འོས་པ་འདུག་ཅེས་ཡིད་ཐང་ཆད་པའི་སྐད་ཆ་རེ་ཤོད་པ་དང་། དེ་ལ་རྒྱུ་མཚན་མེད་པ་ཡང་མིན་པས་མང་མོས་ཀྱི་བཀའ་ཁྲི་གཉིས་པ་དེར་བུད་མེད་ཅིག་མི་འདུག་སྙམ། དེ་བས་ཟམ་གདོང་བླ་མ་ལྟ་བུའི་མི་ཞིག་ནི་དེ་རིང་གི་བཙན་བྱོལ་སྤྱི་ཚོགས་ནང་བཙལ་ཡང་རྙེད་ཐབས་མེད་པས། འུ་ཐུག་པའི་མཆོང་སྟེགས་གྱེན་ལ་བརྒྱབ་ཅེས་པའི་དཔེ་ལྟར་བློ་བཟང་སྙན་གྲགས་ལྟ་བུའི་ན་གཞོན་ཞིག་གིས་འགན་དེ་འཁུར་ན་འགྲིག་སྙམ།
ཡིན་ནའང་། ང་ཚོས་གཟབ་དགོས་པ་ནི། ཁོང་ལ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་གོ་རྟོགས་ག་འདྲ་ཡོད་མེད་བརྩད་གཅོད་བྱ་དགོས་པ་དེ་རེད།
དྲ་གྲོགས་རྣམས་ཀྱིས་ངེས་པར་དུ་འདི་ལྟབུའི་གནད་འགག་དེ་འདྲའི་ཐོག་ལ་བགྲོ་གླེང་ཟབ་བརླིངས་བྱེད་དགོས་པ་དུས་ལ་བབ་པའི་ལས་འགན་ཡིན། རྣམ་པ་ཚོས་གཡས་ཀྱོག་གཡོན་ཀྱོག་མེད་པར་མདུན་སྐྱོད་བྱེད་དགོས་པའང་དེ་བས་གནད་འགག་ཡིན།
གོང་དུ་མདོ་སྔགས་བསྟན་འཛིན་ལགས་ནས་བཀའ་ཁྲི་འོས་མི་འགའ་ཤས་བསྟན་འདུག་པས། མང་ཆེ་བ་ཡག་པ་འདུག་ཀྱང༌། ཡིན་ནའང། མ་འོངས་པའི་བཀའ་ཁྲི་འོས་བཀའ་ཟུར་བློ་བཟང་སྙན་ག྄ྲགས་ལགས་ཡིན་ཞིང༌། ཁོང་ནི་བཙན་བྱོལ་ནང་ཚར་ལོངས་བྱུང་བའི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་དང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་ཚང་མར་རྒྱུས་མངར་དང་ཉམས་མྱོང་ཡོད་པའི་མི་རབས་གསར་པ་ཞིག་ཡིན། ཁོང་ལྟ་བུ་སྐབས་རྗེས་མའི་བཀའ་ཁྲིར་འོས་འདེམས་གནང་ཐུབ་ང་ཚོའི་མི་རབས་གསར་པའི་གཟི་བརྗེད་དང་བོད་མི་རིགས་ཀྱི་མི་རབས་པའི་བོད་རྒྱལ་ཁབ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་ཀྱི་ཡོད་པའི་རྒྱ་ནག་དམར་པོ་གཞུང་ལ་གོ་བརྡ་གསར་པོ་ཞིག་སྤྲོད་ངེས་རེད། ང་ཚོའི་གཟི་བརྗེད་ཀྱང་རེད།
བཀའ་ཁྲི་དེ་ཆོས་སྲིད་གཉིས་ཀར་མཁྱེན་རྩལ་རྒྱས་པ་ཞིག་དགོས་སྟབས་ད་བར་མགོ་སྤུ་འབྱི་འབྱི་བསམ་བློ་བཏང་ཡང་མི་འགྲོ་འདི་འདུག་ཟེར་བ་ཞིག་དྲན་མ་སོང་། གོང་དུ་ཁྱུང་ཚང་གིས་བསམ་ཚུལ་བཀོད་པ་བཞིན་འདི་ཐོག་ཆེད་དམིཊ་བགྲོ་གླེང་གི་དོ་རྭ་ཞིག་བསྐྲུན་ཐུབ་ན་ད་གཟོད་བསམ་བློ་གཏོང་ས་ཡོད་པ་ཞིག་ཡོང་རེ་འདུག་པས་དུས་བབ་འགན་ཡོད་རྣམས་ཀྱི་ཐུགས་ལ་ཅི་ནས་ཀྱང་འདོགས་པར་ཞུ།།
བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས། བཀའ་བློན་ཐུབ་བསྟན་ལུང་རིགས་ལགས། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས།
དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས།
ཨ་མ་རྗེ་བཙུན་པདྨ་ལགས།
བཀའ་བློན་ཁྲི་བའི་འོས་གཞིའི་ཐད་མང་མང་གིས་གོ་བསྡུར་བྱས་པ་ལས་འབྲས་བུ་ཞིག་མི་རིང་བར་འཆར་དགོས་ངེས་རེད། དེ་བས་འོས་གཞིར་རུང་མི་རུང་ཇི་ལྟར་ཡང་མི་མང་གིས་དམིགས་སྒོར་མཐོང་བའི་འོས་མི་འདི་དག་རེ་རེར་མ་འོངས་བཀའ་བློན་ཁྲི་བའི་འོས་འགན་ནམ་བྱེད་འཆར་སྐོར་ལ་སྲིད་མཐའ་ཅན་གྱི་བཅར་འདྲི་ལྷུག་པོར་བྱས་ཏེ། ཆེད་དམིགས་གླེང་སྟེག་ཅིག་འདི་གའི་དྲ་ཐོག་ཏུ་བཀོད་སྒྲིག་ཞུ་ཐུབ་ན་ད་ལྟ་སྔ་དྲག་མི་འདུག་པ་མིན་ནམ།
འདིར་པཱ་ལེ་བ་ནས་འོས་གཞི་འགའ་འདོན་གྱི་ཡིན།
བཀའ་ཁྲིའི་འོས་གཞི།
༡ བཀའ་བློན་འབྲོང་ཆུང་དངོས་གྲུབ། ༢ སྒོ་དྲུག་སྐལ་བཟང་ཕུན་ཚོགས། ༣ བཀའ་ཟུར་པད་མ་ཆོས་འབྱོར། ༤ བསྟན་འཛིན་སྟག་ལྷ།
སྐུ་ཚབ་འོས་གཞི།
༡ ཨ་ཀྱཱ་རིན་པོ་ཆེ། ༢ བསྟན་འཛིན་མཁས་གྲུབ། ༣ དྭགས་པོ་བསོད་ནམས། ༤ སྐལ་བཟང་རྒྱལ་མཚན། ༥ བཀྲ་ཤིས་དབང་འདུད།
ཡིན་ནའང་། བཀའ་ཁྲིའི་འོས་གཞི་ནས་ངེས་པར་དུ་མང་ཚོགས་ལ་འདི་ལས་ཀི་ཡིན་ཞེས་པ་ཞིག་ཁྱེར་ཡོང་དགོས་ཀྱི་རེད་མ་གཏོགས། འདི་ལས་ཀི་ཡིན་བརྗོད་མཁན་ཚོར་འོས་ཤོག་མང་བོ་འཐོབ་སྲིད་པས་སོ།
སྐུ་ངོ་མདོ་སྔགས་བསྟན་འཛིན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ། ཁྱེད་ཀྱི་འཁྱེར་ཡོང་པའི་བཀའ་བློན་ཁྲི་པའི་འོས་དམིགས་དེ་དག་ལས་བཕལ་ཆེ་བར་འོས་ཆོས་ཡོད་པར་མཐོང་མ་སོང་། ལྷན་ཁང་སོ་སོའི་བཀའ་བློན་གྱི་འོས་དམིགས་དེ་བཀའ་བློན་ཁྲི་པའི་ལས་འགན་ཡིན་པས་འོས་མི་ཇི་འདྲ་ཞིག་འཁྱེར་ཡོང་མིན་དེ་ཁོ་རང་གི་དབང་ཚད་རེད། ད་ལྟ་ང་ཚོའི་སེམས་ཁྲལ་བྱེད་ས་དེ་བཀའ་བློན་ཁྲི་པ་རེད། ངའི་བསམ་པར་བཀའ་བློན་ཁྲི་པའི་འོས་གཞི་དེ་མི་འདི་དག་ལ་ངེས་ན་དྲ་གྲོགས་ལྷན་རྒྱས་ལ་དགོངས་ཚུལ་གང་ཡོད་གསུངས་རོགས་གནང་།
༡། ཚོགས་གཙོ་སྤེན་པ་ཚེ་རིང་།
༢། ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས།
༣། བཀའ་བློན་ཐུབ་བསྟན་ལུང་རིགས།
༤། བུད་མེད་ཚོགས་གཙོ་ཟུར་པ་བུ་མོ་ཚེ་རིང་།
༥། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ།
༦། གཞོན་ནུའི་ཚོགས་གཙོ་ཟུར་པ་ཚེ་བརྟན་ནོར་བུ།
བཀུར་འོས་མདོ་སྔགས་བསྟན་འཛིན་ལགས།
འོས་མི་འཁྱེར་ཡོང་རྒྱུ་ནི་དཀའ་ངལ་མ་རེད།
འོས་མི་ཚད་ལྡན་ཞིག་རེག་མིན་དེ་དཀའ་ངལ་རེད། ཁྱེད་ཀྱིས་ངོ་སྤྲོད་བྱས་བའི་འོས་མི་འདི་ཚོར་འོས་ཆོས་ཅི་ཚང་དང་ཤེས་འཇོན་ཅི་ཡོད་ཁ་གསལ་གཏིང་གསལ་བཟོ་རོགས།
བོད་ཀྱི་དུས་བབ་འདི་ཡང་མདོ་སྔགས་བསྟན་འཛིན་ལྟ་བུའི་མི་བུ་དག་གི་འོས་མི་སྦྱར་སའི་སྦྱར་པང་དེ་མིན་པར་ཤོག།