མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གསར་འགོད་པ་ཞིག་གློད་གྲོལ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp
ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཨ་རིའི་གསར་འགོད་པ་ཞིག་གློད་གྲོལ།
ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་རིའི་གསར་འགོད་ Roxana Saberi ཞེས་པ་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གློད་གྲོལ་ཐོབ་ཡོད་འདུག
ཁོ་མོའི་ཁྲིམས་རྩོད་པས་བརྗོད་པ་ལྟར་ན། Roxana Saberi ཁོ་མོར་ཨེ་རན་གཞུང་གིས་བཙུགས་པའི་གསང་ཉུལ་བའི་ཉེས་མིང་དེ་ཁུངས་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་སྟབས། ཨ་རིའི་གཞུང་གིས་ཡང་ཡང་ཨེ་རན་གཞུང་ལ་ཁོ་མོར་ཁུངས་མེད་ཉེས་འཛུགས་ཕྱིར་འཐེན་གྱིས། མྱུར་ཏུ་གློད་གྲོལ་གཏོང་དགོས་སྐོར་ནན་བརྗོད་བྱས་པ་མ་ཟད། ཡོ་རོབ་རྒྱལ་ཁབ་ཁག་ཅིག་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་བཅས་ཀྱིས་ཀྱང་ཁོ་མོ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་ལྟར་གོང་ཚེས་ཉིན་གློད་གྲོལ་བཏང་བ་ཡིན་སྐོར་བརྗོད་ཡོད།
Roxana Saberi ཁོ་མོ་ལོ་དྲུག་གི་གོང་ནས་ཨེ་རན་དུ་ཡོང་ནས་ཨེ་རན་རྒྱལ་ཡོངས་མི་མང་རླུང་འཕྲིན་དང་། BBC བརྙན་འཕྲིན་བཅས་ཀྱི་གསར་འགོད་པའི་ལས་དོན་གཉེར་མྱོང་། ཁོ་མོའི་ཨ་ཕ་ནི་ཨེ་རན་མི་སེར་ཡིན་པ་དང་ཨ་མ་ཨ་རིའི་མི་སེར་ཡིན་འདུག ཁོ་མོ་གློད་གྲོལ་བཏང་རྗེས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཁོ་མོར་ད་ལྟའི་ཆར་མོ་རང་གི་ནང་མི་མཉམ་དུ་ངལ་གསོ་བྱས་སྡོད་རྒྱུ་ལས་གཞན་མུ་མཐུད་ལས་དོན་བསྒྲུབ་རྒྱུའི་ཐད་འཆར་གཞི་གང་ཡང་མེད་སྐོར་བརྗོད་ཡོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༥ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 10

  1. ཨ་རིག་འགྱུར་མེད། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ། ད་ངས་རྟོགས་སོང་།

    Reply
  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ལོ་བརྒྱད་རིང་དང་ལོ་བརྒྱད་ཀྱི་ཞེས་བ་གཉིས་ལ་དོན་གྱི་ཆ་ནས་ཁྱད་པར་ཡོད།
    ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཟེར་དུས། ཁྲིམས་ཆད་འཕོག་ཡུལ་གསར་འགོད་པ་དེར་ལོ་བརྒྱད་ཧྲིལ་བོར་བཙོན་འཇུག་ཁྲིམས་ཆད་ཕོག་ཚར་བ་སྟོན་གྱི་ཡོད།
    ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་པའི་ཟེར་དུས། ཁྲིམས་ཆད་འཕོག་ཡུལ་གསར་འགོད་པ་དེར་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་ཕོག་འགྱུར་གྱི་སྐད་ཆ་བཤད་ཀྱི་ཡོད་། བརྗོད་པ་སྔ་མ་དེ་འདས་བ་དང་བརྗོད་པ་ཕྱི་མ་དེ་མ་འོངས་བའི་འདས་བ་རེད།
    དེ་ནས། ལོ་བརྒྱད་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཟེར་བ་དང་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟེར་བ་འདི་གཉིས་ལ་ཡང་གོང་མཚུངས་བཞིན་ཁྱད་པར་ཡོད་།
    བཅད་པ་དང་བཅད་འགྱུར་གྱི་ཁྱད་པར་ཡོད། གོང་གི་བརྗོད་པའི་ཁོངས་སུ། ཕོག་འགྱུར་ཟེར་བ་དང་བཅད་འགྱུར་ཟེར་བ་དེ་གཉིས་ནམ་རྒྱུན་གྱི་འཕོག་འགྱུར་དང་གཅོད་འགྱུར་གཉིས་ཀྱི་གོ་དོན་དང་གཅིག་མཚུངས་མིན། དེར་བརྟེན། ལོ་བརྒྱད་རིང་གི་ཟེར་བ་ལས་ལོ་བརྒྱད་ཀྱི་ལབ་ན་དོན་ལ་གནས་སྙམ།
    དེ་ཙམ་ཞུ།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 17 སྔོན།

    གྲོགས་པོ་རིག་འབྱུང་བ། ཉིད་ཀྱིས་ལོ་བརྒྱད་རིང་དང་ལོ་བརྒྱད་ལ། ལོ་བརྒྱད་ཀྱི་ཞེས་པ་གསུམ་ལ་ཁྱད་པར་ཡོད་ཀི་ཟེར་བ་ཡིན་ནམ། ལོ་བརྒྱད་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཅེས་དང་། ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད། ཅེས་པ་གཉིས་ཀྱིས་དོན་གཅིག་པ་ཞིག་སྟོན་གྱི་འདུག་སྙམ། ཡིན་ནའང་། ལོ་བརྒྱད་ལ་ཞེས་པས་གོང་མཚུངས་ལྟར་གྱི་དོན་ཞིག་སྟོན་གི་མེད་པ་འདྲ། དེ་འདྲ་རེད་དམ འདིའི་བར་དུ་ང་ཡང་མགོ་ཅུང་ཙམ་རྨོངས་སོང་།
    གོང་མ་གཉིས་ཀྱིས་འབྱུང་འགྱུར་གྱི་འཚོ་བའི་ཁྲོད་ནས་ཁོ་མོར་ལོ་བརྒྱད་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་སྟོན་གྱི་ཡོད་པ་དང་། འོག་མ་དེས་ལོ་བརྒྱད་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་ཞིག་སྟོན་དགོས་ཀྱི་ཡོད་པ་འདྲ། ཕལ་ཆེར་ཉིད་ཀྱི་དགོངས་པ་འདི་ཡིན་པ་འདྲ། གང་ལྟར་ངས་མ་ཤེས་པར་དྲིས་ནི་ཡིན། ཉིད་ཀྱིས་གསུངས་དང་དེ་འདྲ་རེད་དམ།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བཀུར་འོས་གསར་འགོད་པ་ལགས།
    ངེད་ཀྱིས་མཛུབ་སྣོན་བྱས་ཏེ་གནས་ཚུལ་རྙེད་པ་ཡིན་ཙང་། ཁྱེད་ལ་དོགས་སློང་ཕུལ་བ་ཡིན།
    དེ་ནས། ངེད་ཀྱིས་བརྗོད་པ་གོང་འོག་གསུམ་ཕུལ་ཏེ་ཁྱེད་ལ་ཁྱད་པར་ཡོད་མེད་བལྟ་རོགས་ལབ་ཡོད།
    འོན་ཀྱང་། ཁྱེད་ཀྱིས་ཁྱད་པར་ལ་བལྟས་མི་འདུག ལོ་བརྒྱད་རིང་དང་ལོ་བརྒྱད་ཀྱི་ཞེས་པ་འདི་གཉིས་ཀྱི་བར་ན་ཁྱད་པར་མཐོང་གི་མི་འདུག་གམ།
    བསྐྱར་དུ་དཔྱོད། རིག་པ་བརྡར་ནས་དཔྱོད། མུ་མཐུད་དུ་དཔྱོད།
    དེ་ཙམ་ཡིན།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 17 སྔོན།

    ཉིན་འདི་ཚོར་ཁོ་མོའི་སྐོར་གྱི་གསར་འགྱུར་མང་བོ་ཞིག་འདུག་པས་གལ་སྲིད་སྐུ་ཉིད་ google.com དྲ་ཚིགས་སུ་ཕེབས་ཏེ། search ཞེས་པར་ཁོ་མོའི་མིང་ Roxana Saberi ཞེས་པ་གཏགས་ཏེ་ enter སྟེང་དུ་མཛུམ་གནོན་ཐེངས་ཤིག་བྱས་ན། ཁོ་མོའི་སྐོར་གྱི་གནས་ཚུལ་མང་དག་ཅིག་ཁྱེད་ཀྱི་མིག་མདུན་དུ་སྤུངས་ངེས་ཡིན།

    Reply
  6. ཨ་རིག་འགྱུར་མེད། says:
    ལོ་ 17 སྔོན།

    གྲོགས་པོ་རིག་འབྱུང་བ། ཉིད་ཀྱིས་གསུངས་པ་ལྟར་གསར་འགོད་པ་ Roxana Saberi ལགས་ད་བར་ཟླ་བཞི་ལྷག་རིང་བཙོན་དུ་བཞུགས་དགོས་བྱུང་བ་དང་། ཟླ་སྔོན་མ་སྟེ་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཁོ་མོར་ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ནའང་། ཟླ་འདི་སྟེ། ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཁོ་མོའི་ལོ་བརྒྱད་རིང་གི་བཙོན་འཇུག་ཁྲིམས་ཆད་དེ་ཕྱིར་འཐེན་གྱིས་གློད་གྲོལ་བཏང་བ་ཞིག་རེད།
    གོང་དུ་ཁོ་མོ་གློད་གྲོལ་ཐོབ་པའི་རྒྱུ་མཚན་བཀོད་ཡོད་པས་འདིར་བསྐྱར་འགྲེལ་མ་དགོས་པ་ལགས་ཤིང་། གལ་སྲིད་ད་དུང་སྐུ་ཉིད་ཀྱིས་འདིའི་བར་དུ་ཁྱད་པར་གཞན་ཞིག་མཐོང་གི་འདུག་ན་གསུངས་རྐྱང་གནོངས་དང་། དང་ལེན་བྱ་ངེས་ལེགས། ཡིན་ནའང་། སྐུ་ཉིད་ཀྱིས་ཟླ་སྔོན་མ་དང་ཕྱི་མ་གཉིས་ནོར་བ་མིན་ནམ་བསམ་བསམ་ཞིག་འདུག་ལ། དེ་བཞིན་ཁྲིམས་ཐག་བཅད་ཟིན་པའི་ཁོ་མོ་གློ་བུར་དུ་བཙོན་གྲོལ་ཐོབ་པར་གོང་གི་རྒྱུ་མཚན་དེ་ཡང་དག་ཅིག་ཏུ་མ་དགོངས་པས་ཀྱང་ཡིན་སྲིད། གང་ལྟར་ཁ་བསང་ན་གོ་བདེ། ལམ་བསང་ན་འགྲོ་བདེ་ཞེས་པ་ལྟར་ཡིན་པས་དེ་དགོངས་འཇགས་ཡོང་བ་ཞུ་ཞུ།

    Reply
  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ནོར་བཅོས། མཚན་གུང་།

    Reply
  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ལན་དུས་ཐོག་ལ་གནང་བར་བཀའ་དྲིན་ཆེ།
    ངེད་ཀྱིས་བསྐྱར་དུ་དོགས་སློང་ཆུང་ཆུང་བྱེད་ཀྱི་ཡིན།
    ཟླ་སྔོན་མའི་ཕྱི་ཚེས་༡༨ཉིན་ལོ་བརྒྱད་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་རིའི་གསར་འགོད་པ་ Roxana Saberi ལགས་ཟླ་འདིའི་ཕྱི་ཚེས་༡༢ཉིན་གློད་གྲོལ་ཐོབ་འདུག
    ཟླ་སྔོན་མའི་ཕྱི་ཚེས་༡༨ཉིན་ལོ་བརྒྱད་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་རིའི་གསར་འགོད་པ་ Roxana Saberi ལགས་ཟླ་འདིའི་ཕྱི་ཚེས་༡༢ཉིན་གློད་གྲོལ་ཐོབ་འདུག
    ཟླ་སྔོན་མའི་ཕྱི་ཚེས་༡༨ཉིན་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཨ་རིའི་གསར་འགོད་པ་ Roxana Saberi ལགས་ཟླ་འདིའི་ཕྱི་ཚེས་༡༢ཉིན་གློད་གྲོལ་ཐོབ་འདུག
    ཁྱེད་ཀྱིས་གོང་གི་བརྗོད་པ་འདི་གསུམ་གྱི་དབར་ན་ཁྱད་པར་ཞིག་མཐོང་གི་འདུག་གམ། ངེད་ཀྱིས་ཁྱད་པར་ཞིག་མཐོང་།
    ཞོར་འཕྲོས།
    ཐེངས་འདིའི་ཁོ་མོའི་གློད་གྲོལ་ནི་བཙོན་འཇུག་ཟླ་བ་བཞི་ཙམ་ཟིན་པའི་རྗེས་སུ་བྱུང་བ་རེད།

    གསར་འགྱུར་འདི་མདང་དགོང་མཚན་གོང་ཞིག་ལ་དྲ་ཐོག་ཏུ་སླེབས་སོང་། དེར་བརྟེན། གསར་འགོད་པའི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ།

    Reply
  9. ཨ་རིག་འགྱུར་མེད། says:
    ལོ་ 17 སྔོན།

    གྲོགས་པོ་རིག་འབྱུང་བ་ལགས། ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་ཁོ་མོར་ཉེས་མེད་ཉེས་འཛུགས་ཀྱིས་ལོ་བརྒྱད་རིང་གི་ཁྲིམས་ཐག་བཅད་པ་རེད། ཡིན་ནའང་། ཨ་རིའི་གཞུང་དང་ཡོ་རོབ་རྒྱལ་ཁབ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་བཅས་ཀྱིས་འདས་པའི་ཟླ་གཅིག་རིང་ཁོ་མོར་ཉེས་མེད་ཉེས་འཛུགས་བྱས་པའི་སྐོར་ལ་སྐྱོན་བརྗོད་དང་། ལྷག་པར་དུ་ཨ་རིའི་གཞུང་གིས་ཁོ་མོ་ཨ་རིའི་གསང་ཉུལ་བ་མིན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་པ་བརྒྱུད། ལོ་བརྒྱད་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཀྱང་། གློད་གྲོལ་གཏོང་དགོས་བྱུང་བ་ཞིག་རེད་འདུག

    Reply
  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    བཀུར་འོས་གསར་འགོད་པ་ལགས།

    གློད་གྲོལ་ཐོབ་པའི་ཉིན་མོ་དེ་ཟླ་འདིའི་ཕྱི་ཚེས་༡༢ཉིན་ཡིན་ན། ཟླ་སྔོན་མའི་ཕྱི་ཚེས་༡༨ཉིན་་ཅི་ཞིག་བྱུང་བ་རེད།
    འདིའི་བར་ནས་གནས་ཚུལ་ཆུང་ངུ་ཞིག་ཆད་པ་འམ་ཡང་ན་ཟླ་ཚེས་གཉིས་ཅུང་ཙམ་ནོར་བ་ཡིན་ནམ།
    གང་ལྟར། བརྗོད་པ་ཐུང་ངུ་འདིའི་དོན་དག་ཏག་ཏག་ཞིག་བསྡད་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese