མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོང་རི་སི་ལ་སླར་ཡང་རྒྱལ་ཁ་ཐོབ་ཐལ་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེ་རིང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ཟླ་གཅིག་རིང་གི་འོས་བསྡུའི་མཐའ་མ་འདིར་ཀོང་རི་སི་དང་ཁོ་ཚོའི་མནའ་འབྲེལ་དག་ལ་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐེངས་གཉིས་པ་དེ་ཐོབ་སོང་ཟེར།

རྒྱ་གར་ཡིད་ཆེས་གསར་འགྱུར་ཁང་ལྟར་ན། ཀོང་རི་སིའི་དབུ་ཁྲིད་ Motilal Vora ཡིས་གསུངས་དོན། ང་ཚོས་འོས་བསྡུ་འདི་གཙང་མར་ཐོབ་པར་བྱེད་གི་ཡིན། ཀོང་རི་སི་དང་དེའི་མནའ་འབྲེལ་ཚོགས་པ་དག་གིས་རྒྱ་གར་གྱི་གཞུང་འཛིན་གསར་པ་དེ་འགྲུབ་པར་བྱེད་གི་ཡིན་ཅེས་བཤད་ཡོད་ལ། ཧིན་རྡུའི་རིང་ལུགས་ཀྱི་ཚོགས་ཁག་ བྷེ་ཇེ་པེ་ཡི་དབུ་ཁྲིད་ Arun Jaitley ཐེངས་འདིའི་ཕམ་ཉེས་དེ་ཁས་ལེན་བྱས་དོན། ང་ཚོས་མི་དམངས་ཀྱི་ཐག་གཅོད་ལ་ངོས་ལེན་བྱེད་གི་ཡིན། དོན་དག་འགའ་རེ་ལམ་ལྷོང་མ་བྱུང་བ་དངོས་གནས་རེད། ཅེས་བཤད་ཡོད་འདུག

སི་ཨེན་ཨེན་གྱི་རྒྱ་གར་ཡན་ལག་ཁང་གི་ཚོད་དཔག་ལྟར་ན། ཀོང་རི་སི་ལ་རྒྱ་གར་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༥༤༣ ནས་ ༢༥༦ འཐོབ་རྒྱུ་ཡིན་པ་དང་། བྷེ་ཇེ་པེ་ལ་རྐུབ་སྟེགས་ ༡༥༩ འཐོབ་རྒྱུ་ཡིན་འདུག ཀོང་རི་སི་ལ་མནའ་འབྲེལ་ཚོགས་པ་གཞན་གྱི་ཚོགས་མི་མ་རྩིས་ན་རྐུབ་སྟེགས་ ༡༩༨ འཐོབ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།

འོས་ཤོག་གྲངས་བཤེར་གྱི་འཕེལ་ཕྱོགས་མུ་མཐུད་འདི་ལྟར་ཕྱིན་ཚེ་ཀོང་རི་སི་ལ་མངོན་གསལ་གྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མོད། རྒྱ་གར་གྱི་གཞུང་འཛིན་ཚོགས་པ་དེར་ཉུང་མཐར་རྐུབ་སྟེགས་ ༢༧༢ དགོས་ཀྱི་ཡོད་སྟབས། མནའ་འབྲེལ་ཚོགས་པ་གཞན་གྱི་རྒྱབ་སྐྱོར་མེད་ཚེ་ཀོང་རི་སི་གཅིག་པུར་འོས་ཤོག་ལོངས་ཀྱི་མེད་ཚུལ་བརྗོད་ཡོད་པ་རེད།

རྒྱ་གར་གྱི་རྩ་ཁྲིམས་ལྟར་ན། རྒྱ་གར་གྱི་གྲོས་ཚོགས་གསར་པ་དེ་ཕྱི་ཟླ་ ༦ ཚེས་ ༢ ཉིན་དངོས་སུ་ཚུགས་དགོས་ཀྱི་ཡོད་འདུག

རྒྱལ་ཡོངས་འོས་བསྡུའི་ལྷན་ཁང་ལྟར་ན། རྒྱ་གར་ལ་མི་འབོར་དུང་ཕྱིར་ ༡་༢ ཡོད་ཁོངས་ནས་འོས་ཤོག་རྩིས་མེད་ཕྱིན་མེད་མཁན་ས་ཡ་ ༧༡༤ ཡོད་ལ། སྤྱིའི་འོས་འཕེན་གྱི་གྲངས་འབོར་དེ་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༦༠ ལ་སླེབ་རྒྱུའི་ཚོད་རྩིས་བྱེད་ཀྱིན་ཡོད་ལ། ༢༠༠༤ ལོའོ་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་སྤྱིའི་འོས་འཕེན་གྱི་གྲངས་འབོར་དེ་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༥༨ ལ་བསླེབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. རྭ་ལོ། says:
    ལོ་ 17 སྔོན།

    ར་ཧུང་གྷན་རྡེ་སྔོན་མ་དེར་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རུ་ཡོང་བ་རེད། ཁོ་ཚོས་དེ་ལ་བྱིན་རླབས་ཞུ་ཟེར་གྱིན་འདུག གང་ལྟར་ད་རེབ་ཀྱང་ཁོང་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཤིང་། འཛམ་གླིང་ཞི་བདེ་དང་དམིགས་བཀར་ཨེ་ཤ་ཡའི་ཞི་བདེ། ལྷག་དོན་བོད་ནང་གི་གནས་སྟངས་ཐད་བཀའ་མོལ་འདྲ་གནང་། ཕྱག་ལས་འདྲ་གནང་རྒྱུ་ཡོད་མེད་བལྟས་ན་ཡག་པོ་ཡོད་པ་རེད།

    Reply
  2. བདེ་འབྱུང་ says:
    ལོ་ 17 སྔོན།

    ཀོང་རེ་སི་ལ་རྒྱལ་ཁ་ཐོབ་ཐལ། འཇོ་ཇི་ཧྥ་ནན་དི་འོས་ཤོག་ཤོར་ཐེ། ཨ་ཌི་བ་ནེ་རླུང་ལངས་ནས་ན་ཐེ། ཨ་རོན་ཇེ་ཏི་ལེས་གསར་འགོད་པའི་དྲ་བར་ལན་མེད་ཟེར་ཐེ། མཉམ་འབྲེལ་གསུམ་པའི་རྨི་ལམ་སྟོང་པ་རྨིས་ཐེ། ད་ཅི་དྲག
    དུས་བབ་ཡར་རྒྱས་ལ་འགྲོ་ཐེ། ངའི་བསམ་པ་དགའ་ཐེ།

    Reply
  3. དགྲ་འདུལ། says:
    ལོ་ 17 སྔོན།

    ཀོང་རི་སི་ཚོགས་པར་ཐོབ་ན་འགྲིག་གི་འདུག ངས་ར་ཧུང་གྷན་རྡེ་ལགས་ལ་བཀའ་འདྲི་ཞིག་ཞུ་འདོད། ཁྱེད་ཀྱི་ཨ་མྱེས་ཀྱིས་བོད་འདི་རྒྱལ་ཚོགས་ཀྱི་ཙོག་ཙེ་སྒང་ནས་མར་དྲུད་ཡོང་སྟེ་ཏཱ་ལའི་བླ་མ་སྐུ་འཁོར་ལ་མེག་གྷན་གྱི་རི་མགོ་འདི་ནས་གནས་མལ་ཞིག་གཡར་བ་རེད། འདིའི་མཐར་ཐུག་གི་གོ་དོན་གང་འདྲ་ཞིག་ཡིན་གི་རེད།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཁམས་སྐད་ལ་ཐོབ་ཐེ་ཞེས་འབྲི།

    Reply
  5. རོགས་ཆུང་ལོ། says:
    ལོ་ 17 སྔོན།

    གོང་གི་ཁ་བྱང་དུ། ཀོང་རི་སི་ལ་སླར་ཡང་རྒྱལ་ཁ་ཐོབ་ཐལ་ཟེར། ཞེས་པའི་ཐལ་སྒྲ་དེ་ཨམ་སྐད་རེད། དབུས་སྐད་ལ་ཐོབ་བཞག་ཅེས་འདྲི་ངེས། སྐད་གདངས་གཅིག་གྱུར་བྱེད་ཀྱི་ཡིན་ན་ཐོབ་བཞག་ཅེས་བྲིས་ན་མི་ལེགས་སམ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དུས་བབ་ཚང་གི་གསར་འགྱུར་ལས་རིགས་ཇེ་ལེགས་སུ་འགྲོ་བཞིན་པ་དེར་དངོས་ནས་དགའ་ཞིང་བསྔགས་པའི་འོས་སུ་འདུག དུས་བབ་ཚང་གི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཅག་གིས་དཀའ་ངལ་ལ་གདོང་གཏད་དེ་འབད་བརྩོན་བྱེད་ཀྱིན་པ་དེར་སེམས་ཁོང་རུས་པའི་གསེང་ནས་རྒྱབ་སྐྱོར་ཡོད། དམིསག་གསལ་གྱིས་ཁ་བོད་དུ་ཕྱོགས་དེ་གསར་འགྱུར་གང་ཡོད་དུས་ལྟར་འཁོ་སྤྲོད་བྱེད་པར་འཚལ།

    Reply
  7. བློ་བཟང་མཁྱེན་བརྩེ། says:
    ལོ་ 17 སྔོན།

    འདི་ལ྄ྟར་སྒྲུབ་ན་ད་གཟོད་གསར་འགྱུར་ལས་ཁུངས་ཀྱི་ཉམས་ཐོན་གྱི་འདུག་གཱ་

    ཀོང་རེ་སི་ལ་རྟེན་འབྲེལ་ཞུ། འོན་ཀྱང་ང་ཚོ་བོད་དོན་ལ་སུ་ཐོབ་ཀྱང་ཁྱད་ཡོད་པ་མ་རེད།

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབས་གསར་ཁང་གིས་བོད་ཡིག་ཐོག་བོད་ཀྱི་སྐོར་ཙམ་མ་ཡིན་པར། འཛམ་གླིང་ཡུལ་གྲུ་ཀུན་གྱི་གསར་འགྱུར་མགྱོགས་མྱུར་ངང་སྤེལ་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese