རྒྱ་གར་ཡུལ་མི་དང་བོད་མི་གཞོན་སྐྱེས་འགའི་བར་དུ་འཁྲུག་འཛིང་ཤོར་ཏེ། ཡུལ་མི་གཉིས་ལ་གྲིས་བརྒྱབས་པར་བརྟེན། བོད་མི་བདུན་ད་ལྟ་བཙོན་དུ་བཅུགས་ཡོད།
ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཡས་མས་སུ་བོད་རིགས་གཞོན་སྐྱེས་བརྒྱད་དང་རྒྱ་གར་ཡུལ་མི་འགའི་བར་དུ་འཁྲུག་འཛིང་ཤོར་ཏེ། མཐར་ཚེ་བརྟན་རྡོ་རྗེ་འབོད་པས་ཡུལ་མི་གཉིས་ལ་གྲིས་བརྒྱབས་པར་བརྟེན། ཕྱི་ཉིན་ཉེན་རྟོག་པས་བོད་རིགས་གཞོན་སྐྱེས་དེ་དག་འཛིན་བཟུང་བྱས་ཡོད་འདུག བོད་རིགས་གཞོན་སྐྱེས་དེ་དག་ནི། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གཞིས་གྲོང་དྲུག་པའི་ཀུན་དགའ་དོན་འགྲུབ་དང་དོན་འགྲུབ། གཞིས་གྲོང་ལྔ་བའི་བཟང་བོ་ཚེ་རྒྱལ་དང་ལྷུན་གྲུབ་བཟང་བོ། ཚེ་བརྟན་རྡོ་རྗེ། བསྟན་འཛིན་ལེགས་མཛེས། བསྟན་འཛིན་ཆོས་རྒྱལ། བསྟན་འཛིན་དགྲ་འདུལ་བཅས་ཡིན་འདུག
ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞི་མགོ་བཀྲ་ཤིས་དབང་འདུས་སར་བཅར་ཏེ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། གནད་དོན་འདིའི་བྱུང་རྐྱེན་གཙོ་བོ་བོད་རིགས་གཞོན་སྐྱེས་དེ་ཚོ་ Dubare གླིང་གར་ཆུ་རྐྱལ་དུ་སོང་ནས་ཕྱིར་ཡོང་ཁར་སྦི་རག་འཐུང་སྟེ། རྒྱ་གར་སྐྱེས་དམན་ཞིག་ལ་བསྙད་བསྐོས་པར་བརྟེན་ཡུལ་མི་དང་འཁྲུག་འཛིང་ཤོར་ཏེ། ཁོང་ཚོས་ཡུལ་མི་དེ་གཉིས་ལ་ལྟེབ་གྲི་ཆུང་ཆུང་ཞིག་བཙུགས་འདུག དེ་རྗེས་ཁོང་ཚོ་བྲོས་ཐར་འདུག་ཀྱང་སྦག་སྦག་གཉིས་ཀྱི་ཨང་གྲངས་བཤུས་འདུག་སྟབས་བྲོས་ཐར་ས་ཡོད་པ་མ་རེད།
དགོང་མོ་དེར་ཡུལ་མི་ཉིས་བརྒྱ་ལྷག་རྣམ་གྲོལ་གླིང་དགོན་པ་ནས་ཀོའུ་ཤལ་ན་གྷར་ Kushalnagar དུ་འགྲོ་བའི་གཞུང་ལམ་ཐོག་འཛོམས་ཏེ། ངོ་རྒོལ་བྱས་པ་མ་ཟད། བོད་མི་འགྲུལ་བཞུད་པ་ཉི་ཤུ་ཙམ་བཀག་སྐྱིལ་བྱས་འདུག ཉེན་རྟོག་པས་ཁ་པར་སླེབས་པ་ལྟར་ང་དང་བརྒྱ་དཔོན་ཁག་ཅིག་དེར་འཛོམས་སྐབས་ཡུལ་མི་ཚོས་ལམ་སང་མི་རྩིས་སྤྲོད་དགོས་ཀྱི་ཡོད། དེ་མིན་ཉེ་འཁོར་གྱི་གྲོང་གསེབ་ཁག་ཚང་མ་མཉམ་རུབ་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན། བོད་མི་ཚོས་ད་བར་རྒྱ་གར་ས་ཐོག་ནས་སྐྱིད་པོ་རྒྱགས་པ་བྱས་བསྡད་དེ། དེང་སྐབས་ཡུལ་མི་ཚོ་ཡང་མིག་ནང་དུ་འཇོག་གི་ཡོད་པ་མ་རེད། སྐྱེས་དམན་ལ་རྡུང་བ་དང་ཡུལ་མི་གཡོག་ཏུ་ཉར་གྱིན་ཡོད་པ་རེད། ཁང་བརྩེགས་རྫིག་པོ་བརྒྱབས་པ་དང་རླངས་འཁོར་དང་སྦག་སྦག་རྫིག་པོ་ཞོན་ནས་འགྲོ་གིན་ཡོད་པ་རེད། སྐྱབས་བཅོལ་བ་ཡིན་པ་ངོས་ཟིན་གྱི་ཡོད་པ་མ་རེད་སོགས་ཁར་གང་ཡོང་གིས་ཚིག་སྡུག་ནས་སྡུག་ཚད་བེད་སྤྱོད་གཏོང་གི་འདུག་ལ། སྐད་ཆ་བཤད་སའང་མི་འདུག དེ་བཞིན་བོད་མི་ཚོ་སྦེལ་ཀོབ་ནས་ཕྱིར་འབུད་གཏོང་དགོས་པ་རེད་ཟེར་བ་ལྟ་བུ་ངོ་རྒོལ་དང་སྐད་འབོད་བྱས་ཏེ་མཚན་གྱི་ཆུ་ཚོད་ ༡༠ ཡོལ་སོང༌།
དེ་ནས་ཧུང་སོར་ནས་ཀྱང་ཉེན་རྟོག་པའི་དཔོན་པོ་མཐོ་གྲས་ཤིག་ཕེབས་སོང་ལ། ང་ཚོས་ཉིན་དེའི་ཕྱི་ཉིན་ཞོགས་པའི་ཆུ་ཚོད་བཅུ་བ་བར་དུ་བོད་མི་དེ་དག་སུ་ཡིན་རྩད་གཅོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང༌། ཉེན་རྟོག་པས་ཀྱང་ཁོང་ཚོས་འགན་ལེན་བྱེད་ཆོག ཁྱེད་ཚོ་ཕྱིར་ནང་དུ་ལོག་རོགས་ཞེས་བརྗོད་སྟབས་དགོང་མོ་དེར་ཆུ་ཚོད་ ༡༡ ཙམ་ལ་ཁོང་ཚོ་ནང་དུ་ལོག་སོང༌། ཕྱི་ཉིན་ཞོགས་པ་སྔ་བོ་ནས་གྲིས་བརྒྱབས་པའི་ཡུལ་མི་གཉིས་ཀྱི་ནང་མིའི་སར་ཕྱིན་ཏེ། ཧིན་སྒོར་ཆིག་ཁྲི་རེ་སྨན་དོད་དུ་སྔ་འདོན་བྱས་པ་མ་ཟད། ཁོང་གཉིས་ཀ་ནི་ལས་ཀ་བྱེད་མཁན་དེ་འདྲ་རེད་འདུག་པས། སྨན་ཁང་དུ་ཉིན་ག་ཚོད་རིང་འདུག་དགོས་བྱུང་ཡང༌། ཉིན་རེ་བཞིན་ཧིན་སྒོར་བརྒྱ་རེ་སྤྲོད་རྒྱུ་བྱས་སྟབས། ནང་མི་ཚོ་ལྷོད་ལ་བབས་སོང༌། ཆུ་ཚོད་བཅུ་བ་མ་ཟིན་ཙམ་ལ་སྦག་སྦག་གཅིག་གཞིས་གྲོང་དྲུག་པ་ནས་རེད་ཟེར་བ་ཞིག་ཐོས་སོང་ལ། ཅུང་མ་འགོར་བར་ཉེན་རྟོག་པས་མི་བཞི་བཟུང་ནས་སླེབས་སོང༌། དེ་རྗེས་རིམ་པས་ཚང་མ་རྙེད་འདུག་ལ། གྲི་རྒྱག་མཁན་གཙོ་བོ་དེ་བྷེང་ལོར་དུ་བྲོས་འདུག་ཀྱང་ཁ་པར་བཏང་སྟེ་ཤོག་ལབ་པ་ལྟར་དེ་རིང་ཡོང་གི་ཡོད་ཅེས་གསུངས་སོང༌།
དེ་བཞིན་ཁོང་གིས་ཕྱི་ཚེས་ ༡༥ ཉིན་རྒྱ་གར་ཡུལ་མི་ཁག་ཅིག་གིས་ང་ཚོ་མཉམ་དུ་འཛོམས་དགོས་ཀྱི་འདུག བོད་མི་དང་ཡུལ་མིའི་འབྲེལ་བ་ཡག་ཏུ་གཏོང་དགོས་ཀྱི་འདུག གྲོས་བསྡུར་བྱ་དགོས་ཀྱི་འདུག་ཟེར་གྱིན་འདུག་པས་ང་ཚོ་འཛོམས་པ་ཡིན། ཡིན་ནའང༌། ཁོང་ཚོས་ད་ལོ་བོད་མི་སྐྱབས་བཅོལ་དུ་ཡོང་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་ཉིན་མོ་སྲུང་གཙི་བྱེད་བཞིན་ཡོད་ཀྱང༌། དེ་ནི་རྒྱ་གར་དུ་སླེབས་ནས་མི་ལོ་ལྔ་བཅུའི་རིང་སྐྱིད་པོ་རྒྱགས་པ་བྱས་ནས་ལོ་ལྔ་བཅུ་འཁོར་བ་དང་རྒྱ་གར་ཡུལ་མིར་བརྙས་བཅོས་བྱས་ནས་མི་ལོ་ལྔ་བཅུ་འཁོར་བའི་དགའ་སྟོན་བྱེད་ཀྱིན་ཡོད་པ་རེད་སོགས་བརྗོད་ཀྱི་འདུག་ལ། བོད་མི་ཚོས་གླང་ཤ་ཟ་གིན་འདུགྭ བུད་མེད་ཚོས་ནུ་མ་སྟོན་ལ་ཁད་བྱས་ནས་འགྲོ་གི་འདུག ཕོ་ཚོས་རྐུབ་བསྟན་ནས་འགྲོ་གི་འདུག དེ་ཚོ་བོད་དང་རྒྱ་གར་གང་གི་ལུགས་སྲོལ་རེད། དེ་ཚོ་མཚམས་འཇོག་བྱེད་དགོས་ཀྱི་འདུག རྗེས་ཕྱོགས་ཡུལ་མིར་བརྙས་བཅོས་བྱ་རྒྱུ་མཚམས་འཇོག་དགོས་པ་རེད་ཅེས་བཤད་ཀྱི་འདུག
ང་ཚོའི་ངོས་ནས་ཀྱང༌། ང་ཚོ་ད་བར་དུ་སྦེལ་ཀོབ་ཏུ་བསྡད་རིང་སྤྱིར་བཏང་ནས་བོད་མི་ཚོས་རྒྱ་གར་ཡུལ་མིར་བརྙས་བཅོས་བྱས་བསྡད་ཡོད་པ་མ་རེད། བརྙས་བཅོས་བྱེད་ཐུབ་གིའང་མ་རེད། ཡིན་ནའང༌། གཞོན་སྐྱེས་རེ་ཟུང་ཡོང་གི་འདུག་ལ། དེ་ཚོར་རྗེས་ཕྱོགས་ནས་སློབ་གསོ་གཏོང་གི་ཡིན། དེ་མིན་ཤ་ཟ་བ་ལྟ་བུར་མཚོན་ན། གཞིས་གྲོང་ཁག་ཏུ་ཁྱེར་ཡོང་ནས་བཙོང་མཁན་ཡུལ་མི་རང་ཉིད་རེད། ང་ཚོའི་གཞིས་གྲོང་ཁག་ཏུ་གླང་གོག་གསོད་མཁན་དང་ཤ་འཚོང་མཁན་ཡོད་པ་མ་རེད། ང་ཚོ་བོད་མི་ཚང་མར་ཤ་མ་ཟ་ལབ་དགོས་ན་ལབ་ཚོད་ཡོད་པ་མ་རེད། ཁྱེད་ཚོས་གླང་ཤ་བཙོང་མཁན་གཅིག་གཉིས་ཤིག་བཀག་བཞག་ན་འགྲིག་གི་ཡོད་པ་རེད། དེ་ལ་དཀའ་ལས་ཡོད་པ་མ་རེད་ཅེས་བརྗོད་ཡོད་ལ། དེ་བཞིན་ཁོང་ཚོས་གྲྭ་པ་ཚོས་ཆང་འཐུང་གིན་འདུག་ཟེར་བ་དང༌། གྲྭ་བས་གཞང་ཁང་འགྲིམ་གྱིན་འདུག་ཅེས་བརྗོད་ཀྱི་ཡོད་པ་མ་ཟད། ཡུལ་མི་གཉིས་ཀར་གྲིས་རྒྱག་མཁན་ཡང་གྲྭ་བ་རེད་ཅེས་ས་གནས་ཚགས་པར་སྟེང་གནས་ཚུལ་སྤེལ་འདུག ང་ཚོས་གྲི་རྒྱག་མཁན་གྲྭ་བ་ Lama མ་རེད། མི་སྐྱ་རེད། ག་རེ་བྱས་ནས་གྲྭ་བ་རེད་ཟེར་བ་ཡིན་ཞེས་བརྗོད་སྐབས། ང་ཚོས་བོད་མི་ཚང་མར་བླ་མའི་འདུ་ཤེས་འཛིན་གྱི་ཡོད། དེའི་སྟབས་ཀྱིས་བླ་མ་ཞེས་བྲིས་པ་ཡིན་ཟེར།
གང་ལྟར་ང་ཚོས་རྗེས་ཕྱོགས་བོད་མི་ཚོར་བསླབ་བྱ་རྒྱག་གི་ཡིན། ཡུལ་མིར་བརྙས་བཅོས་བྱེད་འཇུག་གི་མིན། བོད་མི་ཚོས་གོན་པ་གྱོན་སྟངས་ལ་གཟབ་ཆོག་ཅེས་བརྗོད་ཡོད། ཡིན་ནའང༌། གོང་གི་སྐད་ཆ་དེ་ཚོ་བོད་མི་ཚོའི་སྟེང་མི་དགའ་བ་ཁ་ཤས་ཀྱིས་བརྗོད་པ་རེད། ཁོང་ཚོ་ནམ་རྒྱུན་བོད་མིར་མི་དགའ་བ་དེ་འདྲ་རེད། ཚོགས་འདུ་གྲོལ་རྗེས་ཡུལ་མི་ཁོ་ཚོའི་ནང་ཁུལ་དུའང་ག་རེ་བྱས་ནས་སྐད་ཆ་དེ་འདྲའི་སྡུག་པོ་བཤད་པ་ཡིན། དེ་ཚོ་བཤད་ན་ཡག་པོ་མི་འདུག་ཟེར་ནས་ཕན་ཚུན་ལ་བཤད་རེས་རྩེད་ཀྱིན་འདུག སྤྱིར་ཡིན་ན་སྔོན་མར་འདི་ལྟ་བུའིརྙོག་དྲ་རེ་བྱུང་ཡང་མི་སྒེར་བ་དེ་ལ་སྐྱོན་བརྗོད་དང་ཉེས་ཆད་ཕོག་གི་རེད་མ་གཏོགས། བོད་མིའི་གཞིས་ཆགས་ཁག་ཡོངས་ཕྱིར་འབུད་གཏོང་གི་ཡིན་ཟེར་བ་ལྟ་བུ་ཡོད་པ་མ་རེད། ཡིན་ནའང༌། དེང་སྐབས་དོན་དག་ཆུང་ཙག་ཅིག་ཡིན་ཡང༌། ལམ་སང་སྐད་ཆ་སྡུག་ཚད་བཤད་ཡོང་གི་འདུག་ཅེས་སོགས་གསུངས་པ་དང༌། ཐར་ཁོང་གིས། ད་གང་ལྟར་དོན་དག་ཇི་ལྟར་ཐག་གཅོད་བྱེད་མིན་རེད་མ་གཏོགས་སྤྱིའི་ཆ་ནས་འཇགས་ཟིན་པ་ལྟ་བུ་རེད་ཅེས་ཐེངས་འདིའི་དོན་རྐྱེན་འདི་ཞི་འཇགས་སུ་སོང་ཡོད་པར་གསུངས་སོང༌།
གཞོན་སྐྱེས་བརྒྱད་ཀྱི་ཁྲོད་ནས་ལྔ་སློབ་ཕྲུག་ཡིན་པ་དང༌། དེ་དག་ལས་ལོ་ཆུང་ཤོས་བསྟན་འཛིན་དགྲ་འདུལ་ཟེར་བ་དེ་རང་ལོ་བཅོ་ལྔ་ཡིན་སྟབས། ཉེན་རྟོག་པས་བཀག་ཉར་བྱས་མེད་པས། ཉིན་དེའི་ཕྱི་དྲོར་འདི་གའི་གསར་འགོད་པ་ཁོའི་སར་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཁོང་ཚོ་ཆུ་བརྐྱལ་ཚར་རྗེས་ཀུན་དགའ་དོན་འགྲུབ་དང་བསྟན་འཛིན་ཆོས་རྒྱལ་གཉིས་སྔོན་ལ་འགྲོ་གི་ཡིན་ཟེར་ནས་ཕྱིན་སོང༌། ཅུང་མ་འགོར་བར་རྒྱ་གར་ར་བཟི་འགས་ལམ་བཀག་ནས་འགྲོ་འཇུག་གི་མི་འདུག མགྱོགས་པོར་ཤོག་ཟེར་ནས་ཁ་པར་སླེབས་སྟབས་ང་ཚོ་ཡོང་བ་ཡིན། ང་ཚོ་ཐོན་དུས་རྒྱ་གར་ལྔ་དྲུག་ཅིག་འདུག་ལ། ར་བཟི་འདུག་པས་འགྲོ་རུ་འཇུག་གི་མི་འདུག དེར་བརྟེན་ང་ཚོའི་བར་འཁྲུག་པ་ཤོར་སོང༌། ཡིན་ནའང༌། ང་ཚོ་ཡར་སླེབས་རྗེས་མ་གཏོགས་གྲིས་བརྒྱབས་ཡོད་པ་ཤེས་རྟོགས་མ་བྱུང༌། ཡར་ཐོན་དུས་ཚེ་བརྟན་རྡོ་རྗེས་གྲིས་བརྒྱབས་ཡོད་ཟེར་གྱིན་འདུག་ཅེས་བརྗོད་སོང་ལ། ཁོས་བརྗོད་ན། ཉིན་དེར་ཁོང་ཚོས་ཆང་འཐུང་མེད་ཟེར། ཡུལ་མི་ནད་པ་གཉིས་ཀ་མེ་སོར་སྨན་ཁང་ཞིག་ཏུ་ཡོད་ཀྱང༌། ཚབས་ཆེའི་སྨས་སྐྱོན་བཟོས་ཡོད་མི་འདུག་ལ། བོད་མི་བདུན་ད་དུང་བཙོན་ཁང་དུ་བཅུགས་ཡོད་འདུག
དངོས་ནས་ཕམ་པོ་རེད་། དེང་སང་ང་མཚོའི་སྤྱི་ཚོགས་ནང་དེ་འདྲའི་རིགས་མང་པོ་ཡོང་གི་འདུག ། གཙོ་བོ་ང་མཚོ་ངོས་ནས་སྤྱོད་པ་གཟབ་གཟབ་བྱེད་དགོས་ཡ་དེ་གལ་ཆེན་པོ་རེད་། ང་མཚོ་ཚང་མ་སྐྱབས་གཅོལ་བ་རེད། ང་ཚོ་ཚང་མ་འདི་འདྲའི་སྐྱིད་པོ་སྡོད་ཆོག་པ་དེ་༸གོང་ས་མཆོག་ཁོ་ནའི་བཀའ་དྲིན་རེད་དེ་འདྲ་ཡིན་དུས་ཚང་མས་བཀའ་དྲིན་ངོ་ཤེས། གདམས་ངག་གི་དོན་སྟོག་པར་བྱེད་དགོས། སྤྱིར་འདི་འདྲིའི་རིགས་ལ་རྒྱ་གར་གྱི་ཁོངས་སུ་ཧེ་མ་ལྭ་ཡི་རིགས་རྒྱུད་ཚོའི་མགན་ཁུར་དགོས་ཀྱི་འདུག ། ཁ་སང་གི་གནས་ཚུལ་འདི་བྱུང་སྐབས་རྒྱ་གར་༼Karnataka༽གྱི་ཚག་ཤོག་ཐོག་གྲི་རྒྱག་མཁན་གྲྭ་པ་རེད་ཞེས་བཀོད་འདུག། འདིའི་ཐོག་ལ་ཧེ་མ་ལྭ་ཡི་རིགས་རྒྱུད་ཚོའི་མགན་ཁུར་ནས་ངོ་རྒོལ་ཞིག་རྒྱག་ཐུབ་བསམ་པའི་རེ་བ་ཆེན་པོ་རྒྱབ་པ་ཡིན་ཏེ་ཁོང་ཚོ་ཚང་མ་ཁུ་སིམ་སྡོད་སོང་། ང་རང་ལྟ་བུ་བློ་ཕམས་ཆེན་པོ་བྱུང་སོང་། དེ་མིན་བོད་པ་ནང་ཁུལ་ལ་ལས་སྒོལ་དེ་འདྲ་མང་པོ་སྤེལ་སྡོད་ན་ནང་ལོག་མ་ཆམ་པའི་རྒྱུར་འགྲོ་ཡ་ཞིག་མ་སྟོག་དགོས་པ་མ་མཐོང་ངོ།
《དེང་སྐབས་ཡུལ་མི་ཚོ་ཡང་མིག་ནང་དུ་འཇོག་གི་ཡོད་པ་མ་རེད།སྐྱེས་དམན་ལ་རྡང་བ་དང་ཡུལ་མི་གཡོག་ཏུ་ཉར་གྱིན་ཡོད་པ་རེད།ཁང་བརྩེགས་རྫིག་པོ་བརྒྱབས་པ་དང་རླངས་འཁོར་དང་སྦག་སྦག་རྫིག་པོ་ཞོན་ནས་འགྲོ་གིན་ཡོད་པ་རེད། སྐྱབས་བཅོལ་བ་ཡིན་པ་ངོས་ཟིན་གྱི་ཡོད་པ་མ་རེད་》ཞེས་བའི་རྒྱ་གར་ཡུལ་མི་ཚོའི་སྐད་ཆ་འདི་དག་ལ་གྲོང་མི་རྣམས་ཀྱི་མཉམ་འཇོག་དགོས་པ་མ་ཟད་་་་་ལྷག་པར་དུ་དགོན་པ་ཁག་དང་དེར་གནས་བའི་བླ་སྤྲུལ་དགེ་བཤེས་དགེ་འདུན་ཡོངས་ཀྱི་སེམས་ལ་གཉེར་དགོས་བ་མ་ཟད་རྟག་ཏུ་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་ཞིག་རེད།དེ་ལས་ལྡོག་ན་ནམ་ཞིག་གི་ཚེ་ང་་ཚོའི་གནས་ཚང་བའི་གནས་བདག་གིས་ཕྱིར་འབུད་གཏོང་ཐག་ཆོད་ཡིན་པས་ས་གནས་མགོ་འཛིན་དང་དགོན་པ་ཁག་གི་ལས་གནས་རྣམས་ཀྱི་སློབ་གསོ་དང་བསླབ་བྱ་མང་དུ་གཏོང་དགོས་རྒྱུ་ཆེན་པོ་རེད།
དོན་གནད་འདིའི་རིགས་བོད་མི་དང་ཡུལ་མི་དབར་གྱི་ནད་རྙིང་ཞིག་རེད། གོང་དུ་དྲ་གྲོགས་འགའ་ཤས་ནས་བསམ་ཚུལ་གསུངས་སོང་། བསམ་ཚུལ་དེ་དག་ལ་རང་ངོས་ནས་གུས་བརྩི་ཞུ་གི་ཡོད། ཡིན་ནའང་གུས་པ་རྒྱ་གར་དུ་མི་ལོ་ཉེར་ལྔ་ཙམ་གྱི་རིང་འཚོ་བ་བསྐྱལ་བའི་ཉམས་མྱོང་ལས་ངེས་ཤེས་དང་རྙེད་པ་ནི། བོད་མི་དང་ཡུལ་མིའི་དབར་བྱུང་བའི་རྩོད་རྙོག་རིམ་པར་འབྱུང་རྩ་འདྲ་མཚུངས་ཤིག་ཡོད་པ་ནི། དང་ཐོག་ཡུལ་མིས་བོད་མིར་ཚུལ་བརྙས་བརྐོས་པ་དང་དེ་ནས་བོད་མིས་པར་ཡ་ལན་བསློག་ནས་ཡུལ་མིར་གཅར་བརྡུང་བཏང་བ། མཐའ་མར་གྲོང་སྡེ་རྒན་གསུམ་མམ་འབྲེལ་ཡོད་ས་གནས་འགོ་འཛིན་ཁག་གིས་ཁུངས་ལུངས་རྒྱུ་མཚན་དང་མ་འབྲེལ་བའམ་ཕུགས་གྱི་གནས་སྟངས་ལ་བསམ་གཞིགས་མ་ཐུབ་པར་ལམ་སེང་ཡུལ་མིར་མགོ་བསྒུར་བ་དང་དངུལ་དངོས་སྤྲོད་རྐྱང་བྱས་པའི་རྐྱེན་གྱིས་ཡུལ་མི་སྐྱག་ལང་དུ་ཤོར་ནས་དང་ཐོག་བརྙས་བརྐོས་དེ་ནས་ཉེས་བརྡུང་ཅུང་ཟད་བཟེད། མཐར་གྲོང་གསེབ་ཀྱི་ཡུལ་མི་འབོར་ཆེན་འཁྲིད་ཡོང་ནས་བོད་པར་འཇིགས་སྣང་བསྐུལ་བཞིན་ཡོད་པ་རེད།
གུས་པའི་བསམ་ཚུལ་ནི་ལྷ་རབ་བྱུང་ན་ཡུལ་མིར་མཐུན་ལམ་དང་དེ་ལྟར་མ་བྱུང་ཡང་ཕན་ཚུན་གདོང་ཐུབ་མ་ཡོང་བ་བྱེད་དགོས། གལ་ཏེ་བརྙས་བཅོས་བྱེད་ན་གྱོང་འཁུར་མི་ཉན་པ་དང་། འཁྲུག་འཛིང་ཤོར་པའི་རྗེས་ཡུལ་མིས་བོད་པ་ཕྱིར་འབུད་དང་བོད་པའི་སྡོད་ཁང་མེ་བསྲེགས་གཏོང་གི་ཡིན་ཟེར་པ་སོགས་ལ་འཇིགས་སྣང་སྐྱེ་དགོས་དོན་མེད། བོད་པ་ཕྱིར་འབུད་གཏོང་བའི་དབང་ཚད་རྒྱ་གར་གྲོང་གསེབ་པ་ཚོར་མེད་ལ། བོད་པ་གནས་སྤོས་ཡང་བོད་པའི་ས་ཞིང་དང་སྡོད་གནས་རྒྱ་གར་གཞུང་ལས་གྲོང་གསེབ་པར་ས་ཀཱ་ནཱར་ཕྱེད་ཀ་ཙམ་ཡང་རེག་རྒྱུ་མེད་པ་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སྐྱོན་ཕྱོགས་གང་ནས་ཡིན་མིན་བརྩད་མ་ཆོད་གོང་ནས་ཡུལ་མིར་དགོངས་དག་ཞུ་བ་དང་དངུལ་དངོས་སྤྲད་དེ་གནས་སྐབས་རིང་གི་འགྲིག་འཇགས་ལ་དགོངས་པ་བཞེས་རྒྱུ་མེད། རྒྱུ་མཚན་ནི་ང་ཚོ་བོད་རང་བཙན་མ་ཐོབ་པར་དུ་ཡུལ་མི་མཉམ་དུ་སྡོད་དགོས་པ་དང་གནས་ཚུལ་འདིའི་རིགས་ཕྱོགས་གཉིས་ཀར་མ་རིག་པ་དང་ཉོན་མོངས་དབང་གིས་འབྱུང་སྲིད་པ་ཡིན། དཔེར་ན་དེང་སྐབས་རྡ་ས་དང་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་འཁྲུག་འཛིང་ཅུང་ཙམ་ཤོར་པ་དང་ནོར་འཁྲུལ་དང་འབྱུང་རྩ་སུ་ཡིན་ལ་མི་བལྟ་བར་ཡུལ་མི་སྡེབ་ལངས་བྱེད་པ་ཡིན་ལ། སྦིར་གཞིས་ཆགས་དང་ཀལ་ལི་མན་ཌོན་དུ་ཡུལ་མི་དང་འཁྲིང་འཛིང་ཤོར་ཚེ་ཉེན་རྟོག་པའི་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ལས་ཡུལ་མིའི་འོས་ལངས་དང་མི་རིགས་དབར་གྱི་གནས་ཚུལ་ཆགས་ཀྱི་མེད་པ་ལྟ་བུ་ཡིན། དེ་འདྲ་ཨེ་རེད་ཨ་ཁོ་རེ།
མྱི་ངན་གང་ན་ཡོད་ན་ལྟས་ངན་དེ་ན་ཡོད། དེ་ལ་འགྱུར་བ་ཡང་ཁྲིམས་མ་གཏོགས་གནས་ལུགས་མི་འགྲོ གནས་ལུགས་དང་རྒྱུ་མཚན་གོ་མཁན་ཏག་ཏག་ཡིན་ན། ༧གོང་ས་མཆོག་གི་གསུང་ཆོས་ཉན་པའི་གྲངས་ཀ་ཡང་་་
༡། བུ་མོ་ཚོས་གཟབ་དགོས། རྒྱ་གར་གྱི་ཕོ་གསར་དེ་ཚོས་མིག་ཅེར་ནས་ལྟ་གིན་ཡོད་ལ། ཁོང་ཚོར་མི་གསུམ་བཞི་རེ་ཡོད་དུས་གནོན་ཐག་ཆོད་གནོན་གི་རེད། དེ་མིན་ན་རྩེད་སྤྱད་དགོད་སྤྱད་འདྲ་བཤད་ན་བརྙས་བསྐོ་གི་རེད།
༢། ཕོ་གསར་ཚོས་སྦག་སྦག་རྫིག་པོ་ཉོས་པ་ཙམ་གྱིས་ཁོ་ཚོའི་མིག་ཚ་གི་མ་རེད། སྦག་སྦག་གཏོང་སྟངས་རེད། སྨྱོ་རྒྱུག་བྱེད་ཉན་གི་མ་རེད། ལྷག་པར་དུ་ཁྲོམ་ནས་རྒྱུག་རྒྱུ་ཡོད་པ་མ་རེད།
༣། ར་བཟི་ཚོས་ལྷག་པར་དུ་གཟབ་དགོས། ནམ་རྒྱུན་རྒྱ་གར་གྱི་བུ་མོ་ཚོར་བརྙས་བསྐོ་མི་ཐུབ་ལ། ར་བཟི་དུས་སྙིང་ཁམས་ཇེ་ཆེར་འགྲོ་གི་རེད། དེ་ནས་དོན་དག་ཁ་ཕྱེ་གི་རེད།
༤། ཐུན་མོང་གིས་གཟབ་དགོས་པ་ཞིག་ལ། དོན་དག་བྱུང་ཚར་བའི་རྗེས་ལ་རྒྱ་གར་བ་ཚོས་ཀྱང་རྫུན་སྒྲིག་ནས་ཉེས་འགེལ་བྱེད་གི་རེད། སོ་སོར་བདེནན་པ་དང་ཁུངས་སྐྱེལ་གང་ཡོད་ངེས་པར་དུ་དྲང་པོར་བཤད་དགོས།
གནད་དོན་འདི་དག་གི་རིགས་བྱིས་པ་གསོ་སྐྱོང་གནང་སྟངས་ལ་འབྲེལ་བ་དམ་པོ་འདུག་ལ། བྱིས་པ་ཚོའི་ཕ་མ་གཉིས་གཙོས་པའི་དགེ་རྒན་དང་གྲོགས་པོ་སོགས་ལ་འབྲེལ་བ་ཡོད་པས་གནད་དོན་འདི་འདྲ་མི་འབྱུང་བར་ཐོག་མར་་བསླབ་བྱ་དང་སློབ་གསོ་རྒྱག་དགོས་པ་གལ་ཆེན་རེད་འདོད།
གཞི་མགོ་བཀྲ་ཤིས་དབང་འདུས་ལགས་ནས་གོང་གི་སྐད་ཆ་དེ་ཚོ་བོད་མི་ཚོའི་སྟེང་མི་དགའ་བ་ཁ་ཤས་ཀྱིས་བརྗོད་པ་རེད། ཁོང་ཚོ་ནམ་རྒྱུན་བོད་མིར་མི་དགའ་བ་དེ་འདྲ་རེད། གསུངས་འདུག་མོད། ང་ཚོས་རྒྱ་གར་དེ་དག་གིས་བཤད་པའི་སྐད་ཆ་དེ་དག་ལ་གནས་ལུགས་ཡོད་མེད་ལ་ལྟ་དགོས། གནས་ལུགས་འདུག་པ་མ་ཟད་རྒྱ་གར་ཡུལ་མི་མང་པོས་ནམ་རྒྱུན་དྲན་བསྡད་པའི་སྐད་ཆ་རེད་ལ། ཁ་ཉིན་༧གོང་ས་མཆོག་གིས་ཀྱང་བོད་པ་ཚོས་རྒྱས་སྤྲོས་རྒྱས་འཐུང་བྱ་རྒྱུ་དང་ཕྱི་ཚུལ་ནས་རྫིག་རྫིག་བྱ་རྒྱུ་དེ་ཚོ་མ་གནང་ན་ཡག་གི་རེད། ཟ་མ་ཡག་པོ་ཟ་དགོས་རེད། སོ་སོའི་ནང་ནས་ཟ་མ་ཞིམ་པོ་ཟོས་ཏེ་ཕྱི་ལ་ཐོན་དུས་ཁ་ཤ་དེ་ཚོ་ཕར་ཡག་པོ་ཕྱིས་ནས་སོང་འཱ་ཞེས་བཞད་གད་དང་མཉམ་དུ་གསུངས་བྱུང་། དེ་བཞིན་བོད་མི་ཚོའི་སེམས་ནང་དུ་ཡང་རྒྱ་གར་ཡུལ་མིའི་མདུན་ནས་རྫིག་རྫིག་བྱ་མི་ཉན་པ་དེ་དྲན་གྱིན་ཡོད་སྲིད་ལ། གོང་གི་དཔྱད་གཏམ་སྤེལ་མཁན་མང་པོར་ཡང་དེ་འདྲའི་བསམ་ཚུལ་འདུག དེ་བས་བོད་མི་ཚང་མས་རང་རང་ས་ནས་གཟབ་གཟབ་གནང་དགོས་པར་སྣང་། གལ་ཏེ་ང་ཚོ་དང་རྒྱ་གར་ཡུལ་མི་བར་དུ་འགལ་བ་འདྲ་བྱུང་ན་གྱོང་རག་མཁན་ང་ཚོ་རེད་ལ། རྒྱང་རིང་པོ་ནས་གང་མོ་ལྷུག་ལྷུག་བྱས་མཁན་རྒྱ་ནག་ཡིན་ངེས།
གཞིས་མགོ་ལགས་ཀྱིས་དེ་རྒྱ་གར་གྱི་ཡུལ་མི་རེ་ཟུང་རེད་ཅེས་བཤད་འདུག ལྟོས་ཨ། མི་རེ་ཟུང་མ་གཏོགས་ཡུལ་ལུང་དེ་ང་ཚོའི་སྟེང་ལ་རྒྱུགས་དགོས་པ་རེད་པས། ད་ནས་བཟུང་། ཡུལ་མི་སུ་ཡིན་རུང་ཇེ་བཙན་ལ་འགྲོ་གི་རེད། སྤྱི་ཚོགས་བདེ་འཇགས་ལ་གནོད་གི་རེད། འདི་འཕེལ་ཕྱོགས་ཡག་རྟགས་ཤིག་རྩ་བ་ནས་མ་རེད། གྱོད་ཉལ་བྱེད་མཁན་དེ་གཉིས་ག་དུས་ཤིག་ལ་ཕྱིར་ཐོན་གི་རེད།
འོ་དེ་རེད
འོ་ད་དེ་ཡག་པོ་མི་འདུག རྗེས་ཕྱོགས་སུ་སོ་སོའི་སྤྱོད་པ་གཟབ་གཟབ་བྱེད་དགོས་རེད་། དེ་མིན་མི་རེ་ཟུང་གིས་བོད་མི་ཡོད་དོ་ཅོག་ལ་མིང་ཆད་ངན་པ་འཇོག་སྲིད་པ་རེད་། འོན་ཀྱང་མི་རིགས་གཅིག་ལ་མཚོན་ན་དོན་དག་འདི་ཙམ་ནི་ནམ་ཡིན་ཀྱང་ཡོང་སྲིད་པ་ཞིག་རེད་། ཧ་ལས་དགོས་པ་ཞིག་མ་རེད་།
སྤྱིར་ན་རྒྱ་གར་ཡུལ་མི་ཚོས་བོད་མི་ཚོར་སྣང་བ་འགྲོ་གི་མེད་པ་མཁྱེན་གསལ་རེད་། ཡིན་ཡང་ཚུར་ལ་མཐོང་ཆུང་ག་ཚད་བྱས་ནའང་དེར་བཟོད་པ་སྒོམ་རྒྱུ་ལས་དཔའ་རྟགས་སྟོན་རྒྱུ་ཡོད་པ་མ་རེད་། བླ་མ་མཁྱེན་།
བོད་མི་དེ་ཚོ་སོ་སོའི་གནས་བབས་ག་འདྲ་སྡད་ཡོད་མིན་ཧ་མ་གོ་བ་རང་རེད་
དུས་རྒྱུན་དུ་ཙོ་བོ་ཕ་མ་དང་ ་དགེ་རྒན་ངོན་ནི་ཁ་ཏ་སླབས་བྱ་མ་རྒྱབ་བའི་
སྐྱོན་ཆ་རེད་ གནས་ཚུར་དེའི་རིགས་བོད་ཀྱི་རྩ་དོན་དང་
དམངས་ལ་སྐྱོན་ཆ་ཆེན་པོ་བཟོས་པ་རེད་ དྲང་པོ་བཤད་ན་ང་ཚོའི་གནས་ཚང་རྒྱ་གར་བཀའ་དྲིན་ཆེན་པོ་རེད་
དེའི་མི་དམངས་ལ་ཕོག་ཐུག་མི་ཡོང་ཡག་
ཚང་མས་དགོངས་པ་ཡག་པོ་བཞེས་རོག་
འདིས་ས་ཆ་དེ་སུ་ཡིན་པ་ སོ་སོའི་ས་ཆ་དེ་སུ་ལག་ལ་ཡོད་མེད་ངོ་ཟིན་པ་བྱིས།
མ་གཞི་ནས་ཕོ་གསར་དེ་དག་གིས་གློ་ཁུག་ནང་དུ་གྲི་འཁྱེར་དོན་གང་ཡིན་ནམ། ད་དུང་ཞིབ་བཤེར་བྱ་དགོས་ཀྱི་འདུག དོན་རྐྱེན་འདིའི་ནང་དུ་མ་ཚུད་མཁན། རང་དགར་འཁྱམས་སྡོད་མཁན་དེ་དག་གི་ཁུག་མའི་ནང་དུ་གྲི་ཡོད་ན་ག་རེ་བྱ་གི་ཡིན།
ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་མ་འཁུར་བའི་དོན་དག་ནི་འདི་ལྟ་བུ་རེད། དངོས་གནས་བོད་པའི་ཞབས་འདྲེན་རེད། རྒྱ་གར་ཡུལ་མི་ལ་གྲི་རྒྱག་པའི་བསམ་བློ་ནི་གང་ཞིག་ནས་འཁོར་རམ། རྒྱ་གར་དུ་སྐྱེས་པའི་བོད་ཕྲུག་གླེན་ལྐུགས་ཅན་དེ་འདྲས་རྒྱ་གར་ནི་བོད་པ་སྐྱབས་བཅོལ་བ་ཚོའི་གནས་ཚང་ཡིན་པ་ཙམ་ཡང་ཤེས་ཐུབ་ཀྱི་མེད། དེ་ནི་ཤེས་ཡོན་ཅི་ཡང་མེད་པའི་ཕ་མ་ཚོས་སོ་སོའི་བུ་ཕྲུག་རྣམས་གང་དགར་སྐྱག་ལང་ལ་བཏང་དྲགས་པ་དང་སློབ་གསོ་ཅི་ཡང་མེད་པས་ལན་པ་རེད། མ་གཞི་ནས་བོད་པ་སྐྱབས་བཅོལ་བ་ཚོས་རང་ཉིད་སྐྱབས་བཅོལ་བ་ཡིན་པ་ངོས་ཟིན་གྱི་མི་འདུག་ཟེར་བ་ནི་བདེན་པ་འདྲ་བོ་འདུག ཡང་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་པ་ཚོ་ལ་མིང་ཤས་ངན་པ་ཇི་འདྲ་ཞིག་བསྒྲགས་འགོད་བྱེད་ཀྱི་ཡིན་ནམ།
ང་ཚོ་གཞི་བྱེས་གཉིས་ཀྱི་སྐྱོན་ཆེ་ཤོས་དེ་འཁྲུགས་པ་རྒྱག་མ་ཐག་གྲི་ལ་འཆང་བ་འདི་རེད།
དངོས་གནས་ཐབས་ཤེས་ཡག་ཤོས་ཞིག་བཙལ་ནས་བསམ་བློ་བཏང་ཕྱོགས་འདི་བརྗེ་བོ་རྒྱག་དགོས་གི