མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་རྒོལ་བ་གཉིས་བཙན་བྱོལ་དུ་འབྱོར་བ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་སུ་ངོ་རྒོལ་བྱེད་མཁན་མ་འདས་མགོན་པོ་དང་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འཇིགས་མེད་གཉིས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཡོད་འདུག

༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༨ ཉིན་དཀར་མཛེས་དུ་ཆུ་ཁ་ཚང་གསེར་དགའ་གཙོས་པའི་སེར་སྐྱ་བོད་མི་སྟོང་ཕྲག་ལྷག་གིས་ངོ་རྒོལ་བྱས་པའི་སྐབས་ཞི་རྒོལ་དེའི་སྣེ་ཁྲིད་མཁན་རང་ལོ་ ༤༡ ཡིན་པ་མ་འདས་མགོན་པོ་དང་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་རང་ལོ་ ༢༤ ཡིན་པ་བརྩི་སྲུང་དགོན་པའི་གྲྭ་ཚེ་རིང་འཇིགས་མེད་གཉིས་ཉིན་ཤས་སྔོན་རྒྱ་གར་དུ་འབྱོར་ཡོད་འདུག

དཀར་མཛེས་ཉེན་རྟོག་ལས་ཁུངས་ནས་ ༢༠༠༨ ཟླ་བ ༥ པའི་ཚེས་ ༧ ཉིན་གསལ་བསྒྲགས་སྤེལ་ཏེ་ཁོང་གཉིས་དང་དེ་མིན་དཀར་མཛེས་རྫོང་ཁོངས་ནས་མི་ ༣ དང་། བྲག་མགོ་རྫོང་ཁོངས་ནས་མི་ ༤། གསེར་རྟ་རྫོང་ཁོངས་ནས་མི་ཉི་ ༢༧ བཅས་ཁྱོན་མི་གྲངས་ ༣༦ ནི་རྒྱལ་ཁབ་ཀྱི་བདེ་འཇགས་གཏོར་བཤིག་བྱེད་མཁན་ཡིན་སྟབས་འཇུ་བཟུང་བྱ་དགོས་པ་དང་ཁོང་རྣམས་སུ་ཞིག་གིས་འཇུ་བཟུང་བྱེད་ཐུབ་ན་བྱ་དགའ་རྒྱ་སྒོར་ཆིག་ཁྲི་ནས་ཉིས་ཁྲི་བར་སྤྲོད་རྒྱུ་ཡིན་སྐོར་རླུང་འཕྲིན་བརྒྱུད་གསལ་བསྒྲགས་བྱས་ཡོད་པ་དང་ད་ལོ་ཁོང་རྣམས་འཇུ་བཟུང་གི་བྱ་དགའ་དངུལ་འབོར་མང་དུ་བཏང་ཡོད་འདུག

མ་འདས་མགོན་པོ་དང་ཚེ་རིང་འཇིགས་མེད་རྣམ་པ་གཉིས་ན་ནིང་ཞི་རྒོལ་ལ་དྲག་གནོན་བྱེད་སྐབས་ལོ་གཅིག་ལྷག་ཙམ་རིང་རི་ལ་བྲོས་ནས་ཉེན་གཡོལ་བྱས་པ་ནས་ས་སྟོང་ལུང་སྟོང་བསྐོར་ཏེ་ད་ཆ་རྒྱ་གར་དུ་བྲོས་ཐར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
༸རྒྱལ་དབང་ཀརྨ་པ་མཆོག་གིས་ཤེས་རབ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།
Mobile App

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
Potala
Mobile App

ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་བཀོད་ལ་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

འབྲས་སྤུངས་བློ་གསལ་གླིང་དུ་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས་གནང་།

༢༠༢༥/༡༢/༢༨
དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།
Mobile App

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས།

༢༠༢༥/༡༢/༢༧
ལྡི་ལི་བསམ་ཡས་གླིང་། པར་བ་བློ་བཟང་སྐལ་བཟང་།
Mobile App

ཟླ་བ་གསུམ་ནང་ཚུན་དུ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་བཏང་།

༢༠༢༥/༡༢/༢༧

མཆན། 14

  1. བློ་བཟང་རབ་དགའ། says:
    ལོ་ 17 སྔོན།

    དཔལ་བོ་ཟུང་ངོ་མ་ཁྱེད་གཉིས་ཡག་བྱུང་།་གངས་རིའི་ལྗོངས་ན་འཁྲུངས་པའི་ཕོ་རྒོད་རེད།ཐུགས་རྗེ་ཆེ་ཁྱེད་གཉིས་ཀྱི་མཛད་རྗེས་ནི་བླ་མེད་རེད།་་དྲ་གྲོགས་ཚོས་དོན་མེད་སྟོང་མ་བཤད་གོང་གི་ཕོ་རྒོད་གཉིས་དཔའ་བོ་མ་རེད་ཟེར་མཁན་སུ་ཡང་མིན་འདུག།་་་་་་་་་

    Reply
  2. གླང་དར་མ། says:
    ལོ་ 17 སྔོན།

    ཡང་བསྐྱར་ཞི་རྒོལ་གཉིས་རྒྱ་གར་ལ་བདེ་འབྱོར་བྱུང་བ་དགའ་འོས་པ་ཞིག་རེད། ཡིན་ནའང་འདི་སྔོན་ཞི་རྒོལ་བ་འགའ་ཤས་འབྱོར་ཡོད་པས། དེ་ཚོར་དཔའ་བོ་ལྔ་རྡ་སར་འབྱོར་ཡོད་པ་ཟེར་ནས་བོད་ཀྱི་དུས་བབ་གསར་ཤོག་དང་དྲྭ་རྒྱའི་ནང་མགོ་བརྗོད་ཁོ་རང་ལ་དེ་བྲིས་ཡོད་པ་རེད། ད་ཐེངས་འདི་གཉིས་ལ་དེ་ལྟར་མེད་པ་ག་རི་ཡིན་ནམ། བོད་ནང་ཞི་རྒོལ་བ་གཅིག་པ་ལ་བཙན་བྱོལ་ནང་བལྟ་སྟངས་ཁྱད་པར་འདི་འདྲ་ཡོང་དོན་ཅི་ཡིན་ཞེས་པའི་དྲི་འདི་རང་བཞིན་གྱིས་སླེབས་ཀྱི་འདུག་པས། དྲ་གྲོགས་ཚོ་དེའི་ཐོག་བསམ་ཚུལ་ག་རི་ཡོད་མེད་ཀྱང་ཤེས་འདོད་འདུག

    Reply
  3. tsetrin says:
    ལོ་ 17 སྔོན།

    GPÅ-Tm-qºÛ-hqº-Lô¾-±ô-¾-ljÛP-mÅ-fÞGÅ-XïÅ-Vï-ŸÝÅü

    Reply
  4. འཁྱམས་པོ། says:
    ལོ་ 17 སྔོན།

    ཏག་ཏག་རེད་དགྱ་སྐྱགས་དེ་ཚོར་ཏག་ཏག་བཟོས་འདུག ཨ་མའི་བུ་དེ་ཚོ་་་་ བུ་རྒོད་ཚོ་བོད་པ་དངོས་ཞེས་པ་དེ་འདི་འདྲ་ཞིག་དགོས་པ་རེད།རྟེན་འབྲེལ་ཞུ་་་་འཚམ་འདྲི་ཡོད། དགྱ་ཇག་གཏེ་བོ་དེ་ཚོས་སྒོར་མོས་བོད་པ་བོད་ཉོ་འདོད་པ་དེ་ད་ཡིན་ན་རྨི་ལམ་དུ་གྱུར་འདུག་ག
    ཧ་་་ཧཧ

    Reply
  5. རྭ་རྒྱ་བློ་དབང་། says:
    ལོ་ 17 སྔོན།

    ཁྱེད་ཚོས་གོ་ཨེ་མྱོང་། ཡང་ན་བསམ་ཨེ་མྱོང་། འཛམ་གླིང་གི་མཐོ་སྒང་དུ་གྲགས་པའི་རི་བོ་ཇོ་མོ་གླང་མའི་རྒྱབ་མདུན་དུ། སྟོབས་དང་ཤུགས་ཀྱིས་འཕྱོ་མྱོང་བའི་གངས་སེང་དཀར་མོ་དེའི་གད་རྒྱངས། ལོ་ཟླ་ཁྲི་སྟོང་བཞུད་པའི་དེ་རིང་ད་དུང་གངས་སེང་གི་སྡེར་ཤུལ་མངོན་འདུག་པ་མཐོང་ཨེ་བྱུང་། རང་ཅག་ནི་སུ་ཞིག་གི་རྗེས་སྐྱོང་བར་གྲག་ཅིང་། གང་ཞིག་གི་མནར་གཅོད་གླེང་བཞིན་འདི་ལྟར་བསྡད་ཡོད་པར་བསམ་ཨེ་མྱོང་། གངས་སེང་ངེས་པར་ཡོད་ངེས་ཏེ། ཡབ་མེས་སྲུང་བཙན་སྒམ་པོ་ནི། ཇོ་མོ་གླང་མའི་དབུ་རྩེར་འགྲེང་བའི་གངས་སེང་རེད་ལ། དཔའ་བོ་ཁྲི་སྲོང་ལྡེ་བཙན་ཡང་ཧི་མ་ལ་ཡའི་ཕྲག་སྟེང་ནས་གཡུ་རལ་གསིག་པའི་གངས་སེང་རེད། གངས་སེང་ངེས་པར་ཡོད་ངེས་ཏེ། མདོ་དབུས་ཁམས་གསུམ་ན་གཅེས་སྲོག་དགྲ་ལ་གཏོད་པའི་མདུན་མཆོངས་པ་འདི་དག་ནི་དོན་དངོས་ཀྱི་སེང་གེ་རེད། མིའི་རིགས་ཀྱི་སེང་གེ་རེད། གངས་རིའི་གངས་སེང་རེད།

    Reply
  6. མདོ་ལའི་འཁྱམས་པོ། says:
    ལོ་ 17 སྔོན།

    གངས་རིའི་དཔའ་བོ་གཉིས་ལ་གུས་འདུད་དང་བཅས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. སོག་མེ་རི། says:
    ལོ་ 17 སྔོན།

    དཔའ་བོ་དེ་ཚོ་དགའ་སུའི་སྣེ་ལེན་ཡོད་
    ར་ལོ་ ཁྱོད་དེའི་གྲས་ཡིན་ཟེར་ན་ ཕུ་སྐྲུག་མདའ་སྐྲུག་བྱེད་མཁན་གྱི་དཔའ་བོ་ཡིན་ནམ?
    ཉལ་མཁན་དཔའ་བོ་ཡིན་ནམ?

    Reply
  8. རྭ་ལོ། says:
    ལོ་ 17 སྔོན།

    དཔའ་བོ་སྐོར་ཞིག་ཚུར་འབྱོར་ཐལ། དཔའ་བོ་སྐོར་ཞིག་ཕྱིར་ལོག་ཐལ། དཔའ་བོ་མང་ཆེ་བ་ངྷ་ས་ན་ཉལ་བསྡད་འདུག ངའང་དེའི་གྲས་ཀྱི་གཅིག་ཡིན།

    Reply
  9. ཨ་མའི་གཅེས་ཕྲུག says:
    ལོ་ 17 སྔོན།

    གངས་རིའི་དཔའ་བོ་གཉིས་ལ་གུས་འདུད་དང་བཅས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཉིན་ཤས་ནང་ལ་དཔལ་བོ་བདུན་ཚར་གཅིག་འབྱོར་སོང་། ངོ་མ་བཟང་གི རྒྱལ་གཅེས་དཔའ་པོའི་རྡ་སར་ཁྱབ་པར་ཤོག ང་ཚོ་ལ་དགོ་བ་ནི་རྒྱལ་གཅེས་དཔའ་བོ་ཡིན། ང་ཚོས་བདག་རྒྱག་དགོ་བ་ནི་དཔའ་པོའི་སེམས་ཤུགས་དང་སྙིང་སྟོབས་ཡིན།
    ཨ་རོ་་་་་ད་ཡིན་ན་་་རེ་བ་་་་ཅིག་་ཡོད་ཁ་རེ། ཨ་དྲིན་ཅན་ཆ་བོ་་་་་་་་་་་་

    Reply
  10. གངས་ཕྲུག says:
    ལོ་ 17 སྔོན།

    དཔའ་བོ་དེ་གཉིས་ལ་བཀྲ་ཤིས་མཚམས་འདྲི་ཞུ་རྒྱུ་ཡིན། ཁེ་ས་ངས་”རྒྱལ་ཁབ་ཀྱི་བཙོན་པ།”ཞེས་པའི་འོག་ཏུ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ནས་འདིའི་བསྐོར་ཐོན་པ་ཞིག་ལུང་དྲངས་ནས་བསམ་འཆར་བཏོན་ཡོད། དེ་རིང་དུས་བབ་ནང་བཀོད་པའི་གནས་ཚུལ་དག་ཀྱང་ངས་ལུང་འདྲེན་བྱས་པ་དེ་ལ་་ཚིག་སྦྱོར་རེ་ཟུང་ཞིག་བཟོ་བཅོས་བྱས་པ་ལས་གནས་ཚུལ་ཁ་གསལ་དུ་གང་ཡང་ཕྱིན་མི་འདུག དཔེར་ན་ཁོང་གཉིས་བཙན་བྱོལ་ལ་འབྱོར་ཡོད་འདུག རྒྱ་གར་ལ་འབྱོར་ཡོད་འདུག ཟེར་བ་ཙམ་ལས་ད་ལྟ་གར་ཡོད་དང་སྣེ་ལེན་ཇི་བྱས་སོགས་གསལ་དུ་ཕྱིན་མི་འདུག ཨེ་ཤི་རང་དབང་གི་གནས་ཚུལ་དེ་འདི་ཟླའི་ཚེས་༡༨་ཉིན་སྤེལ་བ་རེད། དུས་བབ་ཀྱིས་ཚེས་༢༠་ཉིན་སྤེལ་བར་སོང་གནས་ཚུལ་ཁ་གསལ་དུ་དང་ཞིབ་ཚགས་སུ་འགྲོ་དགོས་པ་ཞིག་ཏུ་མཐོང་།

    Reply
  11. རྭ་ལོ། says:
    ལོ་ 17 སྔོན།

    དོན་དམ་དུ་བཤད་ན། བོད་པ་ཚོ་རྒྱ་ནག་མཉམ་དུ་འདུག་མ་འདོད་པ་གཅིག་པུ་མ་རེད། མ་གཞི་ནས་བོད་ནང་ནས་འདུག་འདོད་མི་འདུག་ཟེར། ལོ་སྔོན་མ་ཞིག་ལ་དུས་བབ་གསར་འགྱུར་ནང་དུ་དེ་འདྲ་ཞིག་ཐོན་སོང་སྙམ། དེང་སྐབས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་གཞོན་སྐྱེས་ཚོ་བཙན་བྱོལ་ལ་ཡོང་འདོད་ཀྱི་འདུན་པ་སྔར་ལས་ཆེ་ཞིང་། ཚང་མས་རྒྱ་གར་ངུ་འགྲོ་བར་སྒུག་ནས་བསྡད་ཡོད་པ་རེད་ཟེར།

    Reply
  12. མིག་གསུམ་པ། says:
    ལོ་ 17 སྔོན།

    འདི་ལྟར་དཔའ་རྒོད་དག་རྡ་སར་འདུས་ཡོང་ན་མ་འོངས་པར་རྡ་ས་འདི་ཡང་གླིང་ཧྲིན་མཚོ་གླིང་དུ་ཆགས་ནས་རང་གི་རྒྱལ་ཁབ་སླར་གསོ་བྱེད་ཐུབ་པར་ཡིད་ཆེས་ཡོད།

    Reply
  13. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    བོད་ཤ་ཁྲག་རུས་གསུམ་གྱི་དགོངས་འཆར་ལ་རྒྱབ་སྐྱོར་ཡོད། ཉེ་སྔོན་ཨ་མདོ་ནས་ཕེབས་པའི་ཞི་རྒོལ་བ་ལྔ་ལ་༼དཔའ་བོ་༽ཞེས་པའི་ཆེ་བརྗོད་གནང་བ་བཞིན། ཁམས་ནས་ཕེབས་པ་འདི་ཚོར་ཡང་༼དཔའ་བོ་༽ཞེས་ཆེ་བརྗོད་གནང་རོགས།

    དེ་བཞིན་དཔའ་བོ་ཚོའོ་འདྲ་པར་རེ་ཡང་འགོད་རོགས། འདྲ་པར་ཕ་ཡུལ་དྲ་རྒྱའི་ཐོག་ཏུ་བཀོད་འདུག

    དཔའ་བོ་རྣམ་པ་རང་དབང་ལུང་པར་བདེ་ཕེབས་གནང་བར་བཀྲ་ཤིས་བདེ་ལེགས་དང་ཁྱེད་རྣམ་པའི་མཛད་བཟང་ལ་གུས་བརྩི་ཡོད།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ཀྱི་དཔའ་བོ་འདི་གཉིས་ཀྱིས་ཚེ་སྲོལ་ལ་གོད་ཆག་མ་བྱུང་བར་རྒྱ་གར་དུ་བདེ་འབྱོར་བྱུང་བར་སེམས་ཐག་པ་ནས་འཚམ་འདྲི་ཡོད། དུས་བབ་ཚང་གིས་དབའ་བོ་འདི་གཉིས་ཀྱིས་འདྲ་དཔར་ལག་པ་རེག་ན་དྲ་ཐོག་འདིར་བཀོད་དེ་བོད་མི་དྲ་ཐོག་གི་ཀློག་མཁན་དག་ལ་མི་སྣ་དངོས་དེ་ངོ་སྤྲོད་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese