མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་དུ་ཡོད་པའི་སློབ་གྲྭ་བ་ཚོ།

བོད་ཀྱི་དུས་བབ།
༢༠༠༩/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ནང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཞིག་གིས།    ནགས་ཤོད་ཡེ་ཤེས་བསྟན་འཛིན་གྱིས་བསྒྱུར།

རྒྱ་ཆེ་བའི་ཕྱིར་སྐྱོད་རྒྱལ་གཅེས་ཀྱི་སྤུན་ཟླའི་སློབ་གྲོགས་ཚོ། ཁམས་བཟང༌། ང་ནི་རྒྱལ་ནང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཞིག་ཡིན། མ་གཞི་ཁྱོདཚོའི་ལུས་པོ་ཕྱི་རྒྱལ་དུ་ཡོད་མོད། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་སེམས་ལ་བཅངས་ཤིང་དོ་ཁུར་བགྱི་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད། ཨོ་རྩེད་ཀྱི་དཔལ་འབར་བརྒྱུད་སྤྲོད་ཕྱི་རྒྱལ་ནས་མཇུག་བསྒྲིལ་ལ་ཉེ་བའི་གོ་རིམ་ཁྲོད་དུ་ཁྱོད་ཚོས་དེར་ཁྲོམ་སྐོར་སོགས་ཀྱི་རྣམ་པའི་ཐོག་ནས་མེས་རྒྱལ་ལ་རྒྱབ་སྐྱོར་མཚོན་པ་བྱས་ཡོད། 
                    
       ངས་ཁྱོད་ཚོར་ཡི་རངས་བྱེད་ཀྱིན་ཡོད། ཅི་ཞིག་གི་ཕྱིར་དུ་ཞེ་ན། ནུབ་སྡོད་པ་ཚོས་ཀྲུང་གོར་སྐྱོན་བརྗོད་བྱེད་པའི་སྐབས་སུ་ཁྱོད་ཚོ་མདུན་དུ་བཅར་ཏེ་ཀྲུང་གོར་རྒྱབ་སྐྱོར་དང་མཚང་འབྱིན་བྱེད་མཁན་ཚོར་ངོ་རྒོལ་བྱ་ཕོད་ཀྱི་ཡོད། ཡིན་ནའང་ནུབ་ཕྱོགས་པ་ཚོའི་སྐྱོན་བརྗོད་དེས་ཀྱང་ཀྲུང་གོའི་ཡར་རྒྱས་ལ་སྐུལ་འདེད་བྱེད་པའི་ཆ་རྐྱེན་ཞིག་ཏུ་སོང་བ་བསམས་མྱོང་ངམ། གལ་ཏེ། ནུབ་ཕྱོགས་པ་ཚོའི་སྐྱོན་བརྗོད་མེད་ཚེ་ཀྲུང་གོ་ད་དུང་ཡང་མི་ལོ་སུམ་ཅུའི་ཡར་སྔོན་གྱི་གནས་སྟངས་དེར་རང་སོར་ལུས་ཡོད།

      ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། གང་ལགས་ཤེ་ན། ཁྱོད་ཚོ་ཉེན་རྟོག་པའི་སྲུང་སྐྱོབ་འོག་ནས་སོ་སོས་འཛིན་པའི་ལྟ་ཚུལ་ཚད་མར་སོང་མིན་ལ་ལྟོས་པ་མེད་པར་ཡོངས་བསྒྲགས་ངང་སྦྱར་ཡིག་དང་དར་ཆ་བསྒྲེངས་ནས་ཁྱོད་ཚོའི་ཆབ་སྲིད་ཀྱི་ལྟ་ཚུལ་གསལ་སྟོན་བྱེད་ཀྱི་ཡོད། ཡིན་ནའང༌། ང་ཚུད་པའི་ཀྲུང་གོའི་ས་ཁོངས་ན་ཡོད་པའི་མི་འདི་ཚོ། གལ་ཏེ་ཁྱོད་ཚོ་ལྟར་དུ་སྦྱར་ཡིག་དང་དར་ཆ་བསྒྲེངས་ནས་གཞུང་ལམ་དུ་སོང་ཚེ་ཉེན་རྟོག་པའི་ལྟ་སྐྱོང་མེད་པ་ལྟ་ཅི། ད་དུང་བཙོན་འཇུག་གི་ཉེས་དམིགས་ལས་ཐར་དཀའ་བའི་ཚོད་རེད། ཐ་ན། ངས་དྲྭ་ལམ་ནས་རྩོམ་ཡིག་འདི་འདྲ་ཞིག་འདོན་སྤེལ་བྱས་མོད། ཡིན་ནའང༌། རང་སོ་སོའི་བདེ་འཇགས་ཀྱི་ཆེད་དུ་སེམས་ངལ་བྱ་དགོས་ཀྱི་ཡོད། སྐུ་ཞབས་ཧུའུ་ཅའ་སོགས་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཉུང་མིན་ཞིག་ལ་དཀའ་སྡུག་ཕོག་པ་དེས་ངེད་ཚོས་དོགས་ཟོན་ཆེ་སྐྱེད་མི་བྱ་ཐུ་མེད་རེད།

    གོ་ཐོས་ལྟར་ན། ཡང་ཁྱོད་ཚོས་འདི་ལྟ་བུའི་ལྟ་སྤྱོད་མི་མཐུན་པའི་མི་སྣར་བཙན་གནོན་བགྱིད་པའི་ཀྲུང་ལུགས་ཀྱི་བྱ་ཐབས་འདི་ཨ་རིར་ཁྱེར་འདུག་ཟེར་ལ། ཝང་ཆིང་ཡོན་དུ་འབོད་པའི་ཀྲུང་གོའི་ཕྱི་སྐྱོད་སློབ་གྲྭ་བ་ཞིག་གིས་ཨ་རིའི་ཁྲིམས་ལུགས་ལྟར་ཁྱོད་ཚོ་དང་ཆབ་སྲིད་ལྟ་ཕྱོགས་ཐ་དད་པ་འགའ་འགྲེལ་བརྗོད་བྱས་པ་ཙམ་གྱིས་ཁྱོད་ཚོས་ཡ་ང་བའི་གདུག་རྩུབ་དང་ངན་སྨྲས་ཕོག་ཡོད་ལ་ཁོང་མི་སྒེར་གྱི་གསང་བ་ཡང་ཕྱིར་བསྒྲགས་བྱས་ཡོད། CNN གྱི་ཁ་ཧྥུ་ཏིས་ཀྱང་ཕལ་ཆེར་རང་ཉིད་ལ་སྔོན་རྟོགས་ཀྱི་རིག་པ་འདི་ཙམ་ཡོད་པར་ཁེར་དགོད་འཆོར་བཞིན་ཡོད། འདི་འདྲར་ལྟ་དུས། མེས་རྒྱལ་གྱིས་ཁྱོད་ཚོར་བླུད་པའི་སྤྱང་ཀིའི་འོ་མས་འདི་འདྲའི་བོགས་ཐོན་པ་ལ་ཨང༌། རེ་བ་ལ་ཁྱོད་ཚོས་འབད་བརྩོན་གྱིས་མེས་རྒྱལ་གྱི་ཀླ་ཀློའི་གོམས་སྲོལ་འདི་དར་རྒྱས་གོང་འཕེལ་དུ་བཏང་སྟེ་རིང་མིན་གོ་ལ་ཟླུམ་པོའི་ཕྱོགས་གང་དུའང་ཀྲུང་གོ་ནང་བཞིན་གྱི་ཁྲིམས་སྐྱོང་མི་ཡོང་བའི་བརྩོན་ལེན་གྱིས་ཤིག

      ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། ཁྱོད་ཚོས་CNN དང་ BBC མཐོང་བ་ཙམ་མ་ཟད། CCTV ཡང་མཐོང་གི་ཡོད། ཡིན་ནའང་ང་ཚོས་ CCTV འབའ་ཞིག་མཐོང་བ་ལས་ CNN དང་ BBC མཐོང་ཐུབ་ཀྱི་མེད། ཐ་ན། ད་དུང་མི་མང་པོ་མང་པོ་ཞིག་གིས་འཇིག་རྟེན་འདིའི་སྟེང་དུ་ CNN དང་ BBC ཡོད་པའང་ཧ་གོ་གི་མེད། དེའི་ཕྱིར་དོན་ངོ་མར་ཅི་ཞིག་བཤད་སྟངས་འགྲིག་མེད་ནས་ཁྱོད་ཚོ་དང་ང་ཚོའི་སྲིད་གཞུང་གཉིས་ཀར་ཁོང་ཁྲོ་ཆེན་པོ་བསླངས་སོང་བའང་ཤེས་ཀྱི་མེད། ང་ཚོས་འུ་ཚོའི་སྲིད་གཞུང་གི་ལྟ་ཕྱོགས་ཁོ་ན་མཐོང་གི་ཡོད་པ་ལས་འུ་ཚོའི་མི་དམངས་ལ་དངོས་འབྲེལ་དྲང་འབྲེལ་གྱི་བསམ་ཚུལ་ཅི་ཞིག་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད། གལ་ཏེ། ཁྱེད་རྣམ་པས་ང་ཚོས་ཀྱང་ CNN དང་ BBC ལ་ངོ་རྒོལ་བྱེད་པར་རེ་བ་བྱེད་ཀྱི་ཡོད་ཚེ། དང་ཐོག་ང་ཚོས་ཁོ་པ་ཚོའི་རང་དབང་ལ་ལྟ་ཉན་གྱི་གོ་སྐབས་།ཐོབ་དགོས་ཀྱི་ཡོད།
 
        ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། ཁྱོད་ཚོ་ཕལ་མོ་ཆེ་ཕུལ་བྱུངགི་མི་སྣ་རྐྱང་རེད་ལ་རྒྱལ་ནང་དུའང་མཐོ་རིམ་སྤྱི་ཚོགས་ནང་འཚོ་སྡོད་བྱེད་བཞིན་ཡོད། ཁྱོད་ཚོ་ཕལ་ཆེ་བ་འདས་ད་གང་རུང་དུ་སློབ་སྦྱོང་གཟེངས་སུ་ཐོན་ལ་འབྱུང་འགྱུར་རམ་ད་ལྟའི་སྤྱི་ཚོགས་ནང་གལ་ཆེའི་མི་སྣ་ཡིན་པས་ཆེ་ཆུང་ལ་མ་ལྟོས་པར་མིང་དུ་གྲགས་པའི་མི་སྣ་ཞིག་རེད། ཡིན་ནའང༌། ཀྲུང་གོའི་མི་གྲངས་ཕལ་ཆེ་བ་དམའ་འབྲིང་སྤྱི་ཚོགས་ན་འཚོ་བཞིན་ཡོད་པས་ཁོང་ཚོར་དབང་འབྱོར་གང་ཡང་མེད། ཀྲུང་གོའི་ཞིང་པ་དུང་ཕྱུར་དགུ་ཙམ་ཡོད་པའི་ནང་དུ་མང་པོ་ཞིག་ཧ་ཅང་གི་དབུལ་ཕོངས་རེད། གྲོང་ཆེར་ནང་ཁུལ་གྱི་དམའ་འབྲིང་ཡོང་སྒོ་ལས་མེད་པའི་མི་འདི་དག་ཀྱང་ཉིན་ཐོག་ཟླ་ཐོག་ཏུ་ཟོག་རིན་དང་ཁང་གླས་ཡི་མུག་བཞིན་ཡོད། ཁྱོད་ཚོ་གང་མང་ཞིག་གིས་ཁོང་ཚོའི་སྐྱིད་སྡུག་མྱོང་ཚུལ་ལ་རྒྱུས་ལོན་འགན་བཞེས་ཀྱི་འདོད་འདུན་མེད་པའང་ངས་ཧ་གོ་དོན་རྟོགས་ཡིན། ཁྱོད་ཚོས་ཨ་རི་དང་ཡུ་རོབ་ཀྱི་གྲོགས་པོ་དག་ལ་མཐོར་ལྟ་བྱ་བཞིན་ཡོད་ནའང་ང་ཚོ་ལུང་ཁུག་གི་མི་འདི་ཚོར་ཐུར་ལྟ་བྱ་བཞིན་ཡོད།       
   
                     ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། ཅིའི་ཕྱིར་དུ་ཞེ་ན། ཁྱོད་ཚོ་ཕལ་ཆེ་བའི་དཔལ་འབྱོར་གནས་བབ་བཟང་བས་ཕ་མ་ཚོས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་རྒྱུའི་རྒྱབ་སྐྱོར་ཡང་བྱས་ཡོད། མ་གཞི་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཀྱི་ཚད་མཐོའི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་ལ་གདོང་གཏོད་དགོས་ནའང༌། ཁྱོད་ཚོ་ལ་གནོན་ཤུགས་གང་ཡང་མེད། རྒྱལ་ནང་གི་མི་སེར་མང་ཆེ་བའི་ངོས་ཐད་ནས་གླེང་ན། ཁྱོད་ཚོའི་ཕ་མ་ནི་སྐུ་དྲག་མིན་ན་ཕྱུག་བདག་རེད་ལ་འབྱོར་ལྡན་གྱི་ཚོང་པ་མིན་ན་དབང་ཆེན་གྱི་དཔོན་པོ་རེད། དེའི་སྟེང་དུ་སྒྲིག་གཞིའི་ནང་ཁོངས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣར་ང་ཚོས་ཁ་ཐུབ་ཀྱི་མེད། སྤྱིར་བཏང་བྱས་ན་རྒྱལ་ནང་གི་སློབ་ཡོན་འདིས་ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ས་ཡེ་ནས་མི་འགྲོ་ནའང༌། ང་ཚོས་སྔར་ལྟར་གདོང་ལེན་བྱ་དཀའ་བས་འདི་དོན་དུ་སེམས་ངལ་མི་བྱ་ཐུ་མེད་རེད། ཐ་ན། ཁྱིམ་ཚང་ཁ་ཤས་དོན་གནད་འདིས་རྐྱེན་པས་སྐྱོ་སྡུག་གིས་མནར་ནས་ཡོད། ང་ཚོ་ཕལ་ཆེ་བ་ལ་ཁྱོད་ཚོ་ལྟ་བུའི་རྟེན་ས་བཟང་བའི་གཉེན་ཉེ་མེད་པས་ང་ཚོ་རང་ཉིད་འབའ་ཞིག་ལ་བརྟེན་དགོས་ཀྱི་ཡོད། གལ་ཏེ། ཁྱོད་ཚོ་ལ་སེམས་ཐག་པ་ནས་ཚད་མཐོའི་སྤྱོད་ལམ་འགན་བཞེས་ཀྱི་བློ་སེམས་མཆིས་ཚེ། ཁྱོད་ཚོས་འཛད་གྲོན་དུ་འགྲོ་བཞིན་པའི་རྒྱུ་རྫས་དེས་སྔར་ཉེས་སླར་ཡང་གསོག་མིན་ཐད་སོ་སོ་ནས་བསམ་ཞིབ་བྱ་འོས་པ་དང༌། གཉེན་ཉེ་ཚོས་ཀྱང་རྒྱལ་ཁབ་འདིའི་དོན་དུ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ཡོད་མེད་སོགས་བསམ་དགོས་པ་ལས། རང་སོ་སོས་འུད་སྒྲོག་བྱ་བཞིན་པའི་རྒྱལ་གཅེས་རིང་ལུགས་ཟེར་བ་དང༌། ཐ་ན། སྤུན་ཟླ་དེ་ཚོས་ལྟ་ཚུལ་ཐ་དད་པ་འགའ་འགྲེལ་བརྗོད་བྱས་པ་ལ་ཡང་འགན་ཁུར་ཞན་དྲགས་པ་བཅས་རེད།  

ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། གང་ལགས་ཤེ་ན། ཁྱོད་ཚོ་སྒེར་སྡོམ་གྱི་ཆབ་སྲིད་སྒྲིག་གཞི་འདིའི་འོག་ཏུ་འཚོ་སྡོད་བྱ་དགོས་ཀྱི་ཡོད་པ་མ་རེད། ཁྱོད་ཚོ་ཕལ་ཆེ་བ་ཕྱི་རྒྱལ་དུ་གང་ཟག་རང་སོ་སོར་ནུབ་ལུགས་ཀྱི་ཚད་ལྡན་ཆབ་སྲིད་དང་དཔལ་འབྱོར་འཚོ་བར་རོལ་མྱོང་བྱ་བཞིན་ཡོད་པ་ཙམ་མ་ཟད། དེ་དང་མཉམ་དུ་ཁྱོད་ཚོའི་ཕ་མ་ཚོ་ཡང་རྒྱལ་ནང་དུ་སྤྱི་ཚོགས་རིང་ལུགས་ལམ་སྲོལ་གྱི་ཁྱད་འཕགས་རང་བཞིན་ལ་ལོངས་སྤྱོད་བཞིན་ཡོད། འོན་ཏེ། བློ་སེམས་ཕངས་པ་ཞིག་ལ། མ་གཞི་ང་ཚོས་སློབ་དེབ་ཀྱི་ནང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་རྟོགས་སོང་ལ། གསར་ལམ་ཁག་བརྒྱུད་ནས་ཁྱོད་ཚོ་ནུབ་ཕྱོགས་སུ་རང་དབང་དང་དམངས་གཙོར་ལོངས་སྤྱོད་བཞིན་ཡོད་པ་ཧ་གོ་ནས་ཡོད། དེ་ལྟ་མོད་ཀྱི། ང་ཚོས་ནུབ་ཕྱོགས་པའི་རང་དབང་དང་དམངས་གཙོ་ལ་དངོས་སུ་རྒྱུས་མྱོང་བྱུང་མེད་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་ལམ་སྲོལ་དེར་ཡང་དངོས་སུ་མྱོང་བ་ཐོན་མེད། ང་ཚོའི་ཁྲོད་ཀྱི་ཅི་འདྲའི་མི་མང་པོ་ཞིག་གིས་རྒྱལ་ཁབ་འདིའི་དོན་དང་སྲིད་གཞུང་འདིའི་སླད་དུ་ཆབ་སྲིད་ཀྱི་སྒྲིག་གཞིའི་གནད་དོན་སྣ་ཚོགས་པའི་ཉེར་ལེན་ལས་དཔལ་འབྱོར་དང༌། ཆབ་སྲིད། ལུས་པོ། བསམ་བློ། བཅས་ཀྱི་སྟེང་ནས་འདྲ་མཉམ་མིན་པའི་བྱ་སྤྱོད་མྱངས་ཚར་ལ། ཐ་ན། འཕྲོ་བརླག་ཀྱང་བཏང་ཚར།

ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། གང་གི་ཕྱིར་ན། ཁྱོད་ཚོས་ཕུགས་བསམ་སྣ་ཚོགས་པ་ཡིད་ངོར་བཅངས་ཏེ་ཕྱི་རྒྱལ་དུ་ཕྱིན་པ་རེད་ལ། གང་མང་མང་ཞིག་གིས་ཨ་རིར་བཅངས་པའི་ཕུགས་འདུན་དང་ཧྥ་རན་སི། ཨོ་གླིང་བཅས་ཀྱི་ཕུགས་རེ་མངོན་འགྱུར་བྱུང་བ་རེད།  འོན་ཏེ། ང་དང་རྒྱལ་ནང་དུ་ཡོད་པའི་ཆེས་མང་བའི་མི་འདི་ཚོ། སྒྲིག་གཞི་འདིའི་འོག་ནས་སྐབས་འཕྲལ་གྱི་བདེ་དགའ་འཚོལ་རྒྱུ་ཁོ་ན་ཙམ་ལས། ང་ཚོས་ཧམ་འདོད་ཀྱི་ཕུགས་རེ་མང་པོ་འཛིན་ཕོད་ཀྱི་མེད་པས་གཞི་རིམ་གྱི་བདེ་འཇགས་དང་རང་དབང་འགའ་ཞིག་ལ་རེ་སྨོན་བྱེད་རྒྱུ་ཙམ་རེད། ཡིན་ནའང༌། དེ་དང་མཉམ་དུ་ང་རང་མགོ་འཐོ་ས་ཞིག་ནི། ཁ་གདངས་ཚད་ལ་རྒྱལ་གཅེས་ཀྱི་དྲང་བདེན་སྐྱོང་མཁན་ཁྱོད་ཚོ།  ཅིའི་ཕྱིར་དུ་ཁྱོད་ཚོ་ཡོངས་སུ་དགའ་མགུ་ཡི་རངས་ཐོབ་སའི་རྒྱལ་ནང་དུ་བསྡད་དེ་ཁོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་མི་བྱེད་པ་རེད་དམ། ཁྱོད་ཚོ་ནི་ཅིའི་ཕྱིར་དུ་ཁྱོད་ཚོ་རྩ་ནས་མི་དགའ་སའི་ཨ་རི་དང་ཧྥུ་རན་སི་སོགས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་དག་ཏུ་འཚོ་སྡོད་བྱ་འདོད་པ་རེད། འདི་ལྟར་ཁྱོད་ཚོ་སེམས་གཏིང་ནས་དགའ་བའི་མེས་རྒྱལ་གྱིས་ཀྱང་དོན་ངོ་མར་ཁྱོད་ཚོའི་ལས་སློབ་སོགས་ཀྱི་ཁོར་ཡུག་ལ་འདོད་བློ་ཁེངས་པ་ཞིག་མེད་སོང་བ་ཨེ་རེད། ཁྱོད་རང་མི་ཞིག་ལ་སེམས་པ་ཤོར་བའི་ཚེ། ཁོང་དང་མི་ཚེ་མཉམ་སྐྱེལ་གྱི་རེ་བ་བྱེད་ངེས་རེད་མོད། ཁྱོད་ཚོ་ཀྲུང་གོ་ལ་དགའ་ཞིང་ཆགས་པ་དེའི་ཚེ་ན་ཅིའི་ཕྱིར་དུ་ཡུལ་བྱོལ་གྱི་འཚོ་བ་བདམས་པ་རེད། གཅིག་བྱས་ན་ཁྱོད་ཚོས། ནུབ་གླིང་གི་ཕུལ་བྱུང་ལག་རྩལ་མངོན་པར་སྦྱངས་ནས། ཕྱིར་ནུབ་གླིང་པ་ཚོར་འགོག་རྒོལ་བྱ་ཟེར་བ་ཡིན་གྱི་རེད་ལ་ངས་ཀྱང་བརྗོད་ཚིག་འདིར་དགའ་བོ་བྱེད་ཀྱི་ཡོད། ཡིན་ནའང༌། གལ་ཏེ་ཁྱོད་ཚོའི་ཁྱིམ་མི་གནས་སྤོ་ཐུབ་པ་དང༌། ཡང་ན། མི་སེར་ལག་ཁྱེར་རག་ཐུབ་ཙམ་ཞིག་བྱུང་ན། ཁྱོད་ཚོའང་རྒྱལ་ནང་དུ་ཕྱིར་ལོག་འདོད་ཡོད་ཀྱི་མ་རེད་པ། བརྒྱ་ལ་ལོག་པའི་དབང་དུ་བཏང་ནའང་ཁྱོད་ཚོས་ཕྱིའི་བཙན་འཛུལ་ལ་བཀག་འགོག་དང་རྒྱལ་ཁབ་ཡར་རྒྱས་ཀྱི་ལས་དོན་ག་ཙམ་བསྒྲུབས་ཡོད་དམ། ཁྱོད་ཚོ་མེས་རྒྱལ་ལ་མི་དགའ་བ་སྲིད་དམ། རྒྱལ་ཁབ་འདིས་ཁྱོད་ཚོར་བཟའ་འཐུང་སེམས་ངལ་མེད་པ་སྦྱར་ལ། ཐ་ན། འབྱོར་ལྡན་དང་དཔོན་ཆེན་གྱི་ས་ལ་བསྐྱལ་ཡོད། ཁྱོད་ཚོ་ནི་རྒྱལ་ཁབ་འདིའི་ཁེ་བཟང་རག་མཁན་ཚོ་རེད། ཁྱོད་ཚོས་ཁོ་པར་དག་འབུད་མི་བྱེད་པ་སྲིད་དམ། ཀྲུང་གོར་གནའ་གཏམ་ཞིག་ཡོད་པ་སྟེ། ལངས་ཏེ་བཤད་ན་རྐེད་པ་མི་གནོད་ཟེར་བ་ལྟར། ཁྱོད་ཚོ་ད་ལྟ་ཕྱི་རྒྱལ་དུ་ཡར་ལངས་ཐུབ་པའི་མི་ཞིག་ཆགས་འགྲོ་གི་ཡོད་པས། ངེད་རྒྱལ་ནང་དུ་ཡོད་པའི་མགོ་སྒུར་གཉའ་ཞུམ་གྱི་སྤུན་ཟླ་འདི་ཚོར་རྩ་བ་ནས་སྣང་བ་རྒྱ་ཡན་དུ་བྱས་ཡོད།

     ཁྱོད་ཚོའི་ཁྲོད་ཀྱི་མི་ག་ཙམ་གྱིས་མི་ལོ་བཅུ་དགུའི་ཡར་སྔོན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་དེ་བརྒྱུད་མྱོང་བ་ཤེས་ཀྱི་མེད་ལ། ཁྱོད་ཚོས་སྐབས་ཐོག་དེའི་གནས་ཚུལ་ལ་རྒྱུས་ལོན་ག་ཙམ་ཡོད་པའང་ངས་ཤེས་ཀྱི་མེད། མི་ལོ་བཅུ་དགུའི་ནང་མེས་རྒྱལ་གྱི་དཔལ་འབྱོར་དེས་འཛམ་གླིང་ཡོངས་ཧང་སངས་སུ་བཅུག་པའི་གྲུབ་འབྲས་ལ་ཁྱོད་ཚོ་ཞེན་ཆགས་ནས་ཡོད་པ་དང་སྦྲགས། ཁོ་བའི་ཆབ་སྲིད་ཀྱང་འཛམ་གླིང་ཡོངས་སྐྱི་གཡའ་དགོས་པའི་ཕྱི་ནུར་གྱི་བྱུང་བ་དེར་མནོ་བསམ་བཞེས་མྱོང་ངམ།

    བློ་ཕངས་པ་ཞིག་ལ། མ་གཞི་ཁྱོད་ཚོ་ཁྲིམས་ཐོག་ནས་ཀྲུང་གོའི་མི་ཞིག་ཡིན་མོད་ཀྱི་ཡིན་ནའང་ཁྱོད་ཚོས་ཀྲུང་གོར་འཛིན་པའི་རྒྱུས་མངའི་ཚད་གཞི་ནི་ཀྲུང་གོར་རྒྱུན་སྡོད་ཀྱི་ཕྱི་རྒྱལ་གསར་འགོད་པ་འདི་དག་དང་བསྡུར་ཐབས་གཏན་ནས་མེད། ཁྱོད་ཚོས་ཁ་གདངས་ཚད་དུ་བོད་རང་བཙན་ལ་ངོ་རྒོལ་ཡོད་ཟེར། འོན་ཏེ། བོད་མི་དམངས་ཀྱི་དངོས་ཡོད་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་ཅི་ཡང་མེད། དེར་བརྟེན་ཀྲུང་གོའི་གནད་དོན་འདྲ་མིན་གྱི་ཐད་ནས། ཐ་ན། ཁྱོད་ཚོ་ལ་སྨྲ་བརྗོད་ཀྱི་དབང་ཆའང་ཡོད་མི་འོས་པ་ཞིག་རེད།

     ང་ཡང་མེས་རྒྱལ་ལ་དགའ་ཞེན་ཡོད། ཡིན་ནའང༌། ཁྱོད་ཚོ་ལྟར་ཕྱི་རྒྱལ་ལ་ཕྱིན་ཡོད་པ་མ་རེད་ལ། དེ་འདྲའི་ཡིད་སྨོན་ཡང་འཆོར་གྱིན་མེད། ང་ནི་འདི་ལྟར་རྒྱལ་ནང་དུ་བསྡད་ནས་རྒྱལ་ཁབ་འདིའི་ཆབ་སྲིད་དང་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་ཀྱིན་ཡོད། གང་ལགས་ཤེ་ན། རྒྱལ་གཅེས་ཟེར་བ་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་ལ་བལྟ་དགོས་པ་ལས་ཚིག་སྐམ་ཁ་ལ་ཡོད་མེད་ལ་བལྟ་རྒྱུ་དེ་མ་རེད། ངས་མེས་རྒྱལ་ལ་ཐལ་དྲག་པའི་བསྔགས་བརྗོད་ཀྱང་བྱེད་ཀྱིན་མེད། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་མང་དྲགས་པའི་བསྔགས་བརྗོད་ཀྱིས་རྒྱལ་ཁབ་འདི་ཚད་བརྒལ་གྱི་ང་རྒྱལ་སྐྱེ་འོང་བ་དང༌། རྒྱལ་ཁབ་འདིས་རང་ཉིད་ཀྱང་བརླགས་འོང༌། དེའི་ཕྱིར་ན། སྐབས་འགའ་རེར་རྒྱལ་ཡོངས་ཀྱིས་གཟེངས་བསྟོད་དང་རང་རང་གིས་ཆེ་བརྗོད་བྱེད་པའི་ཚེ་ན། ང་དང་མི་མང་པོ་ཞིག་གིས་གཅིག་མཚུངས་ཀྱིས་རྒྱལ་ཁབ་འདིར་སྐྱོན་མཚང་གི་རྣམ་འགྱུར་འཛིན་པ་དེ་ནི་རང་ཉིད་ཀྱི་ཕྲུ་གུའི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་པ་དང་གཅིག་པ་རེད།

       རྒྱལ་གཅེས་ཀྱི་ཕྱི་སྐྱོད་སློབ་གྲྭ་བ་ཚོ། ངའི་རེ་བ་ལ་ཁྱོད་ཚོས་འདི་ལྟ་བུའི་རང་འདོད་མ་བྱེད་ཅིག ཁྱོད་ཚོས་རྒྱུས་ལོན་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་མང་ཐལ་གྱི་བསམ་འཆར་འདོན་མ་ཡོང་རོགས།  ཁྱོད་ཚོའི་དབང་ཤེད་ཀྱིས་སླར་ཡང་ངེད་ཅག་གི་ལྟ་ཚུལ་ལ་གཉའ་གནོན་མ་བྱེད་རོགས། གལ་ཏེ། ཁྱོད་ཚོས་རྒྱལ་ཁབ་འདིར་སྙིང་ནས་དུང་བ་ཡོད་ན་རྒྱལ་ཁབ་འདིའི་བཅོས་བསྒྱུར་ལ་རོགས་ཕན་དང་རྒྱལ་ཁབ་འདིའི་འཕེལ་རྒྱས་ལ་གྲོགས་དན་མཛོད་ཅིག ནམ་ཡང་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་དུ་སྐྱིད་ཉལ་རྒྱག་ཏུ་མི་འཇུག་པར་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རུ་ཆུགས་ཤིག ཞོར་དུ་ཁྱོད་ཚོས་ནུབ་ཕྱོགས་རིག་གནས་ཀྱི་ཉིང་བཅུད་ཐོབ་པར་འབོད་ཅིག སྐྱི་ལྤགས་ལྟ་བུའི་ཐབས་ཆག་ཅིག་སྦྱངས་ནས་ཚུར་ལོག་སྟེ་ཕྱི་གླིང་བའི་སྡུག་འདྲེ་རྫུན་མ་ཞིག་བྱེད་མ་ཡོང་རོགས།

  རྒྱལ་ནང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཞིག་གིས། ༢༠༠༨ ༤ ༢༨ ལ།               
           
       
མ་རྩོམ་བོད་ཀྱི་ཡིག་སྒྱུར་ཁང་ནས་པར་སྐྲུན་འགྲེམས་སྤེལ་ཞུས་པའི<<རྒྱ་རིགས་ཤེས་ཡོན་པའི་སེམས་ནང་གི  ༣  ༡༠ བོད་ཀྱི་ངོ་རྒོལ་དོན་རྐྱེན>>ཞེས་པའི་ནང་འཁོད་ཡོད་པས་དེར་གཏུག་ན་འཐུས།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 2

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཀློག་བཞིན་སོང་དུས་འདྲ་མཉན་མིན་པའི་རྒྱ་ནག་སྲིད་གཞུང་གི་མངའ་འབུངས་རྒྱ་མི་ཞིག་གིས་རང་གི་མེས་རྒྱལ་གྱི་ཤི་གསོན་ཆེད་དུ་སྡུག་སྐད་འདོན་བཞིན་ཡོད་པ་ལས། མི་རིགས་གཞན་གྱིས་བདེ་སྡུག་ལ་འགན་འཁུར་ཡོད་པའི་སྐད་ཆ་དེ་འདྲ་ཡོད་སྣང་ཞེ་དྲག་སྟེར་གྱི་མི་འདུག་མོད། ཡིན་ཡང་བསམ་བློ་འདི་འདྲ་བོད་པ་ཚོས་རང་གི་མི་རིགས་ལ་གཏོང་ཐུབ་པ་ནས་ལག་ལེན་བྱེད་ཐུབ་པ་ཡིན་ན་ད་གཟོད་ཕན་ཐོག་ལོས་ཡོད།

    Reply
  2. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    ཧ་ཅང་ལེགས། ང་ཚོར་ཡང་གོ་རྒྱུ་ལོས་ཡོད། དེ་བས་ཀྱང་གཟབ་དགོས་པ་ཧ་ཅང་མང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese