མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་ང་བའི་ཡུལ་བྱོལ་ཐེངས་གཉིས་པ། ཚེ་ལྷ་མོ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

བསམ་གླིང་ཚེ་རིང་ལྷ་མོ། མ་སུ་རི་བོད་དགེ།

རྒྱ་ནག་དམར་པོའི་གདུག་རྩུབ་ལས་ཐར་ཏེ་བོད་རྒྱལ་ཁབ་ཀྱི་ལས་དབང་ལ་དཔུང་པ་མཉམ་གཤིབ་དང་ཁུར་མཉམ་ལེན་བྱེད་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཡོད་རྣམས་ལ་རང་གཞུང་གིས་སློབ་སྦྱོང་གི་གོ་སྐབས་གནང་བའི་རྗེས། དགུ་བཅུ་གསུམ་ཚོགས་པས་བདག་སྐྱོང་དང་མ་འོངས་པའི་མདུན་ལམ། ད་ལྟའི་འཚོ་ཐབས་བཅས་ལ་དགོངས་བཞེས་བཅས་ལས་སློབ་སྦྱོང་བྱ་སའི་ཁོར་ཡུག་སྐྲུན་པ་དང་ད་དུང་བོད་མི་རྒྱལ་གཅེས་པ་ཚོས་བོད་ནང་དཀའ་སྡུག་ཇི་ལྟར་མྱངས་པའི་སྐོར་གཏམ་བརྗོད་ལམ་ནས་འཁྲབ་སྟོན་བྱས་ཏེ་རྒྱ་ཆེའི་གཟིགས་མོ་བ་མང་པོའི་དགའ་བསུ་ཐོབ་ཡོད། འོན་ཀྱང་། འདི་ལོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ལ་འཁྲབ་སྟོན་བྱེད་པར་བསྐྱོད་རྗེས་ཁག་ཅིག་ཕྱིར་ལོག་མ་བྱས་པར་ཡུ་རོབ་རྒྱལ་ཁབ་ཁ་ཤས་ནང་སྐྱབས་བཅོལ་དུ་བསྡད་པའི་གནས་ཚུལ་དེ་དག་ཐོན་སྐབས་མི་མང་པོ་ཞིག་གིས་ཁོང་ཚོའི་སྐོར་ལ་ལབ་གླེང་བྱེད་མགོ་ཚུགས་ཤིང་། ཐ་ན་དགུ་བཅུ་གསུམ་ཚོགས་གཙོར་བཅར་འདྲིར་བསྐྱོད་པ་དང་ཡང་རླུང་འཕྲིན་ནང་རྒྱང་བསྲིངས་བྱས་པ། ཐ་ན་ཁོང་ཚོའི་འདྲ་པར་ཡང་དྲ་རྒྱའི་ཐོག་ལ་བཀོད་ནས་དཀའ་ངལ་སྤྲོད་ཐབས་བྱས་པ། བྲོས་ཡུལ་རྒྱལ་ཁབ་ཁག་ནང་གནས་བཟོད་མི་བདེ་བ་བཟོ་བ་སོགས་དགྲ་བོ་ལྟ་བུའི་སྡང་ཟུག་བྱེད་ཀྱི་ཡོད་པ་རེད། དེ་ནི་ང་ཚོས་རྒྱལ་གཅེས་དཔའ་བོ་ཚོར་བཅངས་པའི་གུས་བཀུར་དང་རྒྱུད་བདག་ཅིག་ཡིན་ནམ། མ་གཞི་ཁོང་ཚོ་ཚོགས་པའི་སྒྲིག་གཞི་དང་འགལ་ནས་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང་ཁོང་ཚོ་ཚང་མ་ཕྱིར་རྒྱ་གར་དུ་ལོག་ཀྱང་རང་ཉིད་གནས་བཅའ་སའི་གཞིས་ཆགས་མེད་ལ། རང་གི་འཚོ་གོས་ལ་འདང་རྒྱག་མེད་པའི་ལས་ཀ་མེད།  རང་གི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་གསོ་བ་དང་དེ་ཚོར་ཕན་ཐོགས་བྱེད་ཐུབ་ཐབས་མེད་ཁར། ད་བར་ཨོ་སི་ཊོ་ལི་ཡར་བསྐྱོད་རྒྱུའི་རྒྱན་ཁོངས་སུ་ཐེངས་ལྔ་དྲུག་ལ་ཞུགས་ཀྱང་རྒྱན་ཁོངས་མི་ཐོན་པ་ཤ་སྟག་ཡིན་སྟབས་ད་ཐེངས་དེ་འདྲ་ཞིག་མི་བྱེད་ཐབས་མེད་དུ་གྱུར་བ་ཡིན་ངེས། ད་ཆ་ཁོང་ཚོ་ཕྱི་རྒྱལ་དུ་སྡོད་པའི་གོ་སྐབས་ཀྱང་མེད་པའི་ཚོད་དུ་སླེབས་སུ་འཇུག་གིན་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད། གང་ཡིན་ཞེ་ན་སྒྲིག་གཞི་དང་འགལ་ནས་ཕྱི་རྒྱལ་དུ་སྡོད་མཁན་ཤིན་ཏུ་མང་པོ་བྱུང་ཡོད་པས་ཡིན། རང་གཞུང་ཤེས་ལྷན་ནས་སློབ་སྦྱོང་གི་ས་མིག་ཐོག་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་བཏང་བ་ནས་ཕྱིར་ལོག་མི་བྱེད་པར་སྡོད་མཁན་དེ་ལྟར་མང་པོ་བྱུང་ཡོད། ཁོང་ཚོ་མང་ཆེ་བ་ནི་རིག་སྟོབས་ལེགས་པའི་ཤེས་ཡོན་པ་དང་སློབ་མ་ཕུད་པའི་མང་ཆེ་བར་ལས་གནས་གཏན་འཇགས་ཡོད་པས་ཕྱིར་རྒྱ་གར་དུ་ལོག་ཀྱང་ལས་གནས་ཐོག་སེམས་ཁྲལ་བྱེད་དགོས་ཀྱི་མེད། འོན་ཀྱང་སྒྲིག་གཞི་དང་འགལ་ནས་ཕྱི་རྒྱལ་དུ་བསྡད་ཀྱང་སློབ་ཡོན་ཕྱིར་སློག་མཁན་མེད། ཡང་སྒོས་ཁོང་ཚོའི་སྐོར་རླུང་འཕྲིན་ནང་བྲོས་བྱོལ་བའི་མིང་འདོགས་མཁན་མེད་ལ་དྲ་རྒྱའི་ཐོག་འདྲ་པར་འགོད་མཁན་ཡང་མེད། ཤེས་ལྷན་དང་འབྲེལ་ཡོད་ཚན་པར་བཅར་འདྲི་བྱེད་མཁན་མེད་ལ། ལུགས་མཐུན་མ་ཡིན་པར་ཕྱིར་སྡོད་བྱ་ཡུལ་གྱི་རྒྱལ་ཁབ་ནང་ཁོང་ཚོར་ཚ་འདེད་བྱེད་མཁན་དེ་བས་མེད། ཁོང་ཚོས་མང་པོ་ཞིག་གིས་བོད་གཞུང་ལ་ཞབས་ཞུ་སྒྲུབ་རྒྱུ་ཁ་ལ་ཁྱེར་ནས་དོན་དངོས་ཐོག་རང་ཉིད་ཀྱིས་མི་གཞན་གྱི་རྐུབ་སྟེགས་བེད་སྤྱད་དེ་ཕྱི་རྒྱལ་དུ་རང་གི་འགྲོ་སོང་གཏོང་མི་དགོས་པར་གནས་སྡོད་བྱས་ཡོད།

    བོད་མི་ཆིག་སྟོང་ཨ་རིར་གནས་སྤོས་གྲས་སུ་བོད་གཞུང་ལ་གྲོན་དངུལ་སྐྱིན་འཚབ་སྤྲོད་མཁན་མ་བྱུང་ཡང་དེ་ལྟ་བུ་ངན་ཁག་དཀྲི་མཁན་གང་ཡང་བྱུང་མེད། ཡ་ང་བའི་བཙོན་ཟུར་བ་རྣམས་ནི་དེ་ལས་ལྡོག་སྟེ་བསྡད་ན་སྡོད་ཐུབ་ཐབས་བྲལ་བའི་གནས་སྟངས་འདི་ནི་རླུང་རྟ་ཆག་ན་ཁྱི་ལས་ཞི་མི་སྡང་ཞེས་པ་དེ་རང་རེད།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༢༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

མཆན། 6

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    བཀུར་འོས་སུད་སི་བོད་རིགས་ཚོགས་པའི་ལས་བྱེད་རྣམ་པ་ལགས་ལག་གང་སྔ་བྱོས་་་་
    སུད་སི་གཞུང་ལ་སྙན་སེང་ཞུས་་་་་ཉེན་རྟོག་པར་འབྲེལ་གཏུགས་བྱོས་་་་་་་་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཁྲིམས་ལ་སྦྱོར་་་་་
    ཁྱོད་ཚོ་དངོས་འཇོན་པོ་རེད་རྗེས་སུ་ཡི་རངས་ཡོད།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    སྤྱིར་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་རེད་འདུག། འོན་ཀྱང་དགུ་བཅུ་གསུམ་ཞེས་པ་ཚོགས་པ་ཞིག་ཡིན་དུས་ཚོགས་པ་དེ་དང་དེ་ལ་སྒྲིག་ཁྲིམས་ཞིག་དང་། སྒྲིག་ཁྲིམས་དེ་དང་དེ་ལ་སྲུང་བརྩི་དང་ལེན་མེད་ན་ཚོགས་པ་ཞིག་རྒྱུའི་ཉེན་ཁ་ཡང་ཡོད།

    Reply
  3. བདེ་འབྱུང་ says:
    ལོ་ 17 སྔོན།

    གསར་འགོད་པ་གསར་འབྱོར་ཕྱོགས་ནས་ལངས་ན་ཡག་པོ་མ་རེད། དྲ་གྲོགས་རྣམས་ཀྱིས་ཀྱང་སྐད་ཆ་དབུ་འཚོས་པོས་བགྲོ་གླེད་གནང་ན་བསམ། ཁྲིམས་འགལ་གྱི་ཕྱིར་སྡོད་བྱེད་པ་ལ་རིགས་མང་པོ་ཡོད་པ་རེད། ད་ཐེངས་ཀྱི་བྱེད་ཐབས་འདིས་བོད་སྤྱིའི་རྩ་དོན་ལ་གནོད་སྐྱེལ་ཡོད་པ་རེད།
    ད་སྔོན་ཆད་ནང་བཞིན་སྟག་སྣ་འཇིགས་མེད་བཟང་པོ་དང་། ཨ་ནེ་གཉིས་ལ་སོགས་པ་ནང་བཞིན་སུད་སི་མི་དམངས་ནས་རོགས་རམ་བྱེད་ཁག་པོ་རེད་བསམ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་ནི་སྐད་ཆ་བཤད་སྟངས་རྒྱུ་མཚན་ལྡན་པ་ཞིག་མ་རེད་ཟེར་ནས་སུས་ཀྱང་བཤད་ཐུབ་མེད་ཀྱང་། སྐད་ཆ་འདི་ལ་རྒྱབ་སྐྱོར་བྱས་དེ་དོན་དངོས་སྒྲུབ་མཁན་ནི་ཧ་ཅང་དཀོན་པོ་ཡིན།

    Reply
  5. ཡོན་བྷེ། says:
    ལོ་ 17 སྔོན།

    དངོས་གནས་བསམ་བློ་ཕྱོགས་ཡོངས་ལ་བཏང་འདུག མ་ཟད་འགན་ཁུར་ཅན་གྱི་སྐད་ཆ་ཞིག་ཀྱང་རེད། ཨ་ཅག་ཚེ་རིང་ལྷ་མོ་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་ཚང་མའི་ནང་ལ་རྫུན་མ་མང་བོ་ཡོད་རབས་ཐོས་མྱོང་ལ་དེ་འདྲའི་ལམ་ཁ་འདི་ཡག་པོ་རྩ་བ་ནས་མི་འདུག ཕྱི་རྗེས་ཡོད་མེད་གཉིས་ལ་ལམ་ཁ་འདི་སྤྲད་པ་ཡིན་ན་དམིགས་བསམ་ཞིག་ཆགས་ཀྱི་མ་རེད་སྙམ། རྗེས་ཕྱོགས་འབྲེལ་ཡོད་ནས་འདིའི་སྟེང་ལ་གཟབ་གཟབ་དང་ཞིབ་འཇུག་ངེས་པར་བྱེད་དགོས། ཡིན་ཡང་ཆེས་ཐབས་སྡུག་ས་ཞིག་ནས་བསམ་བློ་བཏང་ན་དེ་ལའང་གནད་འགག་ཆེར་མེད། གང་ཡིན་ཟེར་ན་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་ཡིན་མིན་ལ་མ་ལྟོར་པར་མི་དེ་ཡང་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་ངེས་རེད།

    Reply
  6. རུ་དམ་ལུང་གི་བུ།། says:
    ལོ་ 17 སྔོན།

    རྒྱུ་མཚན་འདུག འོན་ཀྱང་་་་་་་་་་་་་་་་་་་་་་་་་་་་་་།

    བྲོས་བྱོལ་བ་རྣམས་ལ་འགལ་རྐྱེན་ཆེ་བ་རེ་མ་འཕྲད་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese