མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་གནས་བབ་ཛ་དྲག་ཏུ་འགྱུར་གྱིན་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིར་འཛམ་གླིང་ཁོར་ཡུག་ཉིན་མོའི་འབོད་ཚིག་ནི། ང་ཚོའི་སའི་གོ་ལ་ཆེན་པོ་འདི་ལ་ང་ཚོ་དགོས་མཁོ་ཆེ་ལ། ང་ཚོས་ཆིག་སྒྲིལ་གྱི་ཐོག་ནས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱ་དགོས། དེ་ཡིན་ལ། བཙན་བྱོལ་བོད་གཞུང་གིས་ཀྱང་ཉིན་མོ་འདི་གལ་ཆེན་དུ་རྩིས་ཏེ། གོང་གི་འབོད་ཚིག་དེའི་འོག་ནས་བོད་ནང་གི་ཁོར་ཡུག་ཉམས་ཆག་དང་གནམ་གཤིས་འགྱུར་ལྡོག་ལ་ཐུགས་ཁུར་གྱི་བྱ་འགུལ་སྤེལ་ཡོད། 

ཕྱི་ཚེས་ ༥ ཉིན་གྱི་ཞོགས་པར་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་གོ་སྒྲིག་འོག གཞུང་ཞབས་ལས་བྱེད་ཆེ་ཕྲ་ཡོངས་ལ་གངས་སྐྱིད་གསོལ་ཐབ་ཐོག་ཁང་དུ་བོད་ནང་གི་ཁོར་ཡུག་ཉམས་ཆག་སྐོར་ངོ་སྤྲོད་དང་འབྲེལ་གློག་བརྙན་གཟིགས་འབུལ་ཞུས་ཡོད། སྐབས་དེར་དྲིལ་བསྒྲགས་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་མེ་འཁོར་ལྕགས་ལམ། གཏེར་ཁ་སྔོག་འདོན་བཅས་ཀྱི་ཛ་དྲག་གི་གནས་བབ་ཐད་བརྗོད་དོན། བར་སྣང་དུ་ནག་རྫས་རླངས་པ་ཊོན་ ༧༤༠༠ ལྷག་ཉར་ཡོད། བོད་ནང་གི་སྤང་ལྗོངས་དང་རྩྭ་ཐང་འཕྲོ་བརླག་ཏུ་ཕྱིན་ཏེ། གནམ་གཤིས་ཚ་རུ་སོང་བའི་དབང་གིས་རླངས་རྫས་དེ་རླུང་ཁམས་ལ་འདྲེས་ཏེ། ཚ་དྲོད་སྔར་བས་ཆེ་རུ་ཕྱིན་ཞིང་། མཚོ་སྔོན་པོ་དང་གནམ་མཚོ་གཉིས་གཙོས་པའི་བོད་ནང་གི་མཚོ་དང་མཚེའུ་མང་པོ་སྐམ་གྱིན་ཡོད། གངས་དང་ཁ་བའི་བཞུ་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད་སྟབས། ལོ་རེར་བོད་ནང་གི་གངས་རིའི་བརྒྱ་ཆ་ ༧ ཙམ་བཞུ་བཞིན་ཡོད་པ་དང། འབྱུང་འགྱུར་གྱི་ལོ་ ༣༠ ནང་གངས་རི་ཡོངས་རྩ་མེད་ཆགས་རྒྱུའི་ཉེན་ཁ་ཡོད། སྐབས་དེར་ཨེ་ཤ་ཡ་ཡོངས་ལ་ཆུའི་དཀའ་ངལ་འཕྲད་ངེས་པར་འདུག ཅེས་བརྗོད། 

ཁོས་མུ་མཐུད་དུ་མེ་འཁོར་ལྕགས་ལམ་སྐོར་གསུངས་དོན། རྒྱ་གཞུང་གིས་བོད་ཁུལ་དུ་མེ་འཁོར་ལྕགས་ལམ་བཟོས་རྗེས། ཨ་མདོར་ ༡༩༤༩ ལོར་མི་འབོར་ས་ཡ་ ༡ དང་ཚེག་ ༥ ཙམ་ལས་མེད་ཀྱང༌། ད་ཆར་མི་ས་ཡ་ ༥ ལྷག་ལ་འཕར་ཡོད། ན་གོར་མོར་མི་འབུམ་ ༢ ལྷག་ཡོད་པ་ལས་བརྒྱ་ཆ་ ༩༨ ཙམ་རྒྱ་ནག་ནང་ས་ནས་ཡོང་བ་རྐྱང་རེད། ང་ཚོས་ཞིབ་འཇུག་བྱས་པ་ལྟར་ན། ཉི་མ་རེར་མེ་འཁོར་བརྒྱད་རེ་བོད་ནང་ཡོང་གིན་ཡོད་པ་དང། མེ་འཁོར་རེར་མི་ལྔ་སྟོང་ལྷག་ཡོད་པ་ལས་ཕྱེད་ཙམ་ཕྱིར་ལོག་བྱེད་གི་མེད། ལྕགས་ལམ་གཡས་གཡོན་གྱི་མི་ཊར་ལྔ་ནས་དྲུག་ལྷག་གི་ས་ཆ་འཕྲོ་བརླག་ཏུ་ཕྱིན་འདུག ལྕགས་ལམ་དེའི་ཐད་ཨ་སྒོར་ཐེར་འབུམ་བཞི་ཚེག་གཉིས། ༤༠༠༠༠༠༠༠༠༠ བཏང་འདུག་ལ། ཁོར་ཡུག་གནོད་འགོག་ཆེད་ཨ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ ༡༩༠༠༠༠༠༠༠ བཏང་འདུག གཞིས་རྩེ་ནས་རྩེད་ཐང་བར་ལྕགས་ལམ་བཟོ་འཆར་འདུག ཅེས་གསུངས་བྱུང།

ཡང་ཁོང་གིས་བོད་ནང་གི་གཏེར་ཁའི་ཐད་གསུངས་དོན། རྒྱ་གཞུང་གིས་ལྕགས་ལམ་འདི་དག་བེད་སྤྱད་དེ་ཨ་སྒོར་ཐེར་འབུམ་བརྒྱ་དང་ཉེར་བརྒྱད་ ༡༢༨༠༠༠༠༠༠༠༠༠ ལྷག་གི་གཏེར་ཁ་སྐྱེལ་འདྲེན་བྱ་རྒྱུའི་སྔོན་རྩིས་བརྒྱབས་འདུག གཞིས་རྩེ་ས་ཁུལ་ནས་གཏེར་ཁ་ཊོན་ས་ཡ་ཉི་ཤུ་ ༢༠༠༠༠༠༠༠ ལྷག་རྙེད་སོན་བྱུང་འདུག ལོ་རྗེས་མ་ནས་བསྔོག་འདོན་བྱ་རྒྱུ་རེད། གཏེར་ཁ་ཊོན་གཅིག་འདོན་པར་ས་སྙིགས་ཊོན་ ༡༢༥ ལྷག་འདོན་དགོས། གཏེར་ཁུངས་མང་ཆེ་བ་ཡར་ཀླུང་གཙང་པོའི་གཡས་གཡོན་ཡིན་སྟབས། བཙོག་སྙིགས་ཡོངས་ཡར་ཀླུང་གཙང་པོར་བཞུར་རྒྱུ་རེད།

དེ་བཞིན་ཉེ་ཆར་ཁམས་ཁུལ་དུ་གཏེར་ཁུངས་ཐད་རྙོག་དྲ་ཆེན་པོ་བྱུང་སྟེ། མི་དམངས་ལྔ་བརྒྱ་ལྷག་གིས་ངོ་རྒོལ་བྱས་ཡོད་ཀྱང་། མཐར་ཁོར་ཡུག་ལ་མི་གནོད་པ་དང་མི་དམངས་ལ་གྱོང་མི་ཕོག་པ་ཞིག་གི་འོག་ནས་གཏེར་ཁ་བསྔོག་རྒྱུ་ཐག་གཅོད་བྱས་འདུག ཨ་མདོའི་ས་ཁུལ་ཞིག་ནས་སྣུམ་རིགས་ཊོན་ཐེར་འབུམ་སུམ་བརྒྱ་ ༣༠༠༠༠༠༠༠༠༠༠༠ ལྷག་རྙེད་སོན་བྱུང་འདུག སྣུམ་རིགས་ཀྱི་གཏེར་ཁ་འདོན་སྐབས་རྫས་ནུས་ཤུགས་ཅན་ཞིག་སའི་འོག་ལ་བསྐྱལ་ཏེ། རྫས་དེའི་ནུས་ཤུགས་ཀྱིས་སྣུམ་བཙུར་འདོན་བྱེད་ཀྱིན་ཡོད། རྫས་དེ་ཆུར་འདྲེས་བས་ནད་རིགས་སྣ་ཚོགས་སྐྱེད་ཀྱིན་ཡོད། ཞེས་གསུངས་སོང།

 

དེའི་རྗེས་བུ་མོ་ཆོས་སྐྱིད་ལགས་ཀྱིས་བོད་ཀྱི་རྩྭ་ཐང་དང་རྒྱུགས་ཆུའི་སྐོར་ལ་གསུངས་དོན། བོད་ཀྱི་རྩྭ་ཐང་འཕྲོ་བརླག་ཏུ་འགྲོ་བར་རྒྱུ་རྐྱེན་ཁ་ཤས་ཡོད། དང་པོ། སྔོན་མ་མའོ་ཡི་སྐབས་ནས་འབྲོག་པའི་རྩྭ་ཐང་མང་པོ་ཞིང་ཁར་བསྒྱུར་ཏེ་བརྐོ་སློག་བྱས་པ་དང༌། གཉིས་པ། གཏེར་ཁ་སྔོག་འདོན་གྱིས་རྩྭ་ཐང་འཕྲོ་བརླག་ཏུ་བཏང་བ། གསུམ་པ། རྩྭ་ཐང་ལ་ལྕགས་དྲ་བསྐོར་བ་དང་གཏན་འཇགས་གནས་སྤོ་བྱེད་པ་བཅས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་པ་ཞིག་གི་ ༢༠༠༧ ལོའི་སྙན་ཐོ་ནང་། ལོ་རེར་བོད་ཀྱི་རྩྭ་ཐང་སྤྱི་ལེ་གྲུ་བཞི་མ་ ༢༠༠༠ ལྷག་ཕྱེ་ཐང་དུ་འགྱུར་བཞིན་ཡོད་ཚུལ་བཀོད་འདུག སྤྱི་ལོ་ ༡༩༩༧ ལོར་ཨ་མདོ་མཚོ་སྔོན་པོའི་གཡས་གཡོན་དུ་ཕྱེ་ཐང་སྤྱི་ལེ་གྲུ་བཞི་མ་ ༥༠༠ ཙམ་ཡིན་ཡང། ༢༠༠༤ ལོར་སྤྱི་ལེ་གྲུ་བཞི་མ་ ༨༠༠ ལྷག་ལ་འཕར་འདུག ཁྱོན་བསྡོམས་ལོ་རེར་སྤྱི་ལེ་གྲུ་བཞི་མ་ ༦༠ ལྷག་ཕྱེ་ཐང་དུ་འགྱུར་བཞིན་འདུག

གཞན། རྩྭ་ཐང་ལ་ལྕགས་ར་བསྐོར་བ་དེས་རི་སྐྱེས་སྲོག་ཆགས་གཙོད་དང་རྒོ་བར་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད། རི་དྭགས་དེ་དག་ཕར་རྒྱུག་ཚུར་རྒྱུག་སྐབས་ལྕགས་དྲར་ཐོགས་ཏེ་ཤི་སྐྱོན་འབྱུང་གིན་ཡོད་འདུག རྒྱལ་སྤྱིའི་ཉམས་ཞིབ་སྙན་ཐོ་ཞིག་ཏུ་ ༢༠༠༣ ལོར་བོད་ཀྱི་རྒོ་བ་ ༦༠༠ ཙམ་ལས་ལྷག་མེད་ཚུལ་བཀོད་འདུག རྒྱ་གཞུང་གིས་ཨ་དྲས་རྩྭ་ཐང་ལ་གནོད་སྐྱོན་བཟོས་པར་ངོས་འཛིན་བྱས་ཏེ། ཨ་དྲ་མང་པོ་གསོད་ཀྱིན་ཡོད་མོད། ནུབ་ཕྱོགས་ཀྱི་ཆེད་མཁས་པས་ཨ་དྲས་རྩྭ་ཐང་སྲུང་སྐྱོབ་ལ་ཕན་གྱིན་ཡོད། ཨ་དྲས་ས་དུང་བརྐོས་ཏེ་ས་སོབ་སོབ་བཟོས་ན་རྩྭའི་སྐྱེ་སྟོབས་བཟང་ཞིང་། ཨ་དྲས་བྲུས་པའི་རྩྭ་རྩད་ལས་བྱ་རིགས་མང་པོ་འཚོ་བ། དེ་བཞིན་ཨ་དྲ་སེམས་ཅན་གཞན་གྱི་ཁ་ཟས་བྱས་ཏེ། དོམ་དང་རི་སྦྱང་སོགས་ཀྱི་འཚོ་སྡོད་ལ་ཕན་གྱིན་ཡོད་ཟེར།  

ཡང་ཁོ་མོས་བོད་ནང་གི་ཆུའི་སྐོར་བརྗོད་དོན། རྨ་འབྲུ་རྫ་གསུམ་མགོ་ཁུངས་ཀྱི་འབྲོག་དམངས་སྟོང་ཕྲག་བརྒྱ་ཙམ་ལོ་རྗེས་མ་གནས་སྤོ་བྱ་འཆར་འདུག རྒྱ་ནག་གིས་ད་བར་བོད་ནང་གཞིས་ཆགས་གསར་བ་ ༣༥ ཙམ་བརྒྱབས་ཟིན་འདུག་ལ། གཞིས་ཆགས་ ༥༡ ཙམ་ད་ལྟ་རྒྱག་བཞིན་པ་རེད། དེ་དག་ལ་ཆུའི་དཀའ་ངལ་དང་དཔལ་འབྱོར་ཐོན་ཁུངས་ཀྱི་དཀའ་ངལ། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་སོགས་འཕྲད་ཀྱིན་འདུག་ལ། ཆུ་རག་རྟོག་ཞིབ་ཚོགས་པ་ཞིག་གི་སྙན་ཐོའི་ནང༌། འཛམ་གླིང་ཁྱོན་ཡོངས་སུ་ཆུ་རག་ཆེན་པོ་ ༤༥༠༠༠ ཡོད་པ་ལས། ༢༣༠༠༠ ལྷག་རྒྱ་ནག་ནང་ཡོད། ༡༩༤༩ ལོའི་གོང་དུ་རྒྱ་ནག་ནང་ཆུ་རག་ ༢༢ ལས་མེད་སྟབས། བསྡོམས་རྩིས་བྱས་ན་ཉིན་རེར་ཆུ་རག་གཅིག་རེ་རྒྱག་གིན་ཡོད། ཅེས་བཀོད་འདུག

 

རྨ་ཆུ་ཉུང་དུ་སོང་སྟེ་རྨ་ཆུའི་བཞུར་རྒྱུན་དུ་ཡོད་པའི་རྒྱ་ནག་ཧྲན་ཏུང་དང་པེ་ཅིན་སོགས་བཟོ་གྲྭ་དང་མི་འབོར་མང་བའི་ས་ཁུལ་དག་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། འབྲི་ཆུ་ཕྱོགས་གསུམ་ནས་འདྲེན་འཆར་ཡོད་འདུག ཉེ་ཆར་རྒྱ་ནག་གི་ཚོགས་འདུ་ཞིག་གི་སྟེང་ནས་འབྲི་ཆུའི་སྟོད་དུ་ཆུ་རག་ ༢༠ ལྷག་བརྒྱག་རྒྱུ་ཐག་གཅོད་བྱས་འདུག་ལ།

དེ་བཞིན་ཡར་ཀླུང་གཙང་པོར་ཆུ་རག་མང་པོ་བརྒྱག་རྒྱུའི་ཉེན་ཁ་ཆགས་ཡོད། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་སྙན་ཐོའི་ནང། བོད་ཀྱི་སེང་གེ་གཙང་པོ་དེ་རྒྱ་གར་བརྒྱུད་པཱ་ཀི་སི་ཐན་ནང་བཞུར་གྱིན་ཡོད། རྒྱ་ནག་གིས་སེང་གེ་གཙང་པོར་ཆུ་རག་རྒྱག་གིན་ཡོད་པ་པཱ་ཀི་སི་ཐན་གཞུང་གིས་ཤེས་མེད་ཀྱང། ཉེ་ཆར་དབྱིན་ཇི་བ་ཞིག་གིས་སེང་གེ་གཙང་པོའི་མགོ་ཁུངས་ནས་རྒྱ་མཚོར་འབབ་པའི་བར་ཞིབ་འཇུག་བྱས་ཏེ། རྒྱ་ནག་གི་ཆུ་རག་དངོས་སུ་མཐོང་སྟེ་པར་བརྒྱབས་འདུག ཅེས་ངོ་སྤྲོད་གནང་བྱུང་།

༼འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ། གོང་གི་པར་ཡོངས་རྫོགས་ཕྱི་དྲིལ་ཁོར་ཡུག་རྟོག་ཞིབ་སྡེ་ཚན་ནས་འདི་གའི་གསར་འགོད་པར་མཁོ་སྤྲོ་བྱས་བ་ཡིན།༽

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 10

  1. seartsang jamyang says:
    ལོ་ 16 སྔོན།

    རང་གཞན་ཀུན་ལ་འདི་ཕྱི་གཉིས་ལ་དོན་ངོ་མའི་བདེ་བ་ཞིག་
    འདོད་ན་རང་རིགས་སྤུན་ཟླ་རྒན་དར་གཞོན་གསུམ་ཚང་མས་དྭངས་གཙང་གི་
    ཁོར་ཡུག་ལ་བདག་གཅེས་གང་ཡག་གནང་རོགས་ཞུ།།
    ཁ་དྲོ་བཀྲ་ཤིས་བདེ་ལེགས་

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    རྡ་རམ་ས་ལ་ན་ང་ཆེས་མི་དགའ་སའི་ཚོགས་པ་རེ་ཡོད་པ་དེ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཟེར་བ་དེ་ཚོ་རེད། འདི་ང་ཚོ་ལ་དགོས་པ་ཞིག་མ་རེད། སྤྱིར་བཏང་ཁོར་ཡུག་སྲུང་སྐྱོབ་ལས་གལ་ཆེ་བ་ཞིག་མེད་མོད བོད་ཀྱི་ཁོར་ཡུག་ཅིག་ཅིག་མིག་མིག་བཤད་འདུག་པ་མ་གཏོགས་བོད་ས་ལ་གོམ་པ་གང་སྤོ་མི་ཐུབ་མཁན་ཤ་སྟག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ག་འདྲ་བྱེད་དགོས་པ་རེད། རྡ་རམ་ས་ལའི་ཁོར་ཡུག་སྲུང་སྐྱོབ་རེ་བྱེད་ཀྱིན་ཡོད་ན་གནས་ཚུལ་ལོག་ཀ་རེད། དེ་ནི་བྱེད་ཀྱིན་མི་འདུག དེ་ལ་ལྟོས་ན་བློ་བཟང་དབང་རྒྱལ་གྱི་བོད་ཀྱི་མཛངས་མའི་ལས་གཞི་འདིས་ལོ་རེ་བཞིན་བོད་མི་རེ་ལ་སྒོར་འབུམ་ཕྲག་དང་ཁྲི་ཁྲག་བྱས་ནས་སྤྲོད་ཀྱིན་ཡོད་པས་ཅུང་བཟང་།

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 17 སྔོན།

    སྐྱེས་པའི་མཐའ་མ་འཇིག་པ་ཡིན་ཟེར་བ་ཡིན་ཚོད་འདུག་ཀྱང་ཞིང་ཁམས་འདི་ཡུལ་ཁམས་གཞན་དག་ལས་ཅུང་ཟད་དྲག་གི་རེད། གང་ཡིན་གསུང་ན་བོད་ཀྱི་ཡུལ་ལ་གནས་རི་མང་པོ་ཡོད་པས་རི་དེ་ཚོའི་ནང་དུ་མཆོད་གནས་མང་པོ་ཡོད་པ་ཡིན་དུས། ག་རེ་ཡིན་ཡང་ཁོང་ཚོས་ཏན་ཏན་འགོག་རྒོལ་བྱེད་ངེས།

    Reply
  4. ལྷ་་སྤྱན་གསུམ་པ says:
    ལོ་ 17 སྔོན།

    འོ་ རེ ངོ་མ་བདེན་གི རང་རང་གི་འཁོར་ཡུག་འདི་རང་རང་གི་བདག་སྐྱོང་བྱེད་དབང་ཙམ་ཡང་མེད་པ་དེ་ནི་ང་ཚོའི་བོད་མི་ལ་རྒྱ་དམར་གྱིས་གནང་བའི་སྙིང་ནད་རེད

    Reply
  5. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    གསར་འགྱུར་འདི་ལྟ་བུ་སྤེལ་ན་རིན་ཐང་ཆེན་པོ་འདུག ལྟ་རྒྱུ་ཀློག་རྒྱུ་གཉིས་ཀ་འདུག ཤེས་བྱ་འདུག སློབ་གསོ་འདུག ལས་འགུལ་འདུག དུས་བབ་ཚང་མུ་མཐུད་ནས་འདིའི་རིགས་ལ་འབད་རོགས།

    Reply
  6. གངས་ཕྲུག says:
    ལོ་ 17 སྔོན།

    འོ་འགྲིགས་སོང་། ནོར་ཝེ་རླུང་འཕྲིན་ནས་དེ་རིང་བཀའ་ཁྲི་རང་ལ་བཅར་དྲི་ཞུས་འདུག་པར་ཉེན་རྒྱུ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ། དུས་བབ་ལ་རེ་བ་ཆེན་པོ་བཅོལ་ཡིན་ལ་ཁེ་ས་རེ་བ་ཡང་ཞུས་ཡིན། རེ་བ་སྟོང་ཟད་རང་རེད།

    Reply
  7. འཁྱམས་པོ། says:
    ལོ་ 17 སྔོན།

    འདི་ནི་ཆེས་འཇིགས་སྣང་དང་ཉེན་ཁའི་གནས་སུ་ལྷུང་པའི་བོད་གངས་ཅན་པ་རེད། ད་ནས་བཟུང་སྟེ་ལོ་ངོ་༤༠རྗེས་ནས་ང་ཚོའི་མིང་སྟེང་གི་གངས་ཅན་ཞེས་པ་དེར་ཡང་མཇུག་བདེ་གཏོང་མི་དགོས་པས་ངེས་པ་མི་འདུག
    ད་ཅི་བྱ་་་་་་་་

    Reply
  8. གངས་ཕྲུག says:
    ལོ་ 17 སྔོན།

    ཨོ་་་་་གང་ཡིན་ནམ། ཕྱེད་ཀ་ལས་མངོན་གྱི་མི་འདུག །

    Reply
  9. གངས་ཕྲུག says:
    ལོ་ 17 སྔོན།

    དུས་བབ་ནས་བཀའ་ཁྲིའི་དགོངས་ཞུའི་ཁྲོལ་ཆ་མ་བྱུང་བའི་བསྐོར་ལ་གནས་ཚུལ་མཁོ་འདོན་གནང་རོགས་ཞུ་རྒྱུ་ཡིན།
    རོབ་ཙམ་ཞིག་ཤེས་པར་ཉེ་སྔོན་ཞིག་ལ་བཀའ་ཁྲི་མཆོག་ནས་༧སྐྱབས་མགོན་རྒྱལ་བའི་དབང་པོར་དགོངས་ཞུ་ཕུལ་ཡང་དགོངས་འཁྲོལ་མ་བྱུང་བ་ཞིག་ཤེས་སོང་ཡང་རྒྱུ་མཚན་གང་ལ་བརྟེན་ནས་དགོངས་པ་ཞུས་པ་ཡིན་ནམ་ཤེས་མ་སོང་ལ་གློ་བུར་གནས་དོན་དེས་རེ་ཞིག་ཧོན་འཐོར་ནས་ལུས་སོང་།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གངས་རི་ར་བའི་བསྐོར་བའི་ཞིང་ཁམས་ཟེར་ནས་བོད་མི་མང་གིས་སྨོན་པ་དང་ཡིད་ཆེས་དག་སྣང་སྤྱོང་སའི་གངས་དཀར་དེ་དག་ལོ་ངོ་སུམ་བཅའི་རྗེས་སུ་མཐོང་མི་ཐུབ་པ་ཆགས་ཉིན། གངས་རིའི་བུ་རྒྱུད་དག་ཡང་རྒྱ་རིགས་ཆེན་པོའི་ནང་དུ་འཐིམ་འགྲོ་བར་དོགས་པ་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese