མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཆོག་ཡུ་རོབ་རྒྱལ་ཁབ་གསུམ་ནང་ཕེབས་སྐྱོད་ཀྱིས་རྒྱལ་ཁབ་ཁག་གི་དབུས་དང་ས་གནས་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་སྟེ། བོད་པའི་རྩ་དོན་འཐབ་རྩོད་གནང་ཕྱོགས་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་འཚོལ་སྒྲུབ་གནང་ཡོད།

 

ཟླ་སྔོན་མའི་ཕྱི་ཚེས་ ༡༥ ནས་ ༢༩ ཉིན་བར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡུ་རོབ་ཀྱི་རྒྱལ་ཁབ་ཧོ་ལན་ཌི་དང་ཧྥ་རན་སི། ཨི་ཊ་ལི་བཅས་སུ་ཕྱོགས་སྐྱོད་ཀྱིས་མཛད་འཆར་གྲུབ་སྟེ། ཕྱིར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་མ་ཐག འདི་གའི་གསར་འགོད་པས་ཁོང་ལ་ཐེངས་འདིའི་ལས་དོན་ཁག་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། སྔོན་མ་ནས་བཀའ་ཤག་དང་སྐུ་ཚབ་དོན་གཅོད་ཁག་གིས་ཕྱི་རྒྱལ་ཁག་གི་གྲོས་ཚོགས་ལ་འབྲེལ་བ་གནང་གིན་ཡོད་ལ། ད་ལོའི་སྤྱི་ཟླ་ ༣ པའི་སྤྱི་འཐུས་གྲོས་ཚོགས་ནང༌། ༧གོང་ས་མཆོག་གིས་ཕྱི་རྒྱལ་ཁག་གི་དབུས་དང་ས་གནས་གྲོས་ཚོགས་ལ་འབྲེལ་བ་འཛུགས་རྒྱུའི་རྐང་འགན་སྤྱི་འཐུས་གྲོས་ཚོགས་ཀྱིས་འཁྱེར་དགོས་སྐོར་གསུངས་པ་ལྟར། ཕྱི་རྒྱལ་ཁག་གི་དབུས་དང་ས་གནས་གྲོས་ཚོགས་ནང་ང་ཚོ་ཕར་བཅར་དགོས་པ་དང་ཁོང་ཚོ་ཚུར་གདན་ཞུ་གནང་དགོས་པ་བཅས་ཀྱི་ལས་རིམ་ཞིག་སྔོན་མ་ནས་སྒྲིག་ཡོད་པ་ལྟར་ང་ཡུ་རོབ་ལ་ཕྱིན་པ་ཡིན། འབྱུང་འགྱུར་སྤྱི་ཟླ་ ༧ ནང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་འདིར་ཕེབས་ཀྱིན་ཡོད། སྤྱི་ཟླ་ ༩ ནང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་འཐུས་མི་ཁག་ཅིག་འདིར་ཕེབས་ཀྱིན་ཡོད་ལ། ལོ་རྗེས་མའི་སྤྱི་ཟླ་ ༣ ནང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཕེབས་རྒྱུ། དེ་བཞིན་ནོར་ཝེའི་གྲོས་ཚོགས་དང་ཧྥ་རན་སིའི་གྲོས་ཚོགས་འོག་མའི་སྐུ་ཚབ་བཅས་ཀྱང་རིམ་པ་བཞིན་ཕེབས་རྒྱུའི་ལས་རིམ་སྒྲིག་ཡོད། ཅེས་དང༌།

 

མུ་མཐུད་ཐེངས་འདིའི་མཛད་འཆར་ཁག་ངོ་སྤྲོད་གནང་དོན། ང་ཡུ་རོབ་ལ་འགྲོ་དོན་གཞན་ཞིག་ནི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙས་ཏེ་ལོ་བཅུ་འཁོར་བའི་མཛད་སྒོར་མགྲོན་འབོད་བྱས་པ་དང༌། གཉིས་ནས་ཉེ་ཆར་སྤྱི་ཟླ་ ༣ ནང་ཨི་ཊ་ལིའི་ཐུ་རེ་དེའུ་མོའི་གྲོས་ཚོགས་འཐུས་མི་ཁག་ཅིག་འདིར་ཕེབས་ཏེ། ཚོགས་གཙོ་ཕར་བཅར་ན་ཡག་པོ་ཡོད་སྐོར་གསུངས་པ་ལྟར་ཕྱིན་པ་ཡིན། ཕྱི་ཚེས་ ༡༦ ཉིན་ཧོ་ལན་ཌིར་འབྱོར་ཏེ་ཚེས་ ༡༧ ཉིན་ཧོ་ལན་ཌའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོར་ཞུགས་པ་ཡིན། ཁོ་རང་ཚོའི་སྒྲིག་འཛུགས་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་དུ། འགྲོ་གྲོན་གཏོང་རྒྱུའི་ཡོང་དམིགས་ཐད་ཧོ་ལན་ཌིར་ཚོགས་མི་ཁྲི་དྲུག་ ༦ ཙམ་ཡོད་པ་རེད། ཐེངས་འདིར་ཚོགས་མི་ ༩༠༠ ཙམ་འཛོམས་འདུག་ལ། ངས་མཛད་སྒོའི་སྟེང་བོད་དོན་སྐོར་ལ་གཏམ་བཤད་ཅིག་བྱས་པ་ཡིན། དེ་རྗེས་ཧོ་ལན་ཌིའི་བོད་རིཌ་ཚོཌ་པར་ཐུག་འཕྲད་བྱས་པ་ཡིན། ཅེས་དང༌།

 

དེ་ནས་ཧྥ་རན་སིར་བསྐྱོད་དེ་གྲོས་ཚོགས་གོང་མའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང༌། གྲོས་ཚོགས་འོག་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། དེ་བཞིན་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ལ་ཐུག་འཕྲད་བྱས་ཏེ། ཧྥ་རན་སི་དང་རྒྱ་ནག་གི་འབྲེལ་བ། ཧྥ་རན་སིའི་ནང་ང་ཚོ་བཙན་བྱོལ་གཞུང་དང་དམངས་ཀྱི་གནས་བབ་གང་འདྲ་ཆགས་ཀྱིན་ཡོད་མེད། རྒྱ་ནག་གི་འགྱུར་བའི་འོག་ནས་ཧྥ་རན་སིས་བོད་དོན་ཐོག་རྒྱབ་སྐྱོར་གང་འདྲ་དགོས་མིན་བཅས་ལ་བཀའ་བསྡུར་ལྷུག་པོ་བྱུང་སོང།

 

 

དེ་ནས་ཨི་ཊ་ལིར་ཕྱིན་ཏེ་སྔོན་མ་ནས་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་རང་སྐྱོང་ས་ཁུལ་ཁག་གཉིས་ཀྱི་འཛིན་སྐྱོང་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་དང༌། རང་སྐྱོང་ས་ཁུལ་གཉིས་ཀྱི་ཐུན་མོང་གི་གྲོས་ཚོགས་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་འཐུས་མི་གཞན་དག་བཅས་ལ་ཐུག་འཕྲད་བྱས་ཏེ། གཙོ་བོ་ཆབ་སྲིད་སྐོར་ལ་གོ་བསྡུར་བྱས་པ་ཡིན་ལ། ཞོར་དུ་ཁ་ཡོད་ལག་ཡོད་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་འཐབ་རྩོད་འདི་རྒྱུན་གནས་ཐུབ་ཐབས་སུ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ཟེར་བ་ལྟར། གཞི་རིམ་མང་ཚོགས་ཀྱི་དམངས་གཙོའི་གོ་རྟོགས་གོང་མཐོར་གཏོང་སླད། ད་ལྟ་སྤྱི་འཐུས་རྣམས་བགོ་བཤའ་བརྒྱབས་ཏེ་ས་གནས་ཁག་ལ་གཟིགས་སྐོར་དུ་ཕེབས་ཀྱིན་ཡོད་ལ། རྒྱ་བལ་གཉིས་ནང་ས་གནས་འཐུས་ཚོགས་ཁག་ ༣༩ ཙམ་ཡོད་པ་དེ་དག་གི་ལས་ཀ་ཚགས་ཚུད་ཡོང་མིན་དང༌། ཟབ་སྦྱོང་རིགས་ཀྱི་སྐབས་སུ་ཚོགས་ཁང་མེད་པ། ཚོགས་ཁང་ཡོད་ཀྱང་མཐུན་རྐྱེན་མི་འཛོམས་པ་སོགས་ཀྱི་དཀའ་ངལ་ཡོད་སྟབས། ཐེངས་འདིར་ཨི་ཊ་ལི་སོ་ཌེ་རོལ་གྱི་སྲིད་འཛིན་ལ་འབོད་སྐུལ་ཞུས་དོན་ལྟར། འབྱུང་འགྱུར་གྱི་ལོ་གསུམ་ནང་ལོ་རེར་ཚོགས་ཁང་བཅུ་རེ་དང། ཚོགས་ཁང་རེར་ཡུ་སྒོར་བདུན་སྟོང་ནས་ཆིག་ཁྲིའི་བར་གྱི་དཔལ་འབྱོར་མཐུན་རྐྱེན་སྦྱར་རྒྱུ་ཁས་ལེན་གནང་སོང༌། དེ་བཞིན་དམངས་གཙོའི་འཕེལ་རིམ་ཐོག་ལ་ལས་རིམ་ཁག་ཅིག་སྒྲིག་ཡོད།

 

དེ་ནས་ཨི་ཊ་ལིའི་རོམ་དུ་ཕྱིན་ཏེ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་གཉིས་དང༌། གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་རྒན་པ་ཁག་ཅིག་བཅས་ལ་མཇལ་ཏེ། འབྱུང་འགྱུར་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ལ་གྲོས་བསྡུར་གནང་བ་ཡིན་ལ། དེ་དང་མཉམ་དུ་ད་ལོའི་གསུམ་བཅུའི་དུས་དྲན་སྐབས། ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཐོག་གྲོས་ཆོད་གལ་ཆེན་བཞག་པར་ཐུགས་རྗེ་ལེགས་གསོལ། ལོ་རྗེས་མར་ཁོང་ཚོའི་འཐུས་མི་འདིར་ཕེབས་སྐབས་ཀྱི་ལས་དོན་བཅས་ལ་བཀའ་མོལ་གནང་བ་ཡིན། ཕྱི་ཚེས་ ༢༩ ཉིན་ཕྱིར་ལོག་པ་ཡིན། ཞེས་གསུངས་བྱུང༌།

 

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ངོ་མ་ཨ་མའི་བུ་རེད་ཤེས་འཇོནགཉིས་ལྡན་རེད་། འོན་ཏང་ཁོ་དང་ཁོ་ལྟ་བུའི་བོད་ཀྱི་སྲོག་རྩ་སྟེ་རིག་གཞུང་གི་རིན་ཐང་མི་ཤེས་ལ་བོད་ནང་གི་གནས་སྟེངས་དངོས་དེ་བས་ཀྱང་མི་ཤེས་སོ། དེའི་ཕྱིར་བོད་མི་རིགས་ཀྱི་ཆགས་འཇིག་ལ་ཛ་དྲག་གི་སེམས་འཁྲལ་མེད་པས་འདི་ལྟ་བུ་བཀའ་བློན་ཁྲི་བར་བསྐོས་ན་གཞིས་བཞུགས་བོད་མི་བསམ་བཞིན་འཆི་ལམ་ལ་བརྫངས་བ་ལས་མེད། བཀའ་ཟུར་བློ་བཟང་སྙན་གྲགས་དང་མཁས་དབང་བློ་བཟང་སེང་གེ་སོགས་ཀྱང་དེ་ལས་མ་འདས།

    Reply
  2. རི་བོང། says:
    ལོ་ 17 སྔོན།

    ་བོད་ཀྱི་མཛང་མི་སྤེན་པ་ཚེ་རིང་ལགས།ལོ་རྗེས་མའི་བཀའ་ཁྲིའི་འོས་དམིགས་ལ་ཕེབས་རོགས།་་་རྒྱབ་སྐྱོར་ཡོད།

    Reply
  3. ཟུར་མཁར་ says:
    ལོ་ 17 སྔོན།

    ཨ་མའི་བུ། ཚོགས་གཙོ་སྔོན་མའི་ལམ་ཁར་མ་སོང་བ་ལ་ཐུགས་རྗེ་ཆེ། ཡིན་ནའང་ཟམ་གདོང་བླ་མའི་ཨབ་ཕྲུག་རྐྱང་རྐྱང་མ་འཁྲབ་རོགས། རྗེས་མའི་བཀའ་ཁྲི་ལ་འབད་བརྩོན་གནང་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese