མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་ཁ་སྣེ་ལྕེ་སྣེ་ན་འདུག ཁྲིན་ཕོ་ཁུང་།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་བཙན་ཁ་ནས་མི་གཏོང་བ་དེ། ཀྲུང་ནན་ཧེ་ཡི་བཤད་སྟངས་ཤིག་ཡིན་ནམ།

ཁྲིན་ཕོ་ཁུང་།
ཚེ་རིང་རྒྱལ་གྱིས་བསྒྱུར།

དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བའི་སྐབས་སུ། ཀྲུང་གུང་དམར་དམག་གིས་བོད་མདོ་ཁམས་ཀྱི་མཐའ་མཚམས་ནས་སྲོག་བྱོལ་བྱེད་སྐབས། བོད་ཀྱི་ས་ཁོངས་སུ་འཛུལ་མྱོང་བར་མ་ཟད། བོད་མིའི་ལག་ནས་ཟ་འཐུང་ལྟོ་གོས་དང་སྡོད་གནས་སོགས་གཡོ་བསླུ་བྱས་ཡོད། དེར་བརྟེན་མའོ་ཙེ་ཏུང་གིས་ཀྱང་། “ང་ཚོས་བོད་མི་རིགས་ཀྱི་ལག་ནས་མཁོ་དངོས་རིགས་མི་འཁྱེར་ཐབས་མེད་དུ་གྱུར་རྐྱེན། རྗེས་ནས་ངེས་པར་དུ་བུ་ལོན་འཇལ་དགོས” ཞེས་དང་། “དེ་ནི་ང་ཚོས་ཕྱིའི་རྒྱལ་ཁབ་ལ་ཆད་པའི་བུ་ལོན་གཅིག་པུ་དེ་ཡིན” ཞེས་བཤད་ཡོད་པ་དེས་ཀྱང་། སྐབས་དེར་མའོ་ཙེ་ཏུང་ཁོ་རང་ཉིད་ཀྱིས་ཀྱང་བོད་ནི་ཕྱིའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་གསལ་ཡོད།

ཕྱི་ལོ་ ༡༩༤༩ ལོར། ཀྲུང་གུང་དམར་དམག་གིས་བོད་ཀྱི་ས་ཁོངས་ལ་བཙན་འཛུལ་བྱས་རྗེས། བོད་གཞུང་གི་ངོས་ནས་ “གྲོས་ཆོད་དོན་ཚན་བཅུ་བདུན” ངོས་ལེན་གྱིས་ཆིངས་ཡིག་བཞག་པ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང། ཆབ་སྲིད་བཅས་ལ་དམིགས་བསལ་ལྡན་པའི་སྒོ་ནས། བོད་རྒྱའི་དབར་ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཀྱི་སྲིད་བྱུས་གསར་བ་ཞིག་འཛུགས་རྒྱུ་ཁས་ལེན་བྱས་པ་རེད། ཡིན་ནའང་། ཀྲུང་གུང་རང་ཉིད་ནས་བཙན་གྱིས་གཏན་ལ་ཕབས་ཤིང་། “བཙན་དབང་གི་འོག” ནས་འཇོག་དགོས་བྱུང་བའི་ཆིངས་ཡིག་ “གྲོས་ཆོད་དོན་ཚན་བཅུ་བདུན” དེ་ཡང་། ཀྲུང་གུང་རང་ཉིད་ཀྱིས་བརྩི་འཇོག་མ་བྱས་པར་སྣང་མེད་དང་རྒྱབ་འགལ་བྱས་རྐྱེན། ཕྱི་ལོ་ ༡༩༥༩ ལོར་བོད་མིའི་ཞི་བའི་སྒེར་ལངས་ཆེན་མོ་བྱུང་བ་རེད། ཀྲུང་གུང་གིས་དྲག་ཆས་ཁོ་ནར་ཡིད་རྟོན་གྱིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཤིང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཏཱ་ལའི་བླ་མ་འང་གཞན་ཡུལ་དུ་མི་གྱར་ཐབས་མེད་བྱུང་བ་རེད།

དེ་རྗེས་ཀྲུང་གུང་གིས་བོད་ཁུལ་དུ་དམར་གསོད་ཆེན་མོ་དང་། མནར་གཅོད་དྲག་པོ། གཏོར་བཅོམ་ཆེན་པོ། རྩ་མེད་ཚབས་ཆེན་བཟོས་ཡོད་པ་དེ་ང་ཚོས་གསལ་བཤད་བརྒྱག་མ་དགོས་པར། ཕྱི་ལོ་ ༡༩༨༠ ལོར། ཀྲུང་གུང་གི་མགོ་ཁྲིད་ཧོའོ་ཡའོ་པང་གིས་བོད་ཁུལ་དུ་བལྟ་ཞིབ་བྱེད་སྐབས། བོད་དུ་བྱུང་བའི་བཀོད་ཆགས་ཆེན་པོ་དང་། བོད་མི་རིགས་ཀྱིས་མྱོང་བཞིན་པའི་བློ་ཡིད་ལ་མི་ཤོང་པའི་དཀའ་སྡུག་མཐའ་དག་མིག་མཐོང་ལག་ཟིན་བྱུང་རྗེས། ཡ་ང་གནོང་འགྱོད་སྐྱེས་ཏེ་ས་གནས་ས་ཁུལ་གྱི་ཀྲུང་གུང་ཏང་གི་ཆབ་སྲིད་མགོ་ཁྲིད་པ་ཚོར་ཚོགས་འདུ་བསྡུས་ཏེ་བཀའ་སློབ་གནང་དོན། “ངེས་པར་ཏུ་བོད་ཁུལ་གྱི་འཚོ་བའི་གནས་སྟངས་དེ་ཕྱིི་ལོ་ ༡༩༥༩ ལོའི་ཡར་སྔོན་གྱི་འཚོ་བའི་ཆུ་ཚད་དུ་སླར་གསོ་ཐུབ་པ་བྱེད་དགོས” ཞེས་བརྗོད་ཡོད་པ་དེས་ཀྱང་གསལ་བོར་བསྟན་ཡོད།

ཀྲུང་གུང་གིས་འདས་པའི་དུས་སུ་བོད་ནི་ “མུན་ནག་དང་། རྗེས་ལུས། ཀླ་ཀློ་ (རང་ཚོད་མེད་པའི་རྫུན་གཏམ་གནམ་འོག་ལ་མི་ཤོང་པ་སྤྱད་ཡོད།) བཅས་ཀྱི་ཞིང་བྲན་ལམ་ལུགས་སྤྱི་ཚོགས” ཤིག་ཡིན་པའི་སྐྱོན་འཛུགས་བྱེད་བཞིན་ཡོད། དོན་དངོས་ཐོག་ཀྲུང་གུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ལ་བདེ་སྐྱིད་ཀྱི་ཉི་འོད་དང་། ཡར་རྒྱས་ཀྱི་རྣམ་པ། ཤེས་རིག་འཕེལ་རྒྱས་སོགས་ཅི་ཡང་བྱུང་མེད་པར་མ་ཟད། དེ་ལས་ལྡོག་སྟེ། བོད་ནི་སྔར་ལས་མུན་ནག་དང་། རྗེས་ལུས། ཀླ་ཀློ་བཅས་ཀྱི་གཡང་རོང་དུ་དེད་ཡོད། ཀྲུང་གུང་གི་མནར་གཅོད་འོག་གི་བོད་ནི། དངོས་གནས་ “ཞིང་བྲན་སྤྱི་ཚོགས” ཤིག་ཏུ་གྱུར་ཡོད་པ་མ་ཟད། “མི་ཡུལ་གྱི་དམྱལ་ཁམས” ངོ་མ་དེ་ཆགས་ཡོད།

ད་ལྟའི་བར་དུ། བོད་ཆོལ་ཁ་གསུམ་དུ་དོན་རྐྱེན་སྔར་བཞིན་མཚམས་མ་ཆད་པ་འདིས། ཞིང་བྲན་ཡར་ལངས་ཀྱི་རྣམ་པ་དེ་མཚོན་བཞིན་ཡོད། ཡིན་ནའང་། ཀྲུང་གུང་ལ་མཚོན་ན་དེ་ནི་བློ་འགྱོད་སྤུ་ཙམ་ཡང་མེད་པའི་ཁ་ཞེ་གཉིས་མོས་ཀྱི་དོན་ཞིག་ཏུ་གྱུར་ཡོད། དེར་བརྟེན་ཀྲུང་གུང་གིས་བོད་དོན་ཐད་མཁྲེགས་བཟུང་གི་འདུ་ཤེས་ཁོ་ན་ལས་ཀུ་ཡངས་གཏོང་བསམ་མེད་པ་དང་། དྲག་རྡུང་བྱེད་རྒྱུ་ལས་གྲོས་མོལ་བྱ་འདུན་མེད་པའང་གསལ་བོར་མངོན་ཡོད།

ཕྱི་ལོ་ ༡༩༧༨ ལོ་ནས་བཟུང་། ཏུན་ཞོའོ་ཕེན་ལ་ཀྲུང་གུང་གིས་བོད་ལ་འཛིན་པའི་གཡོན་ལྷུང་སྲིད་ཇུས་དེར་ཡོ་བསྲང་བྱེད་དགོས་པའི་ངེས་ཤེས་སྐྱེས་ཏེ། ཕྱི་ལོ་ ༡༩༧༩ ལོར་ཏུན་ཞོའོ་ཕེན་གྱིས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ། སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལགས་དང་མཇལ་འཕྲད་ཀྱིས་གྲོས་མོལ་བྱས་པ་དང་། བོད་ཀྱི་གནད་དོན་ཐད་ཏུན་རང་ཉིད་ཀྱིས་དངོས་སུ་གུང་ཁྲན་རྗེས་འཛིན་པ་ཚོར་བརྗོད་རྒྱུར། “རང་བཙན་ཕུད་པའི་དོན་དག་ཅི་ཡང་གླེང་མོལ་བྱས་ཆོག” ཅེས་བརྗོད་ཡོད་པ་རེད།

ད་ལྟ་ཀྲུང་གུང་གི་མཐོ་རིམ་དཔོན་རིགས་ཚོས་རྩ་བ་ཉིད་ནས་ཅི་ཡང་གླེང་མོལ་བྱ་འདོད་ཡོད་པ་མ་རེད། ཏཱ་ལའི་བླ་མའི་ལངས་ཕྱོགས་ཇི་ལྟར་ཞི་འཇམ་ནས་ཞི་འཇམ་གྱི་ལམ་དུ་ཕྱོགས་ཏེ། “རང་བཙན་བརྩོན་ལེན” ནས་“དབུ་མའི་ལམ” དང་། “ཞི་བའི་སྲིད་བྱུས” ནས་ “ཚད་མཐོའི་རང་སྐྱོང་།” “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ནས་ “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས” ཀྱི་གནས་བབ་ཏུ་ཕབས་ཀྱང་། ཀྲུང་གུང་གིས་ཡ་ང་བསམ་ཤེས་མེད་པར་མཐའ་གཅིག་ཏུ་སྣང་མེད་བྱས་ཡོད།

ཀུན་གྱིས་ཤེས་གསལ་བཞིན་བོད་རྒྱའི་གྲོས་མོལ་གྱི་གེགས་རྐྱེན་གཙོ་བོ་གཅིག་ནི། ཀྲུང་གུང་གིས་ཏཱ་ལའི་བླ་མར་ “བོད་དེ་གདོལ་མ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ” ངེས་ལེན་བྱེད་དགོས་ཞེས་ཨུ་ཚུགས་མཐར་བསྐྱེད་བྱེད་བཞིན་པ་དེ་རེད། ཀྲུང་གུང་གིས་ཏཱ་ལའི་བླ་མ་ནི་ནང་བའི་དགེ་སློང་ཞིག་ཡིན་པའི་ཆ་ནས་རྫུན་བཤད་དེ་ཀྲུང་གུང་ལ་བསྟུན་ཐབས་བྱེད་མི་སྲིད་པ་དེ་གསལ་བོར་ཤེས་ཡོད། ཏཱ་ལའི་བླ་མས་ “བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས” ཤིག་ཏུ་ངེས་འཛིན་བྱས་ཟིན་པ་དེ་ནི། བླ་ན་མ་མཆིས་པའི་ཀུན་སློང་བཟང་པོ་དེ་གསལ་སྟོན་བྱས་ཡོད་ལ། ཀྲུང་གུང་གིས་བསམ་བཞིན་རྐང་བཙུགས་ནས་དཀའ་གནད་ལ་གཏོད་བཞིན་པ་དེ་ནི། གྲོས་མོལ་བྱ་འདོད་མེད་པ་དེ་བསྟན་པ་ཞིག་རེད།

ད་ལྟའི་ཕྱོགས་གཉིས་ཀྱི་རྣོ་ངར་ཁྲོད། ཀྲུང་གུང་སྲིད་བློན་ཝུན་ཇ་པོའོ་དང་། ཕྱི་འབྲེལ་དྲུང་ཆེ་ཀྲང་ཅེ་ཁྲུ་སོགས་ཀྱིས་འདས་པའི་ལོ་ངོ་ ༢༢ སྔོན་ཏེ། ཕྱིི་ལོ་ ༡༩༨༧ ལོའི་ཏཱ་ལའི་བླ་མའི་ལངས་ཕྱོགས་ (ཀྲུང་གུང་གིས་དམག་མི་ཕྱིར་བསྡུ་དང་། རྒྱ་རིགས་གནས་སྤོར་བ་མཚམས་འཇོག་བྱེད་དགོས།) ཀྱི་ཚིག་རྩ་ཁོ་ན་བཟུང་སྟེ་གནད་དོན་གླེང་བཞིན་ཡོད། ཅི་ཕྱིར། སྤྱི་ལོ་ ༢༠༠༢ ཚུན་ཆད་ནས་བཏོན་པའི་ཏཱ་ལའི་བླ་མའི་ལངས་ཕྱོགས་གསར་བ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཞི་བཅོལ་བའི་ཐོག་ནས། བོད་ལ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་མངོན་འགྱུར་ཡོངས་ཐབས་ཀྱི་སྐོར་ནས་ཚིག་ཟུར་ཙམ་ཡང་མི་གླེང་དོན་ཅི་ཡིན་ནམ།

དེ་ནི། ཁུངས་མེད་ཀྱི་ཀྱལ་གཏམ་ཞིག་ཏུ་མངོན་པ་སྟེ། དེ་སྔོན་སྤྱི་ལོ་ ༡༩༤༩ ལོར། བོད་གཞུང་དམངས་གཉིས་ཀྱིས་བོད་ནི་ “རང་བཙན་གཙང་མའི་བདག་དབང་ཅན་གྱི་རྒྱལ་ཁབ” ཅིག་ལ་ངེས་ཤེས་འཛིན་བཞིན་པའི་སྐབས་སུ། ཀྲུང་གུང་གིས་ “བོད་དེ་གདོལ་མ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན” ཞེས་བརྗོད་མྱོང་ཡོད་དམ། དེང་སྐབས། ཏཱ་ལའི་བླ་མས་ “བོད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས” ཤིག་ཏུ་ངོས་འཛིན་གནང་བཞིན་པའི་སྐབས་སུ། ཀྲུང་གུང་གིས་ཨུ་ཚུགས་མཐར་བསྐྱེད་ཀྱིས་ཏཱ་ལའི་བླ་མའི་ལངས་ཕྱོགས་ནི་ “བོད་རང་བཙན” རེད་ཅེས་འཁྱོག་བརྗོད་བྱེད་བཞིན་ཡོད། མཐར་ཐུག་གི་བོད་ཀྱི་གནད་དོན་འབབ་ས་དེ། “རང་བཙན” བྱས་ན་ཡང་མི་འགྲིག་པ། “རང་བཙན་མ་བྱས” ནའང་མི་འགྲིག་པ་ཞིག་གི་གནས་སུ་བསྐྱལ་ཡོད།

དེ་བཞིན། ལམ་ཁ་གཅིག་ལ་འགྲོ་མི་ཐུབ་པ་དེ་འང་ཡ་མཚར་དགོས་པའི་གནས་ཤིག་རེད། བཙན་བྱོལ་བོད་མའི་ཁྲོད། ཏཱ་ལའི་བླ་མའི་དབུ་ཁྲིད་པའི་ “རང་བཙན་བློས་གཏོང” བྱེད་པའི་ཞི་འགྲིག་གི་ཤོག་ཁག་དང་། གཞོན་ནུ་ལྷན་ཚོགས་གཙོས་ “རང་བཙན” འཐབ་རྩོད་པའི་ཤོག་ཁག་གཉིས་ཆགས་བསྡད་ཡོད།

ཀྲུང་གུང་གི་གཏི་ཐུག་གི་བྱ་སྤྱོད་དེར། འཛམ་གླིང་མི་དམངས་ཡོངས་ཀྱིས་གོ་བ་ལོན་དཀའ་བར་གྱུར་ཡོད། དོན་དངོས་ཐོག ཀྲུང་གུང་རང་ཉིད་ལ་བོད་རང་བཙན་གྱི་གནས་སྟངས་དེ་མཁོ་གལ་ལྡན་པར་གྱུར་ཡོད་དེ། བོད་རྒྱལ་ཁབ་བཙན་འཕྲོགས་ནས་བོད་ས་ཡོངས་ལ་བྲན་སྒྱུར་དང་། དེ་ནས་ “རང་བཙན” གྱི་ལམ་དུ་བཙན་གྱིས་དེད་པ་མཐའ་དག་ནི། ཀྲུང་གུང་གིས་བསམ་བཞིན་དུ་བཟོས་པ་ཞིག་ཡིན། དེང་སྐབས། “བོད་རང་བཙན” དེ་ཆབ་སྲིད་ཀྱི་ཐ་སྙད་ཅིག་ཡིན་པའི་ཆས་ནས། ཀྲུང་གུང་གི་གཏམ་བཤད་ཁྲོད་ཤུགས་ཆེན་པོས་ཁྱབས་ཡོད་པར་མ་ཟད། ཀྲུང་གུང་གི་མགོ་ཁྲིད་རིམ་པའི་བཤད་སྟངས་ཤིག་ཏུ་གྱུར་ཡོད།

ཀྲུང་གུང་གི་ཁ་སྣེ་ལྕེ་སྣེ་ན། ཀྲུང་གུང་རང་ཉིད་ལ་ངོ་རྒོལ་བྱེད་བཞིན་པའི་བོད་མི་ཚང་མར་ “བོད་རང་བཙན་འཐབ་རྩོད་པའི” མིང་འདོགས་ཀྱིན་ཡོད་པར་མ་ཟད། བོད་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་མི་སྣ་དང་། ཏཱ་ལའི་བླ་མར་མཇལ་འཕྲད་གནང་བཞིན་པའི་ཕྱི་རྒྱལ་གྱི་དབུ་ཁྲིད་ཚང་མར་ “བོད་རང་བཙན་རྒྱབ་སྐྱོར་བ” ཞེས་འབོད་བཞིན་ཡོད། བཙན་བྱོལ་བོད་མི་འདུས་སྡོད་ཀྱི་དྷ་རམ་ས་ལར་ “བོད་རང་བཙན་སྒར་ས་ཆེན་མོ” དང་། བོད་ཀྱི་རང་དབང་མཚོན་པའི་གངས་སེང་དར་ཆ་ལ་ “བོད་རང་བཙན་གྱི་དར་ཆ།” བོད་ཀྱི་སྲོལ་རྒྱུན་ཆོས་དང་རིག་གཞུང་མཚོན་པའི་གཞས་ལ་ “བོད་རང་བཙན་གྱི་གཞས” བཅས་སུ་འབོད་བཞིན་ཡོད།

ཀྲུང་ནན་ཧེ་ཡིས་ “བོད་རང་བཙན” ཁ་ནང་ནས་མི་གཏོང་བ་དེའི་ཤུགས་བསྟན་ནི་འདི་ལྟ་སྟེ། ཁྱོད་ཀྱིས་རབ་ཡིན་ན་རང་བཙན་གྱི་ལངས་ཕྱོགས་འཛིན་རོགས། དེ་མིན་ངས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་རྒྱུ་སྟབས་བདེ་མི་འདུག གལ་སྲིད་ཁྱོད་ཀྱི་ “བོད་རང་བཙན” གྱི་འབེན་དེ་མེད་ན། ངས་ཅི་ལྟར་ཀྲུང་གོའི་མི་དམངས་ལ་ “རྒྱལ་གཅེས་རིང་ལུགས” འུད་སྒྲོག་བྱེད་དམ། གལ་སྲིད་ངས་ “རྒྱལ་གཅེས་རིང་ལུགས” ཀྱི་དར་ཆ་མཐོན་པོར་བསྒྲེངས་མ་ནུས་ཚེ། ཅི་ལྟར་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་སྐྱོན་འཛུགས་བཀག་སྡོམ་བྱེད་ཐུབ་བམ། གལ་སྲིད་ངས་དམངས་གཙོའི་རླབས་རྒྱུན་འགོག་མ་ནུས་ཚེ། གུང་ཁྲན་ཏང་གི་ཁེ་ཕན་དང་ང་ཚོ་མཐོ་རིམ་དཔོན་རིགས་ཚོའི་ཕོགས་ཐོབ་ཆེན་པོ་དེ་ཅི་ལྟར་གཉེར་ཞེས་པ་དེ་རེད།

ཀྲུང་གུང་གིས་ཏཱ་ལའི་བླ་མར་ “བོད་རང་བཙན་པ” ཞེས་མ་ཎི་ལྟར་ཟློ་བཞིན་ཡོད་མོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་དོན་མེད་འུར་དཀྲོགས་བྱེད་བཞིན་པའི་རྣམ་འགྱུར་དེ་གསལ་བོ་ཤེས་ཡོད། ཡིན་ནའང་། ཀྲུང་གུང་གིས་བྱ་སྤྱོད་དེ་ཁོ་ན་སྤྱད་ནས་ཀྲུང་གོའི་མི་དམངས་ལ་མགོ་སྐོར་གཏོང་བཞིན་པ་དང་། ལྷག་པར་དུ་བོད་དོན་ལ་གསལ་ཆ་མེད་པའི་གཞི་རིམ་མི་དམངས་ལ་མགོ་སྐོར་བསླུ་བྲིད་ཐེབས་བཞིན་ཡོད།

ཀྲུང་གུང་གིས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་བྱ་འདོད་མེད་པ་མ་ཟད། གྲོས་མོལ་བྱེད་པའི་བློ་སྟོབས་ཀྱང་ཡོད་པ་མ་རེད། ཀྲུང་གུང་ཆེས་སྐྲག་ས་ནི། ཏཱ་ལའི་བླ་མས་ད་བར་དུ་ཉམས་ཆུང་མཐར་བསྐྱེད་བྱས་ཏེ། མངའ་ཁོངས་བློས་གཏོང་གིས་དྲང་བདེན་གྱི་རྒྱལ་ཁ་ལོན་པ་དེ་རེད། དེར་བརྟེན། རིག་གསར་སྐབས་ཀྱི་སྐད་ཆ་རྣམ་སྤྱད་དེ། ནུས་ཤུགས་ཅི་ཡོད་བཏོན་ནས་ཏཱ་ལའི་བླ་མར་དམོད་མོ་རྒྱག་བཞིན་ཡོད།
དེ་ནི་སྒོ་ཁྱིས་བདག་པོར་ཟུག་པའི་དཔེ་ལས་མ་འདས་སོ།

ཏཱ་ལའི་བླ་མས་མུ་མཐུད་དུ་ཞི་བདེ་ཡི་ལག་ཟུང་བརྐྱངས་ནའང་། ཀྲུང་གུང་ལ་ལག་འཇུ་བྱེད་པའི་བློ་ཁོག་མེད་པ་རེད། དེའི་ཤུགས་བསྟན་རྒྱབ་ལྗོངས་ནི། ཆབ་སྲིད་ཀྱི་གཙོ་འགན་འཁུར་མཁན་གྱི་ཧའོ་དང་ཝུན་སོགས་ཀྱི་ངོ་ཚ་ཁ་སྐྱེངས་དགོས་པའི་དབང་ཚད་དེ་རེད། ཏུན་ཞོའོ་ཕེན་གྱི་རྗེས་ནས་བཟུང་ཀྲུང་གུང་མགོ་ཁྲིད་རིམ་པའི་ཁྲོད་དབང་གྲགས་ཅན་གཅིག་ཀྱང་བྱུང་མྱོང་མེད་ལ། སུས་ཀྱང་འགན་དབང་དེ་ཕྲག་ཏུ་ལེན་ཐུབ་མེད། དེར་བརྟེན། སུ་ཞིག་གིས་ཀྱང་སྲིད་དོན་གྱི་གལ་ཆེའི་བྱེད་ཕྱོགས་ལ་འགྱུར་བ་གཏོང་ཐུབ་ཀྱིན་མེད། ཁོ་ཚོས་ཏང་ནང་ཁུལ་གྱི་རང་གི་དབང་ཚད་ཙམ་སྲུང་སྐྱོབ་ཀྱི་ཆེད་དུ་དྲག་སྡོམ་ཁོ་ན་བྱེད་བཞིན་ཡོད། གཅིག་ལས་གཅིག་ལྷག་གི་དྲག་སྡོམ་དེ་ནི། ཕྱི་ཕྱོགས་ལ་ཁ་གཏོད་པ་ཞིག་མ་ཡིན་པར། དེ་ལས་ལྡོག་ཏེ་རང་ཉིད་ཀྱི་མི་དམངས་ལ་ཁ་གཏད་ནས་ཡོད། ཅིང་ཙེ་མིན་དང་ཀྲུའུ་རོང་ཅུ་ནས། ཧོའོ་ཅིན་ཐའོ་དང་ཝུན་ཇ་པའོ་ཚང་མས། ནུས་ཤུགས་གང་ཡོད་བཏོན་ཏེ་ཧའོ་ཡའོ་ཕང་དང་ཀྲའོ་ཙུ་ཡང་གཉིས་ཕམ་ཉེས་སུ་བཏང་སྟེ་ལས་གནས་ནས་ཕུད་བའི་དོན་དག་ཏེ་ནག་བསུབ་རྡོག་རོལ་བྱེད་དོན་ནི། རྙོག་འཛིང་ཆེ་བའི་ཏང་ནང་ཁུལ་གྱི་གཏོས་ཆེ་བའི་ཁེ་ཕན་རུ་ཚོགས་ཀྱི་ཆེད་ཁོ་ན་ཡིན། དེར་བརྟེན། དམ་པ་ཁོང་གཉིས་རང་ལུས་རང་ལ་མི་དབང་བའི་གནས་སྟངས་འོག་ཚུད་ཅིང། ཐ་ན་ཚེ་མཇུག་ཀྱང་དཀའ་སྡུག་ཁྲོད་སྐྱེལ་དགོས་བྱུང་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 3

  1. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    རྒྱ་ལོ་དོན་གྲུབ་ལགས་ཀྱང་ཞེས་བཅོས་རོགས།

    Reply
  2. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    མའོ་ཡིས། དེ་ནི་ང་ཚོས་ཕྱིའི་རྒྱལ་ཁབ་ལ་ཆད་པའི་བུ་ལོན་གཅིག་པུ་དེ་ཡིན། ཞེས་པའི་གཏམ་དེ་དང༌། ཏིང་གིས། རང་བཙན་ མ་ཡིན་པའི་ཞེས་པའི་སྐད་ཆ། དེ་གཉིས་ནི་རྒྱ་མི་ཞིག་གིས་བཤད་པ་ཡིན་དུས་དེའི་ཁུངས་གང་ཞིག་ཏུ་གཏུགས་ཀྱི་ཡོད་མེད་ང་ཚོས་ཤེས་དགོས། འདི་འདྲ་དཔང་རྟགས་ཤིག་རེག་སོང་ན་དེ་ཡང་ང་ཚོའི་ཞིབ་འཇུག་གི་རྒྱལ་ཁ་རླབས་ཆེན་ཞིག་རེད། དེ་མིན་ཏིང་གིས་སྐད་ཆ་དེའི་སྟེང་དུའང༌། རྒྱ་གཞུང་གིས་ཁས་མི་ལེན་པ་མ་ཟད། སྐད་ཆ་དེའི་ཁུངས་སྣེ་རྒྱ་ལོ་དོན་གྲུབ་ལགས་དཔང་རྟགས་ཅི་ཡང་མེད་པར་རྦད་དེ་གསུང་སྐད་ཤོར་ཡོད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཆུ་རག་ཤོར་ནས་ཡོང་གི་ཡོད་པས་ངང་ཚུལ་ཞིག་མཐོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese