མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པའི་ཚན་རིག་གི་འགྲེམས་སྟོན་ཐེངས་དང་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གི་འགྲེམས་སྟོན་འདིས་མཚོན་པའི་བོད་པའི་དགེ་འདུན་པ་མང་པོ་ཞིག་གི་ཚན་རིག་གི་ཤེས་ཚད་མཐོན་པོར་སླེབས་པ་དང། སྙན་གྲགས་ཆེ་བའི་ནུབ་གླིང་གི་ཚན་རིག་པ་དག་དང་མཉམ་དུ་ནང་ཆོས་དང་ཚན་རིག་བར་བགྲོ་གླེང་བསྟུད་མུར་བྱས་ཏེ་གོམ་པ་མཉམ་སྤོ་བྱས་ཤིང། ནུབ་ཕྱོགས་ཀྱི་ཕྱིའི་དངོས་པོའི་དཔལ་ཡོན་ཚུར་ལེན་པ་ཙམ་མ་ཡིན་པར། ནང་ཆོས་ཀྱི་ནང་བསམ་པའི་དཔལ་ཡོན་གྱིས་ཕར་ལེགས་སྐྱེས་འབུལ་ཐུབ་པའི་གོ་སྐབས་ཤར་པ་འདིས་རྒྱ་ནག་གི་སྐྱོན་བརྗོད་དེ་རིགས་ལ་ལན་འདེབས་གསལ་བོ་ཞིག་བྱས་ཡོད་ཟེར།

 

ཨ་རིའི་ཨེ་མོ་རེ་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་མཉམ་འབྲེལ་ཐོག ཟླ་སྔོན་མ་ནས་ས་རཱ་མཐོ་སློབ་ཏུ་བོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་ཁག་ཅིག་ལ། ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་ཀྱིན་ཡོད་པ་དང༌། ཟབ་སྦྱོང་དེར་ཞུགས་པའི་གྲྭ་བཙུན་ཚོས་དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་གངས་སྐྱིད་སྤྱི་ཐབས་ཐོག་ཁང་དུ་༼དགེ་འདུན་པའི་ཚན་རིག་གི་འགྲེམས་སྟོན་ཐེངས་དང་པོ༽ ཞེས་པ་དེ་གནང་ཡོད། འགྲེམས་སྟོན་དེའི་སྟེང་ཚན་རིག་སྡེ་ཚན་ཁག་ ༦ ཙམ་གྱི་ཐད། ནང་ཆོས་དང་ཚན་རིག་དཔྱད་གཤིབ་བསྡུར་གསུམ་བྱས་པའི་གྲུབ་དོན་ཁག་རི་མོ་དང༌ལག་ལེན་ཚོད་ལྟ། དེ་བཞིན་ཡིག་ཐོག་གི་འགྲེལ་བརྗོད་བཅས་ཀྱི་ལམ་ནས་གཟིགས་འབུལ་ཞུས་ཡོད། ཚན་རིག་སྡེ་ཚན་ ༦ ནི། (འོད་ཅེས་པ་གང་ཡིན་དང༌། ཁ་དོག་རྣམས་གང་ནས་འབྱུང་གིན་ཡོད།) ( ང་ཚོའི་འཇིག་རྟེན་ཁམས་འདི་ཇི་ལྟར་ཆགས།) (སྒྲ་ཇི་ལྟར་འབྱུང་གིན་ཡོད་པ་དང༌། ང་ཚོས་དེ་ཇི་ལྟར་ཐོས་ཀྱིན་ཡོད།) (ང་ཚོའི་མི་སོ་སོའི་རྣམ་པ་མི་འདྲ་བ་དེ་ག་རེ་བྱས་ནས་བྱུང་ངམ།) (ཁ་སང་ང་ཚོས་མཐོང་བ་དེ་ད་ལྟ་ཇི་ལྟར་དྲན་གྱིན་ཡོད་དམ།) (རྩ་རྫས་རྣམས་གང་དང་གང་ཡིན་ནམ།)བཅས་རེད།

 

འགྲེམས་སྟོན་དབུ་འབྱེད་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་ངོ་སྤྲོད་གནང་དོན། དེ་རིང་ནས་བཟུང་ཉིན་ ༣ རིང༌། ཨེ་མོ་རེ་དང་བོད་ཀྱི་ཚན་རིག་གི་ལས་རིམ་གྱི་ཐོག་ནས་དགེ་འདུན་པའི་ཚན་རིག་གི་འགྲེམས་སྟོན་ཐེངས་དང་པོ་དེ་གནང་གིན་ཡོད། འདི་ནི་ངྷ་རམ་ས་ལར་དགེ་འདུན་པས་ཚན་རིག་གི་འགྲེམས་སྟོན་གནང་བ་ཐོག་མ་དེ་རེད། ང་ཚོས་ཚན་རིག་སྦྱོང་བ་དེ། གང་ཐུབ་ཅི་ནུས་ཀྱིས་ཕྱོགས་གང་ས་ནས་ལེགས་ཆ་བླངས་ཏེ། སོ་སོའི་རྩ་ཆེ་བའི་ཆོས་དང་རིག་གཞུང་སྤུས་དག་དང་ཁྱབ་སྤེལ་དུ་གཏོང་ཆེད་དང༌། ཚན་རིག་གིས་མང་ཆེ་བ་ཕྱི་དངོས་པོའི་ཐོག་ལ་ནུས་པ་འདོན་གྱིན་ཡོད་ལ། ནང་ཆོས་ཀྱིས་ནང་སེམས་ཀྱི་ཐོག་ལ་ནུས་པ་འདོན་གྱིན་ཡོད། མི་ལ་ལུས་དང་སེམས་གཉིས་ཀ་ཡོད་སྟབས། དེ་གཉིས་ཀར་བདག་པོ་བརྒྱག་པ་དང་ཕན་ཐོགས་ཆེད། ཕྱི་དངོས་པོའི་གནས་ཚུལ་ལ་དེ་ཙམ་དོ་སྣང་མི་བྱེད་མཁན་ཚོར། ཚན་རིག་ལ་དོ་སྣང་བྱ་དགོས་པ་དང་དངོས་ཡོད་གནས་ཚུལ་ཤེས་དགོས་པར་བརྒྱུད་སྐུལ་ལྟ་བུ་བྱེད་ཀྱིན་ཡོད།

 

ཚན་རིག་སྦྱང་བ་ཡིན་ན་གང་ལ་གང་འཚམ་ལག་ལེན་བསྟར་དགོས་པ་རེད། ཚན་རིག་གི་འགྲོ་སྟངས་གཅིག་གང་ཡིན་ཟེར་ན། སྡེ་ཚན་གང་ཡིན་པ་དེའི་ཐོག་ལ་ཞིབ་ཅིང་ཕྲ་བའི་ཐོག་ནས་སྦྱོང་སྲོལ་ཡོད་ལ། ང་ཚོ་ཡང་རིམ་གྱིས་དེའི་ཐོག་ལ་བསྐྱོད་ཕྱིར་དགེ་འདུན་པ་ཚོར་ཚན་རིག་སྡེ་ཚན་སོ་སོའི་ཐོག་ལ་དམིགས་སུ་བཀར་དེ་རྩོམ་འབྲི་གནང་རྒྱུར་འབོད་སྐུལ་ཞུས་པ་ཡིན། ཚན་རིག་གི་འགྲོ་སྟངས་གཞན་ཞིག་ནི། འཛིན་གྲྭར་འགྲོ་བ་དང་ཨ་ཅོག་གིས་ཉན་རྒྱུ་གཅིག་པུ་མ་ཡིན་པར་ར་སྤྲོད་བྱས་ཏེ། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་མིག་ལ་སྟོན་པ་དང༌། འགྲེལ་བཤད་བརྒྱག་ཐུབ་དགོས་སྟབས། དེ་དག་ལ་རིམ་གྱིས་ཤུགས་སྣོན་བྱ་ཆེད། དེ་རིང་གི་འགྲེམས་སྟོན་འདི་གོ་སྒྲིག་བྱས་པ་ཡིན། ཞེས་གསུངས་བྱུང༌།

 

ཁོང་གིས་མུ་མཐུད་དུ་ཚན་རིག་སྦྱང་གལ་ཆེ་སྐོར་དང་སློབ་སྦྱོང་རྒྱུན་བསྐྱང་དགོས་ཚུལ་གསུངས་དོན། བོད་ནང་ལ་དངོས་སུ་ལག་ལེན་བསྟར་གྱིན་ཡོད་མེད་ཇི་ལྟར་ཡང༌། རྒྱ་ནག་གིས་ཁྱབ་བསྒྲགས་བྱས་པའི་ནང༌། ལས་ཀ་བྱེད་སྟངས་ཡོངས་རྫོགས་ཚན་རིག་དང་མཐུན་པ་ལྟ་བུ་ཞིག་བཤད་ཀྱིན་ཡོད། ང་ཚོ་སྐྱབས་བཅོལ་ནང་དུ་ཕྱི་དངོས་པོའི་ཆ་ནས་རྗེས་ལུས་ཐེབས་ཡོད་པ་དངོས་ཡོད་རེད། དེར་བརྟེན། དེང་དུས་ཀྱི་ཤེས་ཡོན་སྤྱི་དང༌། ལྷག་པར་དུ་ཚན་རིག་དང་འཕྲུལ་ལས་ཀྱི་ཐོག་ལ་སྦྱང་དགོས་པ་གལ་ཆེན་པོ་ཡིན་སྟབས། ལས་གཞི་འདིར་འབད་བརྩོན་བྱེད་ཀྱིན་ཡོད་ལ། དགེ་འདུན་པ་ཚོ་སྒེར་ལ་སྦྱང་བྱ་མང་པོ་ཞིག་ཡོད་ཀྱང༌། ཐེངས་འདིར་དཀའ་ལས་བརྒྱབས་ཏེ་ཚོད་ལྟ་ཡག་པོ་བྱས་འདུག ད་དུང་རིམ་གྱིས་སྤུས་ཇེ་དག་དང་མཐུན་རྐྱེན་ཇེ་ཡག་ཏུ་གཏོང་དགོས་པ་རེད། ཐེངས་གཅིག་ལ་ཧོལ་རྒྱུགས་ལྟ་བུ་བྱས་ཏེ་མཚམས་བཞག་པ་ཡིན་ན་འགྲིག་གིན་ཡོད་པ་མ་རེད། དེ་རིང་འདིར་ཚན་རིག་གི་སློབ་དཔོན་གཉིས་ཕེབས་ཡོད། ཁོང་གཉིས་ཀྱིས་ཚན་རིག་མཚོན་གྱིན་ཡོད་ལ། དགེ་བཤེས་བློ་བཟང་བསྟན་འཛིན་དང་ངེད་གཉིས་ལ་ཤེས་ཡོན་ཆེན་པོ་མེད་ཀྱང༌། བོད་པའི་ཆོས་དང་རིག་གཞུང་མཚོན་གྱིན་ཡོད། ཅེས་གསུངས་བྱུང༌།

 

དེའི་རྗེས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གསུངས་བཤད་གནད་དོན། དགེ་འདུན་པ་ཚོས་ཚན་རིག་ལ་དོན་གཉེར་གནང་རྒྱུའི་ཐད། ༧གོང་ས་མཆོག་གིས་ཞེ་དྲག་གལ་ཆེན་དུ་གཟིགས་ཏེ། ལོ་ ༡༠ གོང་ནས་ཚན་རིག་པ་དག་དང་བགྲོ་གླེང་གནང་གིན་ཡོད་པ་མ་ཟད། བོད་པའི་དགོན་སྡེ་ཁག་ཏུའང་ཚན་རིག་གི་སློབ་ཚན་གྲ་སྒྲིག་བྱེད་ཀྱིན་ཡོད། དེ་ནི་དེབ་ཐེར་དུ་འགོད་འོས་པའི་དགོན་སྡེའི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་མགོ་བརྩམས་པ་རེད། དགེ་འདུན་པ་ཚོས་ཚན་རིག་སྦྱོང་བ་དེ་ཤེས་བྱ་གསར་བ་ཞིག་ཤེས་ཆེད་མ་ཡིན་པར་བོད་པའི་རིག་གཞུང་དང༌། ལྷག་པར་དུ་ནང་དོན་རིག་པ་མི་ཉམས་རྒྱུན་འཛིན་དང༌། ཕྱིའི་རྒྱལ་ཁབ་ཁག་དང་མི་དམངས་ཚོར་རྩ་ཆེའི་རིན་ཐང་ར་སྤྲོད་བྱ་ཆེད་རེད། ཉེ་ཆར་༧གོང་ས་མཆོག་ལ་མཇལ་ཁའི་སྐབས་སུ་ཡང༌། དགེ་འདུན་པ་ཚོས་ཚན་རིག་སྦྱངས་ཏེ། ཚན་རིག་ཤེས་པའི་རྨིང་གཞིའི་སྟེང་ནས་རྩ་ཆེ་ཞིང་རིན་ཐང་ལྡན་པའི་ནང་ཆོས་འདི་ཕྱིའི་རྒྱལ་ཁབ་དང་མི་དམངས་ཚོར་འགྲེལ་བཤད་བརྒྱག་རྒྱུ་གལ་ཆེན་རེད་གསུངས་སོང༌།

 

དུས་རྒྱུན་རྒྱ་ནག་གིས་བོད་ལ་སྐྱོན་བརྗོད་བྱེད་ཀྱིན་པའི་ནང་གི་གཅིག་དེ། དགོན་སྡེ་ཁག་རྨོངས་དད་ཀྱི་དབང་དུ་སོང་ཡོད། དེང་དུས་ཀྱི་ཤེས་ཡོན་ཡོད་པ་མ་རེད། ཅེས་ཆོས་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད། དེ་རིང་གི་འགྲེམས་སྟོན་འདིས་མཚོན་པའི་བོད་པའི་དགེ་འདུན་པ་མང་པོ་ཞིག་གི་ཚན་རིག་གི་ཤེས་ཚད་མཐོན་པོར་སླེབས་པ་དང། སྙན་གྲགས་ཆེ་བའི་ནུབ་གླིང་གི་ཚན་རིག་པ་དག་དང་མཉམ་དུ་བགྲོ་གླེང་བསྟུད་མུར་བྱས་ཏེ་གོམ་པ་མཉམ་སྤོ་བྱས་ཤིང༌། ནུབ་ཕྱོགས་ཀྱི་ཕྱིའི་དངོས་པོའི་དཔལ་ཡོན་ཚུར་ལེན་པ་ཙམ་མ་ཡིན་པར། ནང་ཆོས་ཀྱི་ནང་བསམ་པའི་དཔལ་ཡོན་གྱིས་ཕར་ལེགས་སྐྱེས་འབུལ་ཐུབ་པའི་གོ་སྐབས་ཤར་པ་འདིས་རྒྱ་ནག་གི་སྐྱོན་བརྗོད་དེ་རིགས་ལ་ལན་འདེབས་གསལ་བོ་ཞིག་བྱས་ཡོད། ནང་ཆོས་དེ་ཕན་ཐོགས་མེད་པ་ཞིག་ཡིན་ན། ནུབ་ཕྱོགས་ཀྱི་ཤེས་ལྡན་པ་ཚོ་དང༌། ལྷག་པར་དུ་ཚན་རིག་པ་མང་པོས་དོ་སྣང་བྱེད་དོན་མེད། ཅེས་གསུངས་བྱུང༌།

 

མཇུག་མཐར་དགེ་བཤེས་ལགས་ཀྱི་དགེ་འདུན་པ་ཚོས་མུ་མཐུད་དུ་ཚན་རིག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། ཕྱིའི་དངོས་པོའི་ཤེས་ཡོན་ཚན་རིག་གིས་ཡར་རྒྱས་སུ་གཏོང་བ་དང༌། ནང་སེམས་ཀྱི་བདེ་སྐྱིད་ནང་ཆོས་ཀྱིས་འཕེལ་རྒྱས་སུ་གཏོང་ཐུབ་པ་གསལ་བོ་ཆགས་བཞིན་པ་འདིས་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་ཞིག་སྒྲུབ་ཀྱིན་ཡོད་ལ། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་གནས་དང༌། འཛམ་གླིང་སྟེང་ཆེ་མཐོང་ཡོང་བ་ལའང་ཕན་རླབས་ཆེན་པོ་ཞིག་ཡོང་གིན་ཡོད། དེ་རིང་འདིར་ཕེབས་པའི་དགེ་འདུན་པ་ཚོས་འདས་པའི་ལོ་མང་རིང་ཚན་རིག་གི་ཐོག་ལ་སྐུ་ངལ་སྐྱོན་ཡོད་ལ། སྐུ་ངལ་སྐྱོན་པའི་འབྲས་བུ་ཐེངས་འདིར་མི་དམངས་ལ་སྦྱན་འབུལ་ཞུས་ཡོད། ངས་འདི་ནི་བྱས་རྗེས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། སྤྱིར་དགོན་སྡེ་ཁག་གིས་གོམ་པ་ཆེན་པོ་ཞིག་བརྒྱབས་ཚར་ཡོད་ཀྱང༌། ཚན་རིག་གི་སློབ་སྦྱོང་ཐད་ནས་ད་དུང་གནས་ཚད་དམའ་བོ་ཡིན་སྟབས། མུ་མཐུད་དུ་ཚན་རིག་ལ་སློབ་སྦྱོང་གནང་རྒྱུ་དང༌། སོ་སོ་ཙམ་མ་ཡིན་པར་གཞན་དག་ལའང་ཚན་རིག་གི་གལ་ཆེའི་རང་བཞིན་ངོ་སྤྲོད་དང༌། སྐུལ་འདེད་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང༌།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 17

  1. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཏག་ཏག་རེད་བཞག་ངས་ཀྱང་ཕལ་ཆེར་ཁྱེད་ཀྱི་གོ་གི་མ་རེད་བསམ་བྱུང་། ད་ཅི་བྱེད་་་ཨོ་རེད་དང་པོ་ངས་ཁྱོད་ལ་བོད་ཡིག་ཅུང་ཙམ་ཁྲིད་ཐབས་བྱེད་དེ་ནས་ངེད་ཅག་གིས་ག་ལེར་གླེང་ཆོག། ཨེ་འགྲིག་གི་ཨ་ནོར་རྒྱལ།

    Reply
  2. Tenzin Norgyal says:
    ལོ་ 16 སྔོན།

    ང་ངངངངངངངངངངངངངངང་ ཞེན་ཞེནནནནནནནནནནནན་ ཨ་རིག་གླེན་པ་འདི་འདྲ་རེད། ཁྱེད་ཀྱི་གོང་དུ་བྲིས་པའི་དོན་གོ་གིན་མི་འདུག ཁྱེད་ཀྱི་སྐད་ཆ་བཤད་ཤེས་ཀྱིན་མི་འདུག བོད་མི་རིགས་ཀྱི་སྐད་ཡིག་ལ་ཡིན་མདོག་གིས་གཏོར་སྐྱོན་མ་གཏོང་རོགས་ཞུ༎

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    འདི་ལ་ཕོ་མོ་སྐྱ་སེར་སུ་འདྲ་ཞིག་འཇུག་ཀྱང་། རང་གི་ངོ་བོ་༸རྒྱལ་བའི་དགོངས་པ་དང་མཐུན་པའི་བྱ་བ་བཟང་པོ་ཞིག་ཡིན་པས་ལས་འཇུག་པ་ཚང་མར་བསྔགས་བརྗོད་ཡོད།

    ༌

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གྲོགས་tnཅན་ཁྱེད་ཀྱིས་བོད་མིང་དེ་བོད་ཡིག་ཐོག་བསྟན་འཛིན་ནོར་རྒྱལ་ཞེས་བྲིས་ཆོག་པ་ཤེས་པ་བྱོས། འདི་ནང་དོན་མེད་པའི་མིང་ཞིག་ཡིན་ཡང་ངོ་གནོང་མི་དགོས་ཁྱོད་གཅིག་བུ་མ་རེད་གོ་ཅི་མེད་པའི་བོད་མིང་མང་པོ་ཡོད་རེད། གལ་ཏེ་ཁྱེད་ལ་ཕྲུ་གུ་གཉིས་དང་ཅུང་མ་གཅིག་མ་གསོ་དགོས་པའི་དཀའ་ངལ་ཡོད་ན་དགོངས་དག་ཞུ། གང་ཡིན་ཞེ་ན་མིག་སྐྲང་སྟེང་ལ་ཁུ་ཚུར་བྱེད་འདོད་ང་ལ་མེད། འོན་ཏེ་ཁྱོད་མི་སྐྱ་ཤེས་ཡོན་ཡོད་ལ་གྲྭ་བར་འགྲན་སེམས་ཀྱང་ཡོད་མཁན་ཞིག་ཡིན་ན་ང་ལ་དགོས་པ་དེ་ཡིན་ལ་ངས་བཤད་སའང་དེ་ཡིན།
    གང་ལྟར་ཁྱོད་ཁྲོ་ཚུལ་ལ་བལྟས་ན་ངས་བཤད་ས་དང་བཤད་པ་གཉིས་ག་འགྲིག་པ་འདྲ།

    Reply
  5. བཙན་པོ། says:
    ལོ་ 16 སྔོན།

    ད་ནང་པ་ཚོ་ནུབ་ཕྱོགས་པའི་རྐུབ་འོག་ལ་འཛུལ་ཚར་སོང་ནི་རེད། ནང་པ་དར་བའི་མགོ་ཚུགས་པ་མ་རེད།རྒུད་པའི་མགོ་ཚུགས་པ་རེད། ད་སྐབས་ནང་པའི་ཚད་གཞི་ལེན་ས་ཚན་རིག ཚན་རིག་དེ་རིང་བདེན་པ་ཡིན་ན་སང་ཉིན་རྫུན་པ་དེ་རེད།
    ཡིན་ནའང་གྲ་སའི་དགེ་བཤེས་ཡག་པོའི་རིགས་འདི་ལ་ཞུགས་མེད་པ་ཡག་པོ་རེད།

    Reply
  6. Tenzin Norgyal says:
    ལོ་ 16 སྔོན།

    ད་དུང་ཨ་རིག་གླེན་རྒན་གྱིས་ཆུང་མ་དང༌། བུ་ཕྲུག་གཅིག་གཉིས་ཤིག་གསོ་རྒྱུར་ཞེ་སྣང་སྐྱེས་ནས་དགོན་པ་སོང༌ཡང་། ནང་ཆོས་ལ་སློབ་སྦྱོང་བྱེད་མ་ཐུབ་པར་དགོན་སྡེ་ཁག་གི་ཞབས་འདྲེན་ཞུ་གིན་ཡོད་ས་རེད། དེའི་གནས་ཚུལ་ངས་འདི་ནས་བཤད་མི་དགོས་པ་བྱོས།

    Reply
  7. Tenzin Norgyal says:
    ལོ་ 16 སྔོན།

    དུས་ཀྱི་འགྱུར་བ་དང་བསྟུན་པའི་དགོས་མཁོ་གལ་ཆེན་རེད་ལ། ནང་ཆོས་དང་ཚན་རིག་བསྡུར་ནས་འགྲོ་བ་མི་ལ་ཕན་ཐོག་ན་དེ་ནི་ཕུལ་བྱུང་གི་བྱེད་ལས་ཤིག་རེད། ཡིན་ཡང་སྤྱི་ཚོགས་ཐོག་ཕན་རྒྱུར་དཔག་ཚོད་ཁག་པོ་རེད། དམིགས་རྒྱང་རང་དགོས།

    འདི་ནས་ཨ་རིག་དགེ་མཐོང་མིང་འཛིན་པ་དེས་སེར་སྐྱ་མང་ཚོགས་བར་གྱི་མཐུན་ལམ་ལ་གཏོར་ལག་མ་གཏོང་རོགས། ཁྱེད་ཀྱིས་འདི་བཤད་པ་དང་པོ་མ་རེད། དོན་དམ་པའི་ཁྱེད་རང་ལ་དགོས་པ་དཀྲིགས་ཤིང་ཡིན་ནམ་འཆམ་མཐུན་ཡིན། གླེན་རྟགས་འདི་འདྲ་བསྟན་ནས་བོད་ཀྱི་དུས་བབ་ཚང་གི་དྲྭ་རྒྱ་འཕྲོད་ལྷག་ལ་གཏོང་རོགས་ཞུ། ཁྱེད་རང་རྩོམ་པ་པོའང་མ་རེད་ཀློག་པ་པོ་ཡག་པོ་ཞིག་ཀྱང་མེད། དེ་ལས་་གདོང་པ་མི་མཐོང་ས་ཞིག་ལ་འགྲོ་རོགས།

    Reply
  8. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཧ་ཅང་བཟང་གི་འདི་འདྲའི་རིགས་ཡར་རྒྱས་སུ་ཕྱིན་ན་སྤྱི་ཚོགས་འཚོ་བར་ཕན་ཐོག་དང་འུ་ཅག་གི་རིག་གནས་ནང་ནོམ་ཕུགས་ནོར་དང་བཅས་བ་འཛམ་གླིང་གོ་ལའི་དབུ་རྒྱན་དུ་ཕུལ་ཐུབ་རྒུ་མ་ཟད།གྲྭ་བ་ལ་མདུན་ལམ་མེད་ཟེར་མཁན་ཚོ་ཡང་གུ་དོག་གི་བསམ་བློ་ལས་ཐར་ཐུབ་བའི་རེ་བཡོད།མི་མཐུད་ནས་བསམ་བློའི་གོ་རྟོགས་མཐོ་ཞིང་ཕུགས་བསམ་གྱིབཞུརརྒྱུན་རིང་བའི་རེ་བ་ཡོད།།

    Reply
  9. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཧ་ཅང་བཟང་གི་འདི་འདྲའི་རིགས་ཡར་རྒྱས་སུ་ཕྱིན་ན་སྤྱི་ཚོགས་འཚོ་བར་ཕན་ཐོག་དང་འུ་ཅག་གི་རིག་གནས་ནང་ནོམ་ཕུགས་ནོར་དང་བཅས་བ་འཛམ་གླིང་གོ་ལའི་དབུ་རྒྱན་དུ་ཕུལ་ཐུབ་རྒུ་མ་ཟད།གྲྭ་བ་ལ་མདུན་ལམ་མེད་ཟེར་མཁན་ཚོ་ཡང་གུ་དོག་གི་བསམ་བློ་ལས་ཐར་ཐུབ་བའི་རེ་བཡོད།མི་མཐུད་ནས་བསམ་བློའི་གོ་རྟོགས་མཐོ་ཞིང་ཕུགས་བསམ་གྱིབཞུརརྒྱུན་རིང་བའི་རེ་བ་ཡོད།།

    Reply
  10. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    རང་གི་ཤེས་རིག་མ་རྩ་མེད་བཞིན་དུ།།
    གཞན་རིག་ཚན་རྩལ་མཉམ་དུ་བདུར་ཤེས་ན།།
    སྔོན་མ་དྲགས་པའི་སྔོན་ཐོན་གསར་པ་ཞིག །
    མི་རིང་མག་ལོར་རྒན་ཇིར་དར་ངེས་རེད། །

    Reply
  11. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    མིག་འཕྲུལ་མ་རེད་། མིག་འཁྲུལ་རེད་ཧ་ཧ་་་་སེམས་ཀྱང་འཁྲུལ་ཡོད་པ་འདྲ་ཅི་ཁག་ཅི་ཁག་མི་སྐྱོན་མི་སྐྱོན། དགེ་ལུགས་རྒྱུགས་སྤྲོད་མ་འཕྲོད་ཡང་གྲྭ་བའི་གྲལ་མཐའ་ཡིན་ན་ཆོག་གང་ལྟར་དགོན་སྡེ་ཞིག་ནས་ཡོངས་བ་ཡིན་ན་མ་མཐར་མི་སྐྱ་ལས་བཟང་བ་སྨྲོས་རེད་དེས་ན་རེ་བ་གང་འཚམ་བརྒྱབ་ཆོག་གི་རེད། མི་སྐྱའི་དབྱིན་ཅི་ཤེས་ཀྱང་ཧ་ལས་ན་ཕྲུ་གུ་གཉིས་དང་ཆུང་མ་གཅིག་གསོ་སྲིད་དེ་ལས་དགེ་བཤེས་ཡིན་མིན་ལ་མ་བལྟས་བར་གྲྭ་འགའ་དབྱིན་ཅི་སླབ་ཐུབ་ན་རེ་བ་ཡོད་རེད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྗེ་བླ་མ་བཟང་བོས་ལམ་སྟོན་འོག
    མི་རེ་ཟུང་འབུར་ནས་ཡོང་གི་འདུག
    དོན་ཁ་སེམས་མཐུན་ཞིང་ལག་ལེན་དངོས།
    བོད་སྤྱི་འབངས་ཡོངས་ལ་འབུལ་བར་སྨོན།

    Reply
  13. འཕྲུལ་མིག says:
    ལོ་ 16 སྔོན།

    སྤྱིར་སྟངས་ཡག་པོ་རེད། ཡིན་ནའང་འདི་འདྲའི་རིགས་ལ་གདན་སའི་ནང་གི་ཤེས་ཡོན་གནས་ཚད་མཐོ་བོ་ཡོད་མཁན་ཚོས་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་རེད། འདི་ཚོའི་ནང་ལ་ནང་ཆོས་དང་སྐད་ཡིག་གི་རྒྱུན་ཤེས་ཙམ་ལ་ཡང་རྨོངས་བསྡད་མཁན་ཡོད་པ་རེད། དེ་འདྲ་ཞིག་གིས་ཚན་རིག་གི་ལེགས་ཆ་བླངས་ནས་ནང་ཆོས་ཀྱི་ཆེ་བ་འདོན་ཐུབ་མི་ཐུབ་བསམ་བློ་གཏོང་དགོས། དཔེ་དེ་བཞིན་སྐུ་སྒེར་ན་དབྱིན་རྒྱའི་སྐད་ཡིག་སྦྱང་ས་དགེ་བཤེས་རྐྱང་བའི་སློབ་གྲྭ་ཞིག་བཙུགས་ཡོད་པ་རེད། དེའི་ནང་ན་ཡང་དགེ་ལུགས་རྒྱུགས་སྤྲོད་ཁུངས་མ་འཁྱོལ་མཁན་དང་། དགེ་ལུགས་རྒྱུགས་སྤྲོད་འཕྲོད་ཙམ་བྱུང་ནའང་སྤྱིར་ཤེས་ཚད་སྐྱོ་བོ་དེ་འདྲ་ཞུགས་ཡོད་པ་འདྲ། དེ་བཞིན་ཕྱོགས་མཐའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་ཆོས་དགེ་གཏོང་སྐབས་ཀྱང་དེ་འདྲ་ཞིག་གི་འགྲིག་གི་རེད་ཅེས་སྐྱོ་བོ་དེ་འདྲ་གཏོང་སྲོལ་ཞིག་ཀྱང་ཡོད་ཚོད་འདུག་པས། འདི་འདྲའི་སྐབས་ལ་མི་དེ་འདྲ་ཞིག་གིས་༸གོང་ས་མཆོག་གི་དགོངས་གཞི་ཆ་ཙམ་ཞིག་སྒྲུབ་ཐུབ་མི་ཐུབ་དེ་འཛུལ་ཞུགས་བྱེད་མཁན་དང་། སྟངས་འཛིན་བྱེད་མཁན་གཉིས་ཀས་དགོངས་པ་བཞེས་ཏེ་གཟབ་གཟབ་གནང་ན་ཡག་པོ་འདུག

    Reply
  14. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཨ་རིག་ཀླན་པ་ལགས། ཁྱེད་ཀྱི་བཤད་པར་རྒྱུ་མཚན་འདུག གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལགས་ཀྱི་སྨོན་ལམ་བོད་ཡིག་གསུམ་པ་དང་། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་གཉིས་གསར་དུ་ཁྱབ་བསྒྲགས་བྱས་མ་ཐག ད་ལོའི་ཟླ་ ༤ ཚེས་ ༢ ཉིན་གངས་སྐྱིད་སྤྱི་ཐབ་ཐོག་ཁང་ནས་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཆེ་ཕྲ་ ༨༠ ལྷག་དང་། ལྷག་པར་དུ་སློབ་གྲྭ་ཁག་གི་གློག་ཀླད་དགེ་རྒན་དག་ལ། བོད་ནས་ཕྱིས་སུ་འབྱོར་ཞིང་གདན་ས་ནས་ཆོས་སྦྱོང་མཁན་གྲྭ་རྐྱང་དཀྱུས་མ་ཞིག་གིས་དེང་རབས་ཀྱི་གློག་ཀླད་སྐོར་ལ་ཟབ་སྦྱོང་སྤྲད་སྐབས། ང་ལའང་དེ་འདྲའི་ཚོར་བ་ཞིག་སླེབས་སོང་།

    Reply
  15. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    སྒྱུད་ལུགས་ཅན་གྱི་མི་རིགས་འདི་ལ་བླ་གྲྭ་སྐོར་གཅིག་གིས་ལམ་སྟོན་གསར་བ་ཞིག་མགོ་བཙུགས་འདུག་ཐུགས་རྗེ་ཆེ། ཆོས་གྲྭ་བའི་བྱེད་དགོས་། སྲིད་གྲྭ་བའི་བྱེད། ད་ཚན་རིག་དང་དཔལ་འབྱོར་གྲྭབའི་བྱེད་མདོར་ན་ཡོད་ཚད་གྲྭ་བའི་བྱེད་དགོས་ན་ངོ་མ་བོད་རིགས་མི་སྐྱ་འདི་ཚོ་གྲྭ་བའི་ཁུར་བོ་རང་རེད།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བོདཀྱི་བླ་གྲྭ་འདི་ཚོས་ཚན་རིག་དང་ནང་ཆོས་དཔྱད་བསྡུར་བྱས་པ་ཙམ་གྱིས་མི་འཇོག་པར་གྲུབ་དོན་དེས་འཇིག་རྟེན་ལ་ཕན་བདེ་བསྐྲུན་པར་ནུས་ཤུགས་འདོན་ཐུབ་ན་ཅི་མ་རུང་། དེ་མིན་ཁ་བདེ་པོར་བཤད་པ་ཙམ་གྱིས་ཅི་ཡང་ཕན་གྱི་མ་རེད། དཔེར་ན། ཚན་རིག་པས་སྣོད་བཅུད་ཉམས་ཆག་ལ་སེམས་ཁུར་བྱེད་ཀྱིན་ཡོད་རེད། ཡིན་ན་ཡང་བོད་ཀྱི་བླ་གྲྭ་ཚོས་སྐྱེ་ཤིང་འདེབས་འཛུགས་དང་གད་སྙིགས་གཙང་ཕྱགས་བཅས་ལ་འབད་མཁན་དང་མང་ཚོགས་ལ་ལམ་སྟོན་བྱེད་མཁན་དཀོན་པོ་རེད། བོད་པའི་བླ་གྲྭ་འདི་ཚོས་ཁ་བདེ་བོ་ཤོད་སྤྱད་ཅིག་མ་གཏོགས་ལག་ལེན་གྱིས་མང་ཚོགས་ལ་ཁེ་ཕན་བསྒྲུབ་མི་ཡོང་སྙམ།

    Reply
  17. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ཚང་མ་བཀླག་ཟིན་ཡག་པོ་བྱུང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese