མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གཉིས་ཀྱིས་ཏཱ་ལའི་བླ་མའི་ཚབ་གནང་དགོས།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་༧གོང་ས་མཆོག་གིས་གསུང་བཤད་ཅིག་གི་སྐབས་མི་གཉིས་ཀྱིས་ཁོང་གི་རྗེས་འཛིན་གནང་དགོས་པ་དང་། གཅིག་ནི་ཆོས་ཀྱི་དབུ་ཁྲིད་ཅིག་དང་། གཞན་དེ་ནི་དམངས་གཙོའི་ལམ་ནས་བདམས་པའི་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་དགོས་ཞེས་གསུངས་ཡོད་འདུག

མེ་ཡ་མི་ཆོས་ལུགས་ནང་ཁུལ་གྱི་བསམ་བློའི་བརྗེ་རེས་རྟོག་ཞིབ་ཚན་ཁག་གི་ཌོག་ཊར་ ཌེབ་བྷུ་རོན་གྱིས་གནས་ཚུལ་སྤེལ་དོན། ༧གོང་ས་མཆོག་གིས་ཉེ་ལན་གསུང་བཤད་ཅིག་གི་སྐབས་སུ་དགོངས་ཚུལ་བཏོན་དོན། ཁོང་གི་རྗེས་འཇུག་པ་དེ་མི་གཅིག་མིན་པར་མི་གཉིས་ལས་གྲུབ་དགོས་ཤིང་། གཅིག་ནི་ཆོས་བྱེད་སྐྱེས་བུ་ཞིག་དང་གཞན་དེ་ནི་དམངས་གཙོའི་རང་དབང་གི་འོས་འདེམས་བརྒྱུད་ནས་སླེབ་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་དགོས་ཀྱི་འདུག ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ཁུར་ནས་མི་ལོ་ ༤༠༠ ནས་ ༥༠༠ བར་ཕྱིན་པ་རེད། ལམ་ལུགས་དེ་ནི་ཕན་ཐོགས་ཅུང་ཙམ་བྱུང་ཡོད་པ་འདྲ། ཡིན་ཡང་དུས་སྐབས་དེ་རྫོགས་ཚར་བ་རེད། དམངས་གཙོ་ལ་སྐྱོན་ཆུང་ཙག་རེ་ཡོད་ཀྱང་དེ་ནི་ལམ་ལུགས་ཡག་ཤོས་དེ་ཆགས་ཡོད་པ་ནི་དེ་རིང་གི་འཛམ་གླིང་སྤྱིའི་གནས་སྟངས་ལས་གསལ་བོར་མཐོང་ཐུབ་གི་རེད། བོད་པ་རྣམས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་འགྲོ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ཅེས་གསུངས་ཡོད་པ་རེད།

ཌོད་ཊར་ ཌེབ་བྷུ་རོན་གྱིས་བཤད་དོན། ༧གོང་ས་ཏཱ་ལའི་བླ་མའི་དགོངས་ཚུལ་འདི་ལ་བོད་མི་རིགས་ཀྱིས་རྒྱབ་སྐྱོར་གནང་མིན་མི་ཤེས་ཀྱང་། ཁོང་གི་བཀའ་མོལ་འདི་ནི་འགྱུར་བ་གཏོང་རྒྱུའི་སྐུལ་འདེད་ཀྱི་བཀའ་གསུང་ཡིད་དུ་འོང་བ་ཞིག་རེད། ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 20

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དགོངས་ཚུལ་འདི་ལྟ་བུ་ཞིག་འཁྲུངས་པ་ནི་དངོས་གནས་ཡ་མཚན་དགོས་པ་ཞིག་རེད། གལ་སྲིད་ཆོས་ཕྱོགས་ཀྱི་དབུ་འཛིན་ཞིག་དང་སྲིད་ཕྱོགས་ཀྱི་དབུ་འཛིན་གཉིས་ཁ་ཁག་དུ་དགོས་ཚེ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་ད་བར་དུ་དར་བའི་ཆོས་སྲིད་ཟུང་འདྲེལ་གྱི་ལམ་ལུགས་དེ་མེད་པ་བཟོ་བར་་རྒན་རབས་པ་རྣམས་མི་འདོད་པ་དང་གཞོན་སྐྱེས་རྣམས་མཚམས་པ་ལྟ་བུ་ཞིག་གི་ཐོག་ནས་བརྩོད་རྙོགས་ཞིག་ཡོང་ངེས་ཡིན།
    དེར་བརྟེན་དེ་ལྟ་བུ་ཞིག་ངེས་པར་དགོས་ཚེ་མགོན་པོ་གང་ཉིད་ཞུགས་རིང་ཐག་གཙང་མ་ཞིག་བཅད་དགོས་པ་ལས་རྙོག་ཁྲ་དེ་ཕྱི་རབས་པ་རྣམས་ལ་ཞག་མི་ཉན། །

    Reply
  2. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    ཨ་རོགས་ང་ཚོ་མཁས་མདོགས་དང་མགྱོན་མདོགས་བྱས་ནས་ཆོས་སྲིད་ཟུང་འབྲེ་སྐྱོན་བརྗོད་བྱེད་ཀྱི་འདུག་ཡིན་ནའང་ངས་ལྟས་ན་ཆོསa་སྲིད་ཟུང་འབྲེལ་ད་ལྟའི་བོད་གཞུང་གི་སྲིད་བྱུད་ཡོངས་སུ་མཐོན་པ་མ་ཟད་འཛམ་གླིང་ཡོངས་ཀྱི་གུས་བརྩེ་བྱེད་ཀྱི་ཡོད་རེད་ཤེས་སོང་ངམ།

    Reply
  3. ཨ་དོན says:
    ལོ་ 16 སྔོན།

    ཨ་ཁ་ ཁོང་གུ་ནོར་འདུག་ ད་མ་བཟང་སོང དངོས་གནས་གསུང་ཡོད་མ་རེད་བསམ་འདུག་ བདེན་ན་ཚར་སོང

    Reply
  4. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    གནས་ཚུལ་ནང་མོ་ཞིག་ག་གློ་བུར་གློ་བུར་དུ་འགྱུར་བ་འགྲོ་གི་རེད། ཆབ་སྲིད་ཀྱི་འགྱུར་བ་ནི་འགྱུར་བ་ནང་གི་གཏན་ཤོས་ཤིག་རེད་ཀྱང་། དེ་ཡང་ནམ་ཞིག་འགྱུར་འགྲོ་བ་དང་། ཇི་འགྱུར་འོང་བ་ནི་སུས་ཀྱང་བཤད་དཀའ་མོ་རེད། དུས་རབས་ཀྱི་འཕེལ་རིམ་དང་བསྟུན་ནས་མི་ཡི་བསམ་བློ་ཡང་འགྱུར་བ་ཆོས་ཉིད་རེད། ༧ གོང་ས་མཆོག་གིས་ཁོང་གི་ཚབ་མི་གཉིས་ཀྱིས་བྱ་དགོས་གསུངས་པ་འདི་དངོས་གནས་རླབས་ཆེན་ཞིག་རེད། འདི་ནི་ཁོང་གི་རིན་ཐང་ཅན་གྱི་བཀའ་སློབ་ཐམས་ཅད་ཀྱི་ནང་ནས་ཀྱང་རིན་ཐང་ཆེ་ཤོས་གྲས་ཀྱི་བཀའ་སློབ་ཅིག་ཀྱང་རེད། འདི་ནི་ཁོང་གིས་འཛམ་གླིང་ཡུལ་གྲུ་མང་པོར་ཕེབས་པའི་བརྒྱུད་དེ་དང་དེའི་ཆབ་སྲིད་ཀྱི་འགྲོ་སྟངས་དང་སྤྱི་ཚོགས་ཀྱི་གནས་བབས་སོགས་ལ་རྒྱུས་ལོན་ཞིབ་ཚགས་གནང་ཞིང་། དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་བོད་པ་ཚང་གི་མ་འོངས་པར་ཐུགས་བསམ་རྒྱ་ཆེན་བཞེས་ནས་གསུངས་པ་ཞིག་རེད།
    ཆོས་སྲིད་གཉིས་ཁ་ཁར་ཕྱེ་དགོས། དེ་ལ་དགེ་མཚན་ལས་ནོར་བ་ཅུང་ཟད་ཙམ་ཡང་མེད། ད་ལྟའི་ཆར་༧གོང་ས་མཆོག་གིས་ཕྱོགས་གཉིས་ཀ་བདེ་རླག་ངང་འཛིན་སྐྱོང་གནང་ཐུབ་ཀྱིན་ཡོད་ན་ཡང་ཁོང་གི་རྗེས་སུ་ཁོང་ལྟ་བུ་ཞིག་གང་ནས་འཚོལ་ལམ། ངས་སྐད་ངན་བཤད་པ་མིན་ཀྱང་ཁོང་ལྟ་བུ་ཞིག་རྙེད་མི་སྲིད་པ་ཞིག་རེད། ཁོང་ལྟ་བུ་ཞིག་མེད་ན་ཆོས་སྲིད་གཉིས་ཀྱི་བདག་པོ་ག་ལ་ཐུབ། དེ་མི་ཐུབ་པ་གསལ་པོ་རེད་འཛམ་གླིང་ནང་དུ་ཁོང་ལས་ལུགས་གཉིས་ཀྱི་འགན་གཙང་བཞེས་གནང་ཐུབ་མཁན་ཞིག་སུ་འདུག ཁོང་གི་རྗེས་སུ་སེར་མོ་བ་སྲིད་འཛིན་དུ་བསྐོས་གཏན་ནས་མི་རུང་། དེ་ཡང་གནད་འགག་ཞིག་རེད། འོན་ཀྱང་ཆོས་ཕྱོགས་ཀྱི་དབུ་ཁྲིད་དེ་སེར་སྐྱ་སུས་བྱ་དགོས་རེད་ཅེ་ན་དེ་ནི་སྐབས་དེ་དུས་ཕོ་སུས་འཇོན་ལས་ད་ལྟ་ནས་ཐག་གཅོད་ཐུབ་པ་ཞིག་རྩ་ནས་མ་རེད། དེང་སང་བོད་ཕྱི་ནང་གཉིས་ནས་ཆོས་སྲིད་གཉིས་སོ་སོར་དབྱེ་དགོས་པའི་བསམ་ཚུལ་བཏོན་མཁན་ཤེས་ཡོན་ཅན་གྱི་གཞོན་སྐྱེས་མང་དུ་འགྲོ་བཞིན་ཡོད། མང་པོ་ཞིག་གིས་ད་དུང་བོད་པ་ཚང་འདི་ལྟར་རྗེས་ལུས་དང་རང་མགོ་མི་ཐོན་པའི་གནས་སུ་གྱར་བ་ནི་བླ་མས་སྲིད་དབང་བཟུངས་བའི་ཞན་ཆས་བྱས་པ་རེད་ཅེས་ཤོད་ཀྱི་ཡོད། དེ་ལའང་གནས་ལུགས་དང་བདེན་ཁ་མེད་པ་གཏན་ནས་མ་རེད། དེས་ན་ང་ཚོས་༧་གོང་ས་མཆོག་གི་རྗེས་སུ་ལུགས་གཉིས་སོ་སོར་ཕྱེ་ནས་འཛམ་གླིང་འདིའི་ཐོག་ཏུ་གོམས་པ་གསར་པ་ཞིག་སྤོ་རན་འདུག་གོ

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ངོ་མ་༧ གོང་ས་མཆོག་གི་གསུངས་འདི་ཡ་མཚན་ཞིག་རེད། འོན་ཀྱང་། ངས་བལྟས་ན་འུ་ཚོའི་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གི་འཐུས་ཚབ་ཅིག་ཧ་ཅང་ཁག་པོ་མ་རེད་དམ། ད་ལྟ་འུ་ཚོ་གནས་སྟངས་དེ་འདྲ་ཞིག་གི་ནང་དུ་ལྷུང་ཡོད་དུས་ཁོང་གི་སྐུ་ཚབ་བྱེད་མཁན་ཞིག་ཁག་པོ་རེད་འདོད་ཀི སྤྱིར་འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་བཤད་ན་༧་གོང་ས་མཆོག་གི་སྲིད་ཕྱོགས་ཀྱི་སྐུ་ཚབ་ཞིག་དགོས་ངེས་ཡིན་མོད། དེ་ནི་ཧ་ཅང་ཁག་པོ་རེད། ཆོས་ཕྱོགས་ནས་ཨ་ཅང་ཅང་། ཁྱེད་ཚོས་བལྟས་ན་ག་འདྲ་རེད།

    Reply
  6. Tenzin Tsega says:
    ལོ་ 16 སྔོན།

    ཆོས་སྲིད་གཉིས་ཁ་ཁ་ཕྱེ་ན་སྐྱོན་མེད་ཀྱང་། གོང་ས་མཆོག་གི་ཆོས་ཀྱི་དབང་ཆ་སྔར་བཞིན་བཟུང་དགོས་པ་ནི་ཧ་ཅང་གི་འགལ་ཆེ་ཞིག་ཡིན། རྒྱུ་མཚན་ཁྱེད་རྣམས་ཀྱིས་ཤེས་གསལ་རེད། སྲིད་ཀྱི་བདག་དབང་ཁྲི་པ་མཆོག་གམ་གཞན་ཞིག་འདེམས་ནའང་སྒྲིག།

    Reply
  7. Lodreu says:
    ལོ་ 16 སྔོན།

    Tashi Delek!

    Reply
  8. རྩམ་པ། says:
    ལོ་ 16 སྔོན།

    མེས་པོའི་དུས་ནས་བཟུང༌། གང་ལྟར་ཕྱོགས་བསྡོམས་ན། མི་ལོ་ 400་མིན་ཙམ་གྱི་དུས་ཡུན་རིང་ལ་ཕྱི་མིག་བརྒྱབ་བཤིག་གཅིག་བལྟས་ཚེ། ལུགས་གཉིས་ཀྱི་སྲིད་གཞུང་འདོར་རྒྱུ་མེད་པ་ནི། ལོ་རྒྱུས་ཀྱིས་དཔང་པོ་བྱས་ཡོད།

    ལྷག་པར་དུ་བླ་མས་སྲིད་ཅིག་མི་སྐྱོང་ན། དོན་དམ་ཡོང་རྒྱུ་དཀའ་བ་ཡང་ང་ཚོ་ཚང་མས་བཅོས་མིན་གྱི་སེམས་གཏིང་ནས་ཁས་ལེན་བྱེད་པའི་གནད་ལུགས་འདོར་དུ་མི་རུང་བ་ཞིག་ཡིན།

    དེ་འདྲ་ཡིན་དུས་མི་འདོད་ནའང་ཐབས་མེད་པ་དེ་ལ་ཁས་ལེན་རྒྱུ་ནི་གལ་ཆེན་པོ་རེད་སྙམ། ཡོང་རྒྱུ་མེད་པའི་དེ་རང་བྱེད་འདོད་ན་ནི་དེར་བསྟེན་པའི་གཉེན་པོའམ་ཐབས་ལམ་ཞིག་མི་མངོན། མངོན་འདོད་ནའང་མི་མངོན་པ་ལས། མི་མངོན་པའི་ཆེད་དུ་མངོན་འདོད་ནས་མི་མངོན་པ་ཞིག་མིན་པ་ནི་ཚང་མས་ནོར་བ་མེད་པ་གནང་རོགས་ཞུ།

    Reply
  9. ཨ་ལ་ལ says:
    ལོ་ 16 སྔོན།

    རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཡོད་ཚད་ཐད་ཀར་ང་ཚོར་གསུངས་ཡོད་ཀྱང་ང་ཚོས་དེ་ལ་ཐད་ཀར་གོ་བ་བླངས་ན་མི་འགྲིག་་་དཔེར་ན།ཐེངས་འདིའི་བཀའ་སློབ་འདི་ལྟ་བུ་རེད།ཆོས་སྲིད་གཉིས་ཐད་ནས་ང་ཚོར་འགན་དབང་གནང་ཡོད་ལ་འགན་ཁུར་དུ་འཇུག་འདོད་ཀྱང་ཡོད།་འོན་ཀྱང་ད་ལྟ་ཛ་དྲག་གི་གནས་བབ་འདི་ལ་དཀྱེལ་ཆེའི་ཐུགས་དགོངས་དང་བཟོད་བསྲན་བྱེད་ནུས་པའི་མི་སུ་ཞིག་ཡོད་པ་རེད།དེ་ཙམ་དུ་མ་ཟད་འདི་ལྟ་བུའི་བཀའ་སློབ་ཡོང་དོན་ཡང་བོད་ཀྱི་ཁོར་ཡུག་དང་དེ་བཞིན་འཛམ་གླིང་ཡུལ་གྲུ་མང་པོར་གནས་བཅས་པའི་མི་མང་པོ་ཞིག་གིས་ད་ལྟའི་བོད་ཀྱི་གནས་བབ་འདིའི་ཉེན་ཁ་མ་མཐོང་བར་འཕག་འཚག་ཞེ་དྲག་རྒྱག་རྒྱུ་ཡོད་པར་མཐོང་ནས་བོད་ཀྱི་ཆོས་སྲིད་ཀྱི་གནས་བབ་ལ་སྐྱོན་བརྗོད་མང་ཙམ་བཤད་མཁན་འདུག་་་་ད་དུང་བསམ་བློ་གཏིང་ཟབ་ཡིནཁུལ་གྱིས་ཆོས་སྲིད་ཁ་ཁར་དགོས་ཚུལ་ཡང་བཤད་ཀྱི་ཡོད་པ་རེད།དེ་ལ་འདི་ལྟར་བརྗོད་དེ་ཆོས་སྲིད་ཁ་ཁར་མི་བྱེད་ཟེར་མཁན་སུ་ཞིག་འདུག་དེ་འདྲ་ཡོད་ན་དེ་ལ་མཛུབ་མོ་བཙུག་ནས་ཐེར་འདོན་བྱེད་དགོས་པ་ཡོད་ཀྱང་དེ་འདྲ་གང་ཡང་མེད་པར་ཚོད་ཚོད་ཅིག་བཤད་བསྡད་ན་དོན་དམ་དུ་དེ་དག་ཅི་ཞིག་ཡིན་པ་སྨོས་ཅི་དགོས།ཁོང་ལ་མཚོན་ན་འགན་ལེན་མཁན་ཞིག་ཡོད་ན་ད་ལྟ་རང་དུ་རྩིས་སྤྲོད་གནང་འདོད་ཡོད་པ་ང་ཚོས་དྲིན་ལན་ལོག་འཇལ་ད་བར་དུ་བྱས་པ་འདི་ནས་མཚོན་ཐུབ།འོན་ཀྱང་ད་ལྟ་དེ་འདྲ་སུ་ཞིག་ཀྱང་བོད་ཕྱི་ནང་གཉིས་ན་མེད་ཅིང་།་དུས་ཚོད་དེ་ནི་མ་འོངས་པར་བོད་རང་དབང་སླར་གསོ་བྱས་མཚམས་ཀྱི་ལས་ཀ་ཞིག་ཡིན་པ་ལས་ད་ལྟའི་འོས་བབ་མིན་ནོ།།

    Reply
  10. རྒྱ་གྲོ་བ། says:
    ལོ་ 16 སྔོན།

    ༧རྒྱལ་བའི་བཀའ་དགོངས་གཟབ་མོ་འདི་ཉིད་ལ་ང་ཚོས་ངེས་པར་བསམ་ཤེས་ཀྱི་ལས་འགུལ་ཞིག་སྤེལ་དགོས་པ་གལ་ཆེ། ་

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རྒྱལ་བའི་དབང་བོ་མཆོག་གིས་བཀའ་སློབ་དེ་ནི་ཚོགས་འདུ་གང་ཞིག་ནས་གསུང་བ་དང་བཀའ་སློབ་དེ་སུས་བཀའ་ལན་ཏུ་གནང་བ་ཡིན་མིན་གསལ་བོ་ཞིག་བཟོ་རོགས་ཞུ། དེ་ནས་ངས་ཀྱང་རང་གི་བསམ་ཚུལ་ཕྲན་པུ་ཞིག་འབྲི་འདོད་ཡོད།

    Reply
  12. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀྱི་སྐུ་ཚབ་རེ་རེ་དགོས་ཀྱི་འདུག་གསུངས་པ་འདི་ནི་ཤིན་ཏུ་གལ་ཆེ་བའི་གསུང་ཞིག་རེད། ངས་བསམ་ན་གོང་ས་མཆོག་གི་དགོངས་གཞི་ནི་མ་འོང་བར་ཆོས་སྲིད་གཉིས་ཁ་ཁ་དབྱེ་རྒྱུ་ཐུགས་འདུན་ཁྱད་པར་ཅན་ཞིག་ཡིན་པ་འདྲ། ཆོས་སྲིད་གཉིས་ཁ་ཁ་དབྱེ་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཞིག་ཏུ་དགོངས་ཀྱིན་ཡོད་པ་འདྲ། ངས་བལྟས་ན་ཆོས་པས་ཆོས་རྣམ་དག་ཅིག་སྒྲུབ་རྒྱུ་དང་། ཆབ་སྲིད་པས་ཆབ་སྲིད་ལ་ཐུས་ཤོར་མི་འགྲོ་བ་ཞིག་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོར་མཐོང་གིན་འདུག དེ་མིན་མང་བོ་ཞིག་གིས་ཆོས་སྲིད་ཟུང་འབྲེལ་གྱི་ཕྱག་ལས་གནང་བར་སྙམ་ནས་ཆོས་ཀྱང་མ་གྲུབ་ཆབ་སྲིད་ལ་འཐུས་ཤོར་ཚད་མེད་པ་ཞིག་འགྲོ་བཞིན་པ་ནི་སྨོས་མ་དགོས་མོད།

    Reply
  13. ཟུར་མཁར་ says:
    ལོ་ 16 སྔོན།

    འདི་ངོ་མ་གནད་འགག་རེད། མི་ནག་ཚང་གི་ལྟ་བར་རྒྱབ་སྐྱོར་ཡོད། དྲ་གྲོགས་ཚོས་ཀྱང་བསྟན་བཤིག་མ་བསླངས་ནས་བཀའ་མོལ་ཡག་པོ་གནང་བའི་རེ་བ་རྒན་འཁོག་ཉག་ཐག་ང་ལ་ཡོད་དོ།

    Reply
  14. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་གིས་གླེན་བཤད་ཐུང་ཐུང་ཞིག་བྱས་འདུག་ཀྱང་བསམ་པ་རྣམ་དག་ཡིན་པར་གྱུར་ཅིག
    མཆོད་མེ་དང་མེ་མདའ། འདི་འདྲའི་མཚན་གཞི་ཐེབས་ཆག་གཅིག།
    སྲིད་བྱེད་ན་ངེས་པར་ཏུ་མེ་མདའ་མི་དགོས་པ་ཆོས་བྱེད་ན་ངེས་པར་ཏུ་རི་ཁྲོད་འགྲིམ་མི་དགོས་པ་དྲ་གྲོགས་རྣམ་པའི་ངེས་པ་བྱེད་རོགས།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    འདི་ནི་གངས་ཅན་པ་རྣམས་ལ་གདམས་ངག་ཟབ་མོ་ཞིག་དང་། ལྷག་པར་ཆོས་སྲིད་ཀྱི་གོ་རྟོགས་སྤེལ་ཕྱིར་གསུངས་པ་ཞིག་ཀྱང་རེད་འདུག་སྙམ། དེར་བརྟེན་དྲ་གྲོགས་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་ལ་བསམ་བློའི་གོ་རྟོགས་སྤེལ་རེས་གནང་ན་ག་འདྲ་འདུག

    Reply
  16. གནས་ཚང་། says:
    ལོ་ 16 སྔོན།

    ཁོ་རེ་ཆོས་སྲིད་ཁ་ཁ་ཕྱེ་སྟངས་ཨེ་འདྲ་ཡོད།
    ༡ སྲིད་སྐྱོང་ནི་དམག་ཇུས་འགོད་མཁན་ཡིན་ཞིང་། བོད་ལ་རང་དབང་འདིའི་སྒང་ནས་རེག་དགོས།
    ༢ ཆོས་སྐྱོང་མཁན་ནི་རྣམ་དག་མི་ལ་རས་པ་ལྟ་བུ་བྱུང་ནས་འཛམ་གླིང་གི་བསམ་བློའི་དབུ་འཁྲིད་གནང་དགོས།

    འདི་ནི་ལག་པ་གཅིག་ནང་མེ་མདའ་དང་། གཞན་དེའི་ནང་མཆོད་མེ་བཟུང་བ་ལྟ་བུ་མ་ཡིན་ནམ།

    Reply
  17. ཨ་མྱེ says:
    ལོ་ 16 སྔོན།

    མི་ལུང་རྒྱལ་ཝ་ཡེ།་་ཆོས་སྲིད་གཉིས་ཁ་ཁར་གང་འདྲ་བྱེད་དགོས་ཁྱོད་ལ་བསམ་བློ་གསར་་བ་ཞིག་ཡོད་ན་བོད་ལ་མི་བཤད་སུ་ལ་བཤད།་་་་ཡ་གསུང་རོགས།

    Reply
  18. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཨ་གླེན་གྱིས་་བཤད་པ་བདེན་པ་རེད་ང་ཡང་དེ་ལ་དགའ་དེ་ཡེ་རེད་

    Reply
  19. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    སྲིད་ལ་དགའ་མཁན་དག་སྲིད་ལ་བརྩོན་དང་སྲིད་འཇོན་ན་ཆོས་སྲིད་གཉིས་ཁག་ཁག་རང་ཤུགས་ཀྱིས་གྱེས་འགྲོ། སྲིད་མ་འཇོན་ན་ཆོས་ཀྱིས་རོགས་རམ་མི་བྱེད་རང་བྱེད་རེད། ༼ མ་རུལ་མ་ཡིས་འཇོན་ནོ་གཉོག་རེད།། སོ་མེད་མཁན་གྱིས་ཟ་རྒྱུ་དེ་རེད།། སྲིད་ནུས་མེད་ཀྱི་རྒྱབ་རྩ་ཆོས་རེད།། བོད་རྗེས་ལུས་ལ་རན་ནོ་དེ་རེད།།༽

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ང་ཚོ་དམངས་གཙོ་ཡང་དག་པ་ཞིག་གི་ལམ་ལ་འགྲོ་དགོས་ཀྱི་འདུག དེར་འགྲོ་ན་ཆོས་སྲིད་གཉིས་ཀྱང་ཁ་ཁར་ཕྱེ་དགོས་ཀྱི་འདུག སྤྱི་ཚོགས་ཤིག་ལ་རང་གི་འཁོར་སྐྱོད་ཀྱི་ལམ་ལུགས་ཡང་དག་ཅིག་ཡོད་ན་ལས་ཀ་ཅི་བྱས་ཀྱང་དཀའ་ངལ་ཞེ་དྲག་འཕྲད་གི་མ་རེད་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese