མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མནར་གཅོད་ཀྱི་གོ་རིམ་བཀླགས་རྗེས། པདྨ་ཚེ་དབང་ཤཱསྟྲི།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

པདྨ་ཚེ་དབང་ཤཱསྟྲི།

ཉེ་ཆར་ཁ་བརྡ་དྲྭ་རྒྱའི་ནང་དུ་ཐོན་པའི་འཇམ་དབྱངས་སྐྱིད་ལཊ་ཀྱི་མནར་གཅོད་ཀྱི་གོ་རིམ་ཞིག་ཅེས་འགོ་བརྗོད་དུ་འཁོད་པ། ཁོ་མོ་རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་ཐོག་རྒྱག་ཏུ་འཛིན་བཟུང་གིས་ཉིན་ཉི་ཤུའི་རིང་བཀག་ཉར་དང༌། དྲི་བརྩད་ཀྱིས་བསམ་ཡུལ་ལས་འདས་པའི་མནར་གཅོད་མྱངས་པའི་སྐོར་ཞིག་བཀླགས་རྗེས། དེ་སྔ་ནཱཛིའི་བཙན་འོག་ཏུ་འཇིའུ་མི་རིགས་ཀྱིས་མནར་གཅོད་སྡུག་སྦྱོང་ཇི་ལྟར་མྱངས་སྐོར་གྱི་གློག་བརྙན་ཞིག་སྐྱར་བལྟ་བྱས་པ་ནང་བཞིན་སེམས་ནང་དུ་འགྲེལ་བརྗོད་བྱེད་མི་ཤེས་པའི་འཇིགས་སྣང་སྐྱི་གཡའ་བ་ཞིག་སྐྱེས།

ཅི་སྟེ་འཇམ་དབྱངས་སྐྱིད་ལྟ་བུའི་ཤེས་ཡོན་ཅན་གྱི་གླུ་མ་དང༌། རྒྱ་གཞུང་གི་བརྙན་འཕྲིན་ཁང་དུ་གསར་འགྱུར་དང་འབྲེལ་བའི་ཕྱག་ལས་གནང་བཞིན་པའི་མི་སྣ་གྲགས་ཅན་དེ་འདྲ་ཞིག་ལ། རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་གིས་ཨ་རིར་ཕྱིར་བསྐྱོད་བྱས་པ་དང༌། ཕྱི་སྡོད་བོད་རིགས་ཁ་ཤས་དང༌། བཙན་བྱོལ་བོད་གཞུང་གི་ལས་བྱེད་དང་འབྲེལ་འདྲིས་བྱས་པ། གཞན་ལ་འཕྲིན་ཐུང་བསྐུར་བ་སོགས་ལ་བསྙད་དེ། ཧ་ལམ་ཉིན་མཚན་བསྟུད་མར་ལས་ཁུངས་དང༌། མགྲོན་ཁང༌། བཀག་ཉར་ཁང་བཅས་སུ་བཀག་བསྐྱིལ་དོ་དམ་གྱི་འོག་ཏུ་དྲི་བརྩད་ཀྱིས་སྡིག་ར་བསྐུལ་སྟངས་དང༌། ཀ་བ་ལ་བསྐོར་ཏེ་མདུང་མར་བརྡ་སྤྲོད་སྟངས་སོགས་ལ་གཞིགས་ན། སྤྱི་ཚོགས་ཀྱི་ནང་དུ་སྙན་གྲགས་མེད་པ་དང༌། རྒྱ་གཞུང་གི་ལས་བྱེད་མིན་པ། ཤེས་ཡོན་མེད་པའི་བོད་མི་དཀྱུས་མ་ཁྲི་ཕྲག་དུ་མར་རྒྱ་གཞུང་གིས་མནར་གཅོད་ཇི་ལྟར་བཏང་དང་གཏོང་བཞིན་ཡོད་པ་ནི་ཚོད་དཔག་ཀྱང་བྱེད་དཀའ་བར་མངོན།

གཞིས་ལུས་གངས་ཅན་པ་ཚོས་རང་གི་མི་རིགས་དང༌། རིག་གཞུང༌། རྒྱལ་ཁབ་བཅས་ཀྱི་དོན་དུ་རྒྱ་འོག་ཏུ་མྱངས་དང་མྱོང་བཞིན་པའི་མནར་གཅོད་དཀའ་སྡུག་གི་གནས་བབ་འདི་ལྟར་ཐོས་ཚེ་བྱེས་འབྱོར་རང་རིགས་ཡོད་དོ་ཅོག་གི་སྙིང་རྩ་རང་ཤུགས་ཀྱིས་འདར་བ་ནི་གདོན་མི་ཟ། ༧རྒྱལ་དབང་སྐལ་བཟང་རྒྱ་མཚོས། ཕྱོགས་ཀུན་འབར་བའི་མེ་ལྕེས་བསྲེག་ཅིང་ཁ་གདངས་མིག་རྩ་དམར་ཁྲོས་པའི། གཤེད་མས་ཁོར་ཡུག་ཀུན་ནས་འཇིགས་བསྐྱེད་ལ་ལ་ཟངས་ཞུན་འབར་བའི་ཁྲོད། ཅེས་སོགས་དམྱལ་ཁམས་ཀྱི་གནས་སྟངས་གསུངས་པ་ལྟར་གཞིས་ལུས་ཆོལ་གསུམ་སྤུན་ཟླ་ཉེས་མེད་གྲངས་ལས་འདས་པ་རྣམས་ཀྱིས་དམྱལ་ཁམས་མི་ཡུལ་དུ་དངོས་སུ་མྱོང་བཞིན་པའི་གནས་སྐབས་དང༌། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང༌། ཁ་བྲལ་རིང་ལུགས། ཏཱ་ལའི་ཤོག་ཁག་སོགས་ལ་ཁ་གཡར་ནས་མདོར་ན། བོད་མི་ས་ཡ་དྲུག་པོ་དེ་རྡུང་རྡེག་ཚ་ནན་དང༌། རྒྱལ་གཅེས་ཆོས་གཅེས་སོགས་གོ་རིམ་ལྡན་པའི་འཐབ་བྱུས་སྣ་ཚོགས་ཀྱི་ལམ་ནས་རྩ་མེད་ཤུལ་མེད་དུ་བཟོ་རྒྱུའི་ངན་འཆར་སྙིང་བཅངས་ཡོད་པ་གསལ་པོར་མངོན་བཞིན་པ་འདིར་བསམ་ཚེ། རང་ཅག་བྱེས་འབྱོར་བ་རྣམས་ནས་མཆོག་གསུམ་ལ་ཐུགས་སྨོན་དང༌། མར་མེའི་ཁྲོམ་བསྐོར། སྐད་འབོད་དང་གོམ་བགྲོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོར་རེ་སྐུལ་ཞུ་བ་སོགས་ཀྱི་ལམ་ནས་གདུང་སེམས་མཉམ་སྐྱེད་མཚོན་པ་བྱེད་རྒྱུ་ཙམ་ལས། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་མྱངས་དང་མྱོང་བཞིན་པའི་དཀའ་ཚེགས་མཉམ་མྱོང་བྱེད་རྒྱུ་ལྟར་བཞག་ཐ་ན་ཕྲན་བུ་ཆུང་དུ་གཏོང་རྒྱུའི་ནུས་པ་ཡང་མེད་པའི་གནས་སྟངས་འདིར་སྐྱོ་བ་གཏིང་ནས་སྐྱེས། འཇམ་དབྱངས་སྐྱིད་ལཊ་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ཉིད་ཀྱི་བདེ་འཇགས་བློ་ཁོག་ཆེན་པོའི་སྒོ་ནས་བློས་གཏོང་གནང་སྟེ་རང་སྟེང་གི་མྱོང་བ་ཟིན་ཐོར་བཀོད་པ་མ་ཟད། དྲ་སྟེང་དུ་བཀྲམས་པ་དེས་གཞིས་བྱེས་བོད་མི་ཡོད་དོ་ཅོག་དང༌། ལྷག་པར་དུ་ཁྱི་སྤྱང་ལག་འབྲེལ་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཚོར་གོ་རྒྱུ་ཆེན་པོ་ཡོད་པའི་བརྡ་རྟགས་ཞིག་སྟོན་པ་དང་ལྷན་དུ་སྐུལ་ལྕགས་ཤུགས་ཆེ་ཞིག་ཀྱང་ཡིན་པར་སྙམ། དེས་ན། བྱེས་འབྱོར་བོད་མི་ཡོད་དོ་ཅོག་དང༌། ཁྱད་པར་དུ་ན་གཞོན་ཚོས། འཇམ་དབྱངས་སྐྱིད་ལཊ་ཀྱིས་རང་སྟེང་གི་མྱོང་བ་མེ་ལོང་གི་ངོས་སུ་འཕོས་སུ་བཅུག་པ་དང་དབྱེར་མེད་པའི་ཟིན་ཐོ་དེ་མ་མཐར་ཡང་ལན་གཅིག་ཀློག་གནང་ཡོང་བ་འཚལ།།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༥ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 9

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གྲོགས་བདེ་མིང་བས་རབ་རིབ་མང་པོ་ཞིག་བཤད་འདུག་ཀྱང་། མདོ་དོན་པད་མ་ཚེ་དབང་གིས་ཟིན་བྲིས་སྟེ་འདོད་ཆགས་དང་ཕྱོགས་ལྷུང་ཡིན་ལ་བོད་རིགས་དཔའ་པོ་མང་པོའི་ལོ་རྒྱུས་ལ་མཐོང་ཆེན་མ་བྱས་པ་སོགས་ལ་འཁང་ར་བྱས་བ་ཙམ་ལས་སྙིང་པོ་མི་གདའ། པད་མས་འཇམ་དབྱངས་སྐྱིད་ཀྱིས་དཀའ་སྡུག་གི་ཟིན་ལ་མཐོང་ཆེན་བྱས་པ་འདི་ཀུན་སློང་ཅི་འདྲ་ཞིག་གིས་བསྐུལ་ཡང་ཕྱི་སྡོད་བོད་མི་ཤེས་ཡོན་པ་གཅིག་གིས་རང་འགན་ཁུར་ཏུ་བླང་པ་རེད་ལ་ལེན་དགོས་པ་ཞིག་ཀྱང་རེད། ད་དུང་རྒྱལ་གཅེས་བ་མང་པོ་ཞིག་གིས་ལོ་རྒྱུས་ལ་མཐོང་ཆེན་བྱེད་མ་ཐུབ་པར་ལྷག་པ་འདི་གོང་གི་བདེ་བ་ཅན་ལྟ་བུས་རང་འགན་མ་སྒྲུབ་པས་བྱས་ཉེས་རེད། མདོོར་ན་བཀག་རྡོ་ཟེར་བ་ནི་བདེ་མིང་པས་སྐད་ཆ་འདི་ལྟ་བུ་ལ་བརྗོད་དགོས།

    Reply
  2. གནས་ཚང་། says:
    ལོ་ 17 སྔོན།

    ཁོ་རེ་བདེ་བ་ཅན། སྟག་སྣ་ལགས་རྒྱལ་ཁབ་གང་གི་མི་སེར་རེད་དམ། རྒྱལ་ཁབ་དེའི་མི་སེར་དུ་ཇི་ལྟར་གྱུར་བ་རེད་དམ། འཛམ་གླིང་གི་བརྒྱུད་ལམ་ཁག་བརྒྱུད་ནས་ཡོང་བ་མིན་ནམ།

    Reply
  3. བདེ་བ་ཅན། says:
    ལོ་ 17 སྔོན།

    ཁོ་རེ་གནས་ཚང་། ཁྱོད་འདི་འདྲའི་བསམ་ཤེས་མེད་པ་ལ། འདས་དོན་ལ་བསམ་ཤེས་མ་བྱས་ཚེ་ང་ཚོས་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ལོ་རྒྱུས་རྣམས་་རྦད་དེ་གཏིང་བརྗེད་དུ་གཏོང་དགོས་དོན་ཡོད་པ་རེད་དམ། ཁྱོད་འདོད་ཆགས་དང་ཞེན་ཁོག་གི་བཟི་བའི་སྐད་ཆ་མ་ཤོད། སྤྱི་དོན་ལ་ཕན་པ་ཤོད་དང་། འདས་དོན་ལ་རྩ་བ་ནས་འགན་འཁྱེར་དགོས་མ་རེད་དམ། ཁོང་ཚོའི་ལོ་རྒྱུས་ཇི་བཞིན་འཛམ་གླིང་དེ་ཙམ་ཁྱབ་ཐུབ་ཡོད་མ་རེད། ཞིབ་ཕྲའི་བརྒྱུད་རིམ་ཁ་གསལ་ཞིག་ད་བར་གང་ཡང་ང་ཚོས་མཐོང་མ་བྱུང་། ཁོང་གཅིག་པུ་མ་ཡིན་པར་བོད་ས་གང་སར་དེ་འདྲ་བའི་ལོ་རྒྱུས་མང་པོ་ཡོད་པ་དེ་དག་ལ་དེ་ལྟ་བུའི་མཐོང་ཆེན་བྱེད་མཁན་མེད་པ་གསལ་པོ་རེད། ངས་དེ་རྒྱུ་མཚན་དུ་དྲངས་ནས་བཤད་ཀྱི་ཡོད། གཞན་ལ་པདྨ་ཚེ་དབང་གིས་ལན་བརྒྱབ་དང་མ་བརྒྱབ་ཁོང་རང་གི་རང་དབང་རེད། དེར་ཁྱོད་རང་གི་གསལ་པོ་བཟོ་དགོས་དོན་ཡོད་མ་རེད། གང་ལྟར་ངས་འདས་དོན་ལ་བསམ་གཞིགས་བྱ་དགོས་ལ། རི་བོང་གི་ཕྱི་ཕིག་འཛིན་པའི་སྒྲུང་གཏམ་འདི་ལད་ཟློས་བྱེད་དྲག་ན་ང་ཚོའི་མི་རིགས་ལ་ཐོབ་རྒྱུ་འདི་ཞེན་ཁོག་དང་ཨེ་གསར་ཅན་གྱི་མི་རྒྱུད་ཀྱི་ལས་དབང་ལ་འཐམས་རྒྱུ་ཡོད་པ་མ་རེད་ཟེར་བ་དེ་ངས་ཁྱོད་ཚོ་ལྟ་བུར་བཤད་ཀྱི་ཡོད། བྱས་ཙང་འཇམ་དབྱངས་སྐྱིད་ལགས་ཀྱི་གསོན་ཉམས་ལྡན་པའི་ཉིན་ཐོ་དེ་རྩ་ཆེན་ཞིག་ཡིན་ལ། དེ་བས་ཀྱང་ད་ལྟ་ཡལ་ཉེར་ཐུག་པའི་རྒན་རབས་ཚོའི་མྱངས་ཟིན་པའི་འདས་པའི་བརྒྱུད་རིམ་དེ་དག་ལའང་ང་ཚོས་དོ་སྣང་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དེ་ངའི་བསམ་ ཚུལ་རེད། ཡིན་ནའང་ ཁྱོད་རང་དགོངས་པ་མ་འཚོམ་རོགས། ་ངས་བསམ་ཚུལ་གང་ཡོད་པ་སྤྱི་ལ་ཕན་ན་སྙམ་སྟེ་ཞུས་ཡོད་པས་དགོངས་པ་འཚོམ་རོགས་གནང་།།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    བདེ་བ་ཅན་ལགས། ལྷོད་ལྷོད་གནང་རོགས།

    སྟག་སྣ་འཇིགས་མེད་བཟང་བོ་ལགས་ཀྱིས་ཀྱང་བྲིས་ཆོག་གི་ཡོད་མོད། དེ་ནི་འདས་དོན་ཡིན་ལ་མང་ཆེ་བ་འཛམ་གླིང་གི་བརྒྱུད་ལམ་ཁག་ཏུ་ཐོན་ཡོད། ཡིན་ནའི། འཇམ་དབྱངས་སྐྱིད་ལགས་ཀྱི་ཕྱིར་དྲན་འདི་གསར་བ་གསར་རྐྱང་ཡིན་པའི་ཁར། རྒྱ་གཞུང་གིས་བོད་ནང་ཡག་པོ་གནང་གི་ཡོད་ཅེས་པའི་རྐུབ་ཀྱང་བརྟོལ་ཐུབ་ཡོད་པས། འདི་ལས་ལྷག་པའི་ལས་ཀ་རླབས་ཆེན་ཞིག་འགྲུབ་མི་ཧ་ཅང་ཉུང་ཉུང་མིན་ནམ། དེ་མིན་གཞན་དག་ལ་པདྨ་ཚེ་དབང་ལགས་ནས་ལན་འདེབས་སྲིད་པ་ཞིག་ཡིན།

    Reply
  5. བདེ་བ་ཅན། says:
    ལོ་ 17 སྔོན།

    འཇམ་དབྱངས་སྐྱིད་ལགས་ཀྱི་ཟིན་ཐོ་དེ་ཧ་ཅང་གལ་ཆེན་པོ་འདུག ཡིན་ནའང་དེ་སྔ་ལོའི་གནས་ཚུལ་བྱུང་བའི་རྗེས་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བའི་ཟུར་ཆ་གཅིག་རེད། འདས་པའི་དུས་ཚོད་ནང་དུའང་ང་ཚོ་དཔའ་བོ་ཁྲི་སྟོང་་མང་པོས་དེ་དང་དེ་ལས་ལྷག་པ་མྱངས་ཡོད་ལ། ཁོང་ཚོར་སེམས་ཚོར་འདྲ་མིན་བྱུང་ཡོད་པས་དེ་དག་ཀྱང་ཡིག་ཐོག་ཏུ་ཕབ་ཐུབ་ན་ཅི་འདྲའི་ལེགས་པ་ལ། ལྷག་པར་དུ་མི་ལོ ༣༧ རྒྱ་མིའི་བཙོན་དོང་ནང་སྡུག་བསྔལ་མྱངས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ལ་ཏན་ཏན་དེ་ལས་ལྷག་པའི་མྱོང་ཚོར་དང་སྐྱོ་གདུང་གི་སྒྲུང་གཏམ་ཤོད་རྒྱུ་ཡོད་སྲིད་པས། ཁོང་གིས་ཀྱང་དེ་ལྟར་མྱོང་ཚོར་ཞིག་འབྲི་མ་གནང་བ་གང་ཡིན་ནམ། ཁོང་ལ་དེ་ལྟར་འབྲི་རྒྱུའི་འབོད་བསྐུལ་ཞུ་མཁན་ཞིག་ཀྱང་མ་བྱུང་གང་ཡིན་ནམ། ཁོང་ལ་གང་ཞིག་མ་ཚང་བ་ཡིན་ནམ། འཇམ་དབྱངས་སྐྱིད་ལྟར་བུད་མེད་མིན་ཙང་ཕོ་གཞོན་ཚོའི་ཡིད་དབང་འགུག་མ་ཐུབ་པ་ཡིན་ནམ། དེའི་ཐོག་ནས་ལས་ཀ་དང་གནས་ཚུལ་གང་ཞིག་ལ་དོ་སྣང་བྱས་ཀྱང་ཕྱིའི་ལྟ་སྣང་ལ་ཡིད་འཕྲུལ་ཏེ་གནས་ཚུལ་མང་པོར་ཨེ་གསར་ཅན་གྱི་རྟ་ཕོ་བཞོན་པའི་ལས་ཟློས་དེ་བྱ་རྒྱུ་མང་ན་ཡག་པོ་མེད། བསྟོད་བསྔགས་ཡོང་ཚོད་ཞིག་བཏང་ནས་བཞག་ན་ཡག་པོ་མི་འདུག་གམ། ལྷག་པར་དུ་པདྨ་ཚེ་དབང་ལགས་ཀྱི་ཟིན་ཐོ་དེ་ལའང་འཇམ་་དབྱངས་སྐྱིད་ལགས་གཙོསཔའི་ད་བར་རྒྱ་དམར་གྱི་ཁ་འོག་ན་སྡུག་སྣ་ཚོགས་མྱངས་པའི་མི་སྣའི་ལོ་རྒྱུས་དེ་དག་ལ་ཆ་ཚང་མ་བྱུང་ཡང་ཕྱི་བལྟས་ཐེངས་རེ་དང་བསམ་ཤེས་ཐེངས་རེ་བྱས་ན་ཡག་པོ་མི་འདུག་གམ་ཞེས་བཏོན་ན་མི་འགྲིག་གམ། དེ་བས་ཀྱང་བོད་ནང་གི་ཤེས་ཡོན་ཅན་མང་ཆེ་བ་ད་ཆར་ལྟ་བ་དང་ལངས་ཕྱོགས་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེར་འགྲོ་བཞིན་ཡོད་པས་ཁྱི་སྤྱང་ལག་བྲེལ་བྱེད་པ་ཟེར་བ་དེ་ད་ཆ་བོད་ནང་གི་ཤེས་ཡོན་ཅན་པའི་ཁྲོད་གོ་ན་རྣ་བར་མི་འགྲོ་བ་ ཞིག་ཆགས་ཟིན་པ་རེད། དེ་ནི་ནུབ་ཕྱོགས་གྲང་ངར་ཡུལ་དུ་སྙིང་པོ་མེད་པར་གཞན་ལ་ལོག་ཏུ་འགྲེལ་ཏེ་རང་ཉིད་སོ་སོའི་སྤྱི་ཚོགས་ནས་ཁ་བྲལཏེ་ས་མཐར་འཁྱམས་པའི་རྒས་པོ་ཁྱེད་ལྟ་་བུར་དྲན་བསྐུལ་ཙམ་ཕུལ་བ་ཡིན་པས་ཐུགས་སེམས་འཁྲུག་པ་མ་གནང་་།  མུ་མཐུད་བྲིས་པ་གནང་དང་། ཨ་ཇོ་ལགས་པདྨ་ཚེ་དབང་ལགས།།

    Reply
  6. སྐར་མ། says:
    ལོ་ 17 སྔོན།

    ལས་གཞི་འདི་དཔེ་མི་སྲིད་པའི་ཡག་པོ་རེད། གང་ལྟར་ཕྱི་ལ་འགྲམས་ཟིན་དུས་བོད་ཡིག་ཀློག་མཁན་ནང་ཁུལ་དང་བོད་མིའི་ནང་ཁུལ་ཙམ་མིན་པར། འཛམ་གླིང་གི་སྐྱེ་བོ་མཐའ་དག་གིས་ཤེས་ན་ཡག་པོ་རེད།

    Reply
  7. བློ་གྲོས་རྣམ་རྒྱལ། says:
    ལོ་ 17 སྔོན།

    པདྨ་ཚེ་དབང་ལགས། སྐུ་ཉིད་ནས་འཇམ་དབྱངས་སྐྱིད་ལགས་ཀྱི་རྩོམ་ཡིག་འདི་དབྱིན་སྒྱུར་གནང་ཐུབ་པ་འདུག་གམ། རྩོམ་ཡིག་འདི་དབྱིན་ཡིག་གི་དྲ་ལམ་ཁག་ཏུ་གཏོང་ཐུབ་ཚེ། ཕྱི་རྒྱལ་བ་དང་ལྷག་པར་བྱེས་འབྱོར་གཞོན་སྐྱེས་མང་པོས་བལྟ་ཀློག་ཐུབ་ངེས་རེད། དེར་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་ཅི་དགོས་གུས་པས་ཐབས་འཚོལ་ཞུས་ཆོག

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྩོམ་ཡིག་དེ་ངས་ལྟ་ཐེངས་གཅིག་གིས་མཇུག་བར་དུ་བསྐྱལ་བ་ཡིན། མཚམས་འཇོག་མི་ཐུབ་པ་ཞིག་རེད། རྩོམ་ཡིག་ཀློག་གིན་ཀློག་གིན་ཡིད་ལ་དོན་དག་འདྲ་མི་འདྲ་མང་པོ་དྲན་ཡོང་གི་འདུག དོན་དངོས་དེ་རང་སྟེང་ལ་ཡང་ཡང་སྦྱར། ཐ་ན་སོ་སོའི་བཟའ་ཟླ་དང་བུ་ཕྲུག་ཀྱང་ཡིད་ལ་དྲན་ཡོང་གི་འདུག
    ད་དུང་སེམས་སྐྱོ་བ་ཞིག་ནི་ཚེ་རིང་སྒྲོལ་མ་དང་སྒྲོལ་མ་སྐྱིད་གཉིས་ཀྱི་གནས་སྟངས་རེད། ཁོང་གཉིས་ཀྱི་ཤེས་མཁན་འདྲ་ཡོད་དམ། སྒྲོལ་མ་སྐྱིད་མགོ་ལོག་གི་ཡིན་པ་འདྲ། ཚེ་རིང་སྒྲོལ་མ་ནི་སྐུ་འབུམ་གི་རེད། ཕལ་ཆེར་གསོག་སྒར་སློབ་གྲྭ་ནས་ཕྱིར་ལོག་པ་ཞིག་ཡིན་པ་འདྲ།

    Reply
  9. གནས་ཚང་། says:
    ལོ་ 17 སྔོན།

    རྒྱབ་བསྐྱོར་ཡོད། ངོ་མ་དེ་འདྲ་རེད། ཏཱ་ལའི་བླ་མས་དབུས་པའི་བོད་ཀྱི་དབུ་ཁྲིད་ཁག་གིས་ཀྱང་འདིའི་རིགས་ཀློག་འོས་པས། མཐའ་འཁོར་གྱི་ལས་བྱེད་ཚོས་དུས་ལྟར་དཔར་ནས་སྤྱན་ཕུལ་ཞུ་འོས་པ་ཞིག་རེད། ལྷན་རྒྱས་དགོངས་ཚུལ་གཞན་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese