མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་ཉམས་རྒུད་དང་རྒྱ་ནག

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་སྐབས་འཛམ་གླིང་ནང་རྒྱ་ནག་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ནའང་། རྒྱ་ནག་གི་དཔལ་འབྱོར་དེ་ངལ་རྩོལ་མི་མང་དང་། ཕྱི་ཚོང་ཁོ་ན་ལ་བརྟེན་ཡོད་སྟབས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱིས་རྒྱ་ནག་གི་བཟོ་གྲྭ་སྟོང་ཕྲག་མང་བོ་སྒོ་རྒྱག་དགོས་བྱུང་ཡོད་པ་དང་། ལས་མི་ས་ཡ་ ༢༠ ཙམ་ལས་བྱོལ་དུ་ཕྱིན་ཡོད་པས། རྒྱ་ནག་གི་དཔལ་འབྱོར་རང་བཞིན་གྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག

བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱིས་འདོན་སྤེལ་བྱེད་ཀྱིན་པའི་ཕྱི་ཟླ་དྲུག་པའི་དཔལ་འབྱོར་གསར་འཕྲིན་ནང་བཀོད་པ་ལྟར་ན། དེང་དུས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་མཐོན་པོར་སླེབས་ཡོད་པ་མ་ཟད། འཛམ་གླིང་ནང་འཕེལ་རྒྱས་མྱུར་ཚད་མཐོ་ཤོས་ཀྱི་གྲས་ཀྱང་ཆགས་བཞིན་ཡོད། དེར་བརྟེན། ཕྱིའི་རྒྱལ་ཁབ་ཁག་གིས་ཨ་སྒོར་ས་ཡ་དུང་ཕྱུར་མང་བོ་རྒྱལ་ཁབ་འདི་གཉིས་ནང་བཏང་སྟེ། མ་འོངས་པར་ཁྲོམ་རྭ་ཆེན་པོ་དེའི་ཁེ་ཕན་ལོངས་སུ་སྤྱོད་རྒྱུར་དམིགས་ཡོད་ཟེར། ད་སྐབས་རྒྱ་ནག་ནང་དངོས་པོ་རིགས་འདྲ་མིན་བཟོ་སྐྲུན་གྱི་རིན་གོང་ཆུང་བ་ཡིན་སྟབས། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གིས་བཟོ་སྐྲུན་གྱི་མཐུན་རྐྱེན་རྒྱ་ནག་ནང་འཚོལ་སྒྲུབ་བྱེད་ཀྱིན་ཡོད་པས། ད་སྐབས་འཛམ་གླིང་གི་ཅ་དངོས་ཕལ་ཆེ་བ་རྒྱ་ནག་གིས་བཟོ་སྐྲུན་བྱས་པ་ཡིན། དེར་བརྟེན། རྒྱ་ནག་འཛམ་གླིང་གི་བཟོ་གྲྭ་ལྟ་བུར་ཆགས་ཀྱིན་ཡོད། ཚོང་གི་ཁེ་ཕན་དང་བསྟུན་ཏེ། གོང་འཕེལ་དུའགྲོ་བཞིན་ཡོད་པའི་དུས་སྐབས་འདིར་རྨང་གཞིའི་འཛུགས་སྐྲུན་དང་རང་བྱུང་གི་གཏེར་ཁ་སྔོག་འདོན་ཆེད་ཕྱི་རྒྱལ་ཁག་ནས་མཁར་དབང་འདྲ་མིན་མང་བོ་ཞིག་ཉོས་ཏེ། སྣུམ་དང་རྡོ་སྣུམ་སོགས་བདག་དབང་མྱུལ་ཞིབ་བྱེད་ཀྱིན་ཡོད། སྔར་ལོ་རྒྱ་ནག་ནང་འཛམ་གླིང་རྩེད་འགྲན་མ་ཚུགས་པའི་སྔོན་དེར་རྒྱ་ནག་གིས་གནམ་ཐང་ཆེ་ཤོས་དེའི་སྒོ་ཕྱེ་ཡོད་པ་དང་། དེ་ནས་ཟླ་གྲངས་ཁ་ཤས་ཀྱི་སྔོན་དེར་གོ་ལའི་སྟེང་གི་ཟམ་པ་རིང་ཤོས་དེ་ཡང་བརྒྱབས་ཡོད་འདུག ད་དུང་འཛམ་གླིང་ནང་གི་ཁང་བརྩེགས་མཐོ་ཤོས་དེའང་ད་ལྟ་སློང་གིན་ཡོད་འདུག གོང་གསལ་འཛུགས་སྐྲུན་དེ་ཚོའི་ཆེད་ལྕགས་སོགས་ཀྱི་རྒྱུ་རྫས་ཕོན་ཆེན་དགོས་པར་བརྟེན། འཛམ་གླིང་ཁྱོན་ཡོངས་ཀྱི་ཁྲོམ་རའི་ཅ་དངོས་ཀྱི་རིན་གོང་ཡང་འཕར་གྱིན་ཡོད་འདུག་ཟེར།
ཡང་གསར་འཕྲིན་དེའི་ནང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་སྐོར་བརྗོད་དོན། དཔལ་འབྱོར་གྱི་ཉམས་ཆག་འདི་ལ་བརྟེན་ནས་ད་ཆ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་ ༧ ཡིན་པ་དང་། རྒྱ་ནག་གི་སྤྱི་ཚོགས་བརྟན་བརླིང་ལ་དོ་ཕོག་མི་འབྱུང་ཆེད་ཉུར་མཐར་བརྒྱ་ཆ་ ༨ དགོས་ངེས་ཅན་ཆགས་ཡོད་སྐོར་རྒྱ་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་ཡོད། དཔལ་འབྱོར་མཁས་པ་རེ་འགས་དངོས་ཡོད་གནས་སྟངས་འདི་ལས་ཞན་པ་ཡོད་པའི་དོགས་པ་ཡོད་ལུགས་ཀྱང་བརྗོད་ཡོད།  ད་ལྟའི་དམར་ཤོག་ཚོགས་པའི་དཔལ་འབྱོར་གནས་སྟངས་ལ་གཞིགས་ན་དངངས་སྐྲག་དང་སྦྲགས་ཕྱི་ལོ  ༢༠༠༩ ནི་དཀའ་ཉེན་ཆེ་ཤོས་ཀྱི་ལོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།  ཉེ་ཆར་གྲོང་གསེབ་ནས་ཡོང་བའི་ལས་མི་ས་ཡ་ ༢༠ ཙམ་ལས་བྱོལ་དུ་ཕྱིན་ཡོད་ཚུལ་ལས། དོན་དངོས་ཐོག་དེ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་འདུག  བཟོ་གྲྭའི་ནང་ལས་ཀ་བྱེད་མཁན་ས་ཡ ༨༠༠ ཙམ་གྲོང་གསེབ་ནས་ཡོང་བ་ཡིན། གྲོང་གསེབ་ཀྱི་མི་མང་གི་བདེ་སྡུག་གཞུང་འཛིན་ཚོགས་པས་དོ་ཁུར་དགོས་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཟིན་པར་བརྟེན། ཉེ་ལམ་ཕྱི་ཟླ་ ༢ པའི་ནང་མི་མང་བདེ་འཇགས་སྲུང་སྐྱོབ་པ ༣༠༠༠ ཙམ་རྒྱ་ནག་གི་རྒྱལ་སར་ཆེད་བསྐོང་གིས་གྱེན་ལོག་དང་། སྤྱི་ཚོགས་ཀྱི་བརྟན་བརླིང་ངམ་བདེ་འཇགས་ལ་གནོད་པའི་ལས་དོན་ནུས་མེད་བཟོ་ཐབས་ཀྱི་ཐབས་བྱུས་སློབ་སྟོན་བྱས་ཡོད། རྒྱ་ནག་གི་དཔལ་འབྱོར་འདི་ཕྱིར་ཚོང་ལ་བརྟེན་ཡོད་སྟབས། ད་ལྟའི་དཔལ་འབྱོར་གྱི་ཉམས་ཆག་འདིའི་རྐྱེན་གྱིས་རྒྱ་ནག་གི་ས་གནས་ཁ་ཤས་ནང་བཟོ་གྲྭ་སྟོང་ཕྲག་མང་བོ་སྒོ་རྒྱག་དགོས་བྱུང་ཡོད་པ་མ་ཟད། སྤྱི་ཡོངས་ཀྱི་ཕྱིར་ཚོང་བརྒྱ་ཆ་ ༢༦ སྔར་ལོ་ལས་ཉུང་བ་ཆགས་ཡོད།
ད་དུང་གསར་འཕྲིན་དེའི་ནང་དཔལ་འབྱོར་ཉམས་རྒུད་ཀྱིས་ཆབ་སྲིད་ཁ་ཕྱོགས་བསྒྱུར་སྲིད་དམ་ཞེས་པའི་སྐོར་བརྗོད་དོན། ད་བར་རྒྱ་ནག་སྲིད་གཞུང་གི་ཕྱིའི་དངོས་པོའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བརྟེན་ཏེ། གཞུང་འཛིན་བྱས་ཐུབ་ཡོད་ནའང་། ད་དུང་ཇི་ཙམ་བར་དུ་གནས་ཐུབ་མིན་ཤེས་ཐུབ་མི་འདུག དཔལ་འབྱོར་གྱི་ཉམས་རྒུད་ཤུགས་རྐྱེན་གཙོ་བོ་ད་ལྟ་ཡོང་རྒྱུ་ཡིན་པ་མ་ཟད། མི་མང་གིས་གཞུང་ལ་ཡིད་ཆེས་ཅི་ཙམ་ཡོད་མེད་ད་ཆར་གསལ་རྟོགས་མི་འདུག  རྒྱ་ནག་ནང་ལོ་བཅུ་ཕྲག་གཉིས་གོང་བྱུང་མ་མྱོང་བའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཡོད་པ་དེས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་སྣང་མེད་ཕྱིན་ཡོད། ཨུ་རུ་སུའི་དམར་པོའི་སྲིད་གཞུང་མགོ་རྟིང་ལོག་དོན་ཡང་དཔལ་འབྱོར་གྱི་དཀའ་ངལ་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་གསལ་པོ་བྱུང་ཡོད། གལ་སྲིད་རྒྱ་ནག་གིས་གོང་གི་དོན་རྐྱེན་དེ་ལས་ལེགས་བཤད་བླངས་ཏེ། མི་མང་ལ་ཉིན་རེའི་འཚོ་བ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པར་བཏང་བ་ཡིན་ན། རྒྱ་ནག་གི་མི་མང་ཡང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་དང་ཆབས་ཅིག རྒྱ་ནག་གི་ཐུགས་རྗེ་བཀའ་དྲིན་ཡིན་བསམ་པའི་ཐོག་རྒྱལ་ཞེན་སྔར་ལས་ལྷག་པར་ཆགས་རྒྱུ་ཡིན་པ་གསལ་རྟོགས་བྱུང་ཡོད། ཅེས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 2

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དཔལ་འབྱོར་ཉམས་རྒུད་དང་དེས་རྒྱ་ནག་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་སྐོར་ནས་ངེད་ལ་རྨོངས་འཆར་མང་།
    འོན་ཀྱང་། དེ་རིང་རྨོངས་འཆར་ཐུང་ཐུང་མ་གཏོགས་འབྲི་ཁོམ་མེད།
    དང་པོ། གོང་གི་དཔལ་འབྱོར་ཡར་རྒྱས་ཟེར་བའི་སྐབས་ཀྱི་ཡར་རྒྱས་ཟེར་བའི་ཐ་སྙད་འདིའི་སྐོར་ལ་དོགས་སློང་ཞིག་ཕུལ་གི་ཡིན།
    རྒྱལ་ཁབ་རེ་རེའི་དཔལ་འབྱོར་གནས་སྟངས་ལ་ཚད་རྒྱག་དུས། དཔལ་འབྱོར་འཕར་སྣོན་( Economic growth )དང་དཔལ་འབྱོར་ཡར་རྒྱས་སམ་འཕེལ་རྒྱས་( Economic development )ཟེར་བ་གཉིས་ཡོད་པ་ལས།
    དཔལ་འབྱོར་འཕར་སྣོན་ལབ་ན་དངོས་ཟོག་ཐོན་སྐྱེད་ཀྱི་གྲངས་འབོར་དང་འབྲེལ་བ་ཆགས་ཀྱི་ཡོད། དཔལ་འབྱོར་ཡར་རྒྱས་སམ་འཕེལ་རྒྱས་ལབ་ན་ལས་མེད་( Unemployment )དང་དབུལ་ཕོངས།(Poverty )
    ཐོབ་ཆ་འདྲ་མཉམ་མིན་པའི་( Income inequality )གནས་སྟངས་དང་འབྲེལ་བ་ཆགས་ཀྱི་ཡོད། ད་ཕན་གྱི་དཔལ་འབྱོར་རིག་པའི་ལྟ་སྟངས་ཀྱི་སྒང་ནས། རྒྱལ་ཁབ་གང་ཞིག་ལས་མེད་ཉུང་བ་དང་དབུལ་ཕོངས་ཀྱི་དཀའ་ངལ་མེད་པ། ཐོབ་ཆ་འདྲ་མཉམ་ཡིན་པ་བཅས་ཀྱི་གནས་སྟངས་ལ་སླེབས་ན་། ད་གཟོད་རྒྱལ་ཁབ་དེ་དཔལ་འབྱོར་ཡར་རྒྱས་སམ་འཕེལ་རྒྱས་ཀྱི་རྒྱལ་ཁབ་ལ་ངོས་འཛིན་གྱི་ཡོད།
    ཡོ་རོབ་ཀྱི་རྒྱལ་ཁབ་ནོར་ལྦེ་( Norway)དང་སུ་བཱེས་སྒྲེན། ( Sweden )སྒྲེན་མེག་( Denmark )བཅས་ནི་དེ་རིང་སང་ཉིན་གྱི་འཛམ་གླིང་སྤྱིའི་དཔལ་འབྱོར་ཡར་རྒྱས་སམ་འཕེལ་རྒྱས་ཀྱི་མགོར་སླེབས་མཁན་གྲས་རེད།
    དེར་བརྟེན། རྒྱ་ནག་ལ་མཚོན་ན་དཔལ་འབྱོར་འཕར་སྣོན་ཚད་མཐོར་སླེབས་ཀྱི་ཡོད་པ་རེད་མ་གཏོགས་དཔལ་འབྱོར་ཡར་རྒྱས་དང་འཕེལ་རྒྱས་ཀྱི་ཕྱོགས་ནས་ད་དུང་སྐྱོ་བོ་རེད།

    གཉིས་པ། ལས་བྱོལ་ཟེར་བའིཐ་སྙད་འདི་ལ་ཡང་དོགས་འཆར་ཞིག་ཞུ་འདོད་བྱུང་། ད་ཕན་གྱི་བརྒྱུད་ལམ་ཁག་ན་ལས་མེད་ས་ཡ་༢༠ཆགས་པའི་སྐད་ཆ་འདུག་མ་གཏོགས་ལས་བྱོལ་ས ཡ་༢༠ཕྱིན་པའི་གནས་ཚུལ་མི་འདུག ལས་བྱོལ་དང་ལས་མེད་གཉིས་ལ་ཁྱད་པར་ཡོད་སྙམ། གནས་སྐབས་ལ་དེ་ཙམ་ཞུ།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    དངོས་གནས་བཤད་ན་ད་སྐབས་འཛམ་གླིང་གི་དཔལ་འབྱོར་མར་རྒུད་འགྲོ་བཞིན་པའི་སྐབས་ཅིག་ཡིན། འོན་ཀྱང་འདས་པའི་སྤྱི་ལོ་༢༠༠༤ བར་དུ་རྒྱ་གར་རྒྱ་ནག་གི་དཔལ་འབྱོར་ཧ་ཅིང་མྱུར་བའི་སྒོ་ནས་ཡར་རྒྱས་སོང་ཡོད། ཕྱིར་དེང་སང་རྒྱ་ནག་གི་དཔལ་འབྱོར་འཕེལ་འགྲིབ་ཀྱི་འགྱུར་བ་ནི་ཧ་ཅིང་རྟོག་དཀའ་ཞིག་ཡིན་པར་གྲགས་ཡོད། དེའི་རྒྱུ་མཚན་ཡང་རྒྱ་ནག་སྲིད་གཞུང་གི་ལྟ་བ་དེ་ནི་ནོར་སྲིད་གང་གི་ཐད་ནས་ཀྱང་ཡོད་ན་མེད་མདོག་དང་མེད་ཡོད་མདོག་བྱེད་བཞིན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese