མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་དམངས་ཀྱིས་བོད་པར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞོན་སྐྱེ་ཚོ་འཚར་ལོངས་བྱུང་སྟེ། ལས་དོན་མང་པོ་ཞིག་མི་རབས་གསར་བའི་ཕྲག་ཏུ་འབབ་ཀྱིན་ཡོད། ཁོང་ཚོར་རྒྱ་གར་རྩ་ཁྲིམས་ནང་འོས་ཤོག་ལྡུག་པའི་ཐོབ་ཐང་ལས་གཞན། རྒྱ་གར་ཡུལ་མི་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད་ལ། ལྷག་པར་དུ་སོ་སོའི་རང་དབང་འཐབ་རྩོད་ཆེད་དམིགས་བསལ་གྱི་ཐོབ་ཐང་ཡོད་སྟབས། ཐོབ་ཐང་དེ་དག་འཐུས་ཤོར་དུ་མ་འགྲོ་བ་དང་གདེང་ཚོད་ཡོད་པའི་ཐོག་ནས་ལེན་ཐུབ་པ་བྱ་དགོས་ཟེར།

 

རྒྱ་གར་བདེ་སྲུང་བློན་ཆེན་ཟུར་བ་ཇོར་རྗེ་ཧྤར་ནན་ཌེ་སི་ George Fernandes མཆོག་དང་ཁོང་གི་སྐུ་ཟླ། དེ་བཞིན། Samajwadi སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལྕམ་སྐུ་རྗ་ཡ་རྗེ་ཊི་ལེ་ Jaya Jaitley ལགས། སྐུ་ཞབས་ཨ་རྗེ་ Ajay ལགས་བཅས་རྒྱ་གར་གྱི་གནད་ཡོད་མི་སྣ་ ༤ བཞིགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཏེ། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་བཞུགས་སྒར་ཁུལ་གྱི་མི་དམངས་ལ་ཐུག་འཕྲད་ཀྱིས་བོད་དོན་སྐོར་ལ་གཏམ་བཤད་གནང་ཡོད། གཏམ་བཤད་དབུ་འཛུགས་མ་བྱས་གོང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་བ་ཀིརྟི་སྒྲོན་དཀར་ལྷ་མོ་ལགས་ཀྱིས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་རྒྱ་གར་བདེ་སྲུང་བློན་ཆེན་ཟུར་བ་ཇོར་རྗེ་ཧྤར་ནན་ཌེ་སི་མཆོག་ནི། སྔར་བློན་ཆེན་གྱི་ལས་གནས་ཡོད་སྐབས་དང་ད་ལྟ་མེད་སྐབས་གཉིས་ཀར་ཁ་ཞེ་གཉིས་མེད་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་། བྱམས་བརྩེ་དང་དྲང་བདེན་གྱི་ལངས་ཕྱོགས་བརྟན་བཟུང་བྱ་མཁན་ཞིག་ཡིན་སྐོར་དང་། སྐུ་མགྲོན་གཞན་རྣམས་ཀྱིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་རྐྱང་ཡིན་སྐོར་གསུངས་ཏེ། གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཡང་ཞུས་སོང་།

 

སྐབས་དེར་ལྕམ་སྐུ་རྗ་ཡ་རྗེ་ཊི་ལེ་ལགས་ཀྱིས་སྔར་གྱི་ལས་དོན་ཁག་ཅིག་ངོ་སྤྲོད་གནང་དོན། ངས་སྲིད་དོན་ཐོག་ལས་ཀ་བྱས་པའི་གོ་རིམ་ཁྲོད། སྐུ་ཞབས་ཇོར་རྗི་མཆོག་གི་མདུན་ནས་སློབ་སྟོན་ཞུས་ཏེ། བོད་དོན་ལ་ལས་ཀ་གང་འཚམ་བྱ་རྒྱུའི་གོ་སྐབས་བྱུང་སོང་ལ། མ་འོངས་པར་ཡང་གང་ནུས་ཅི་འཇོན་གྱིས་བྱ་རྒྱུའི་ཆོད་སེམས་ཡོད། སྔར་རྒྱལ་ས་ལྡི་ལིར་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། ང་རང་མཉམ་ཞུགས་བྱས་ཏེ་བོད་པ་ཁག་ཅིག་དང་མཉམ་དུ་འཛིན་བཟུང་བྱས་སོང་། སྐབས་དེར་སྐུ་ཞབས་ཇོར་རྗི་མཆོག་གྲོས་ཚོགས་ནང་ཕེབས་ཏེ། ཐེངས་འདིར་ང་ཚོའི་རྒྱུན་ལས་འཇུས་པར་བསམ་ཚུལ་གང་ཡང་མེད། འོན་ཀྱང་། བོད་པ་ཚོ་རྒྱུ་མཚན་ཅིའི་ཕྱིར་བཟུང་པ་རེད། དམངས་གཙོའི་རྒྱལ་ཁབ་ནང་རང་དབང་འཐབ་རྩོད་བྱེད་པ་དེ་ཁྲིམས་མཐུན་ཡིན། བོད་མི་ཚོ་མགྱོགས་མྱུར་གློད་གྲོལ་གཏོང་དགོས། ཞེས་འབོད་སྐུལ་ཞུས་མཐར་གློད་གྲོལ་ཐོབ་པ་རེད། ཅེས་གསུངས་བྱུང་།

 

ཁོ་མོས་མུ་མཐུད་དུ་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བར་ཐོབ་ཐང་གང་ཡོད་པ་དེ་འཐུས་ཤོར་མ་སོང་བ་བྱ་དགོས་སྐོར་གསུངས་དོན། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞོན་སྐྱེ་ཚོ་འཚར་ལོངས་བྱུང་སྟེ། ལས་དོན་མང་པོ་ཞིག་མི་རབས་གསར་བའི་ཕྲག་ཏུ་འབབ་ཀྱིན་ཡོད། ཁོང་ཚོར་རྒྱ་གར་རྩ་ཁྲིམས་ནང་འོས་ཤོག་ལྡུག་པའི་ཐོབ་ཐང་ལས་གཞན། རྒྱ་གར་ཡུལ་མི་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད། ལྷག་པར་དུ་སོ་སོའི་རང་དབང་འཐབ་རྩོད་ཆེད་དམིགས་བསལ་གྱི་ཐོབ་ཐང་ཡོད་སྟབས། ཐོབ་ཐང་དེ་དག་འཐུས་ཤོར་དུ་མ་འགྲོ་བ་དང་གདེང་ཚོད་ཡོད་པའི་ཐོག་ནས་ལེན་ཐུབ་པ་བྱ་དགོས། ད་ལོ་སྐྱབས་བཅོལ་བོད་མི་ཚོས་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ལོ་རྒྱུས་ཐོག་ནས་ཀྱང་རྒྱ་གར་དགེ་རྒན་དང་བོད་པ་དགེ་ཕྲུག་ལྟ་བུ་ཆགས་ཡོད་ཀྱང་། གནད་དོན་འགའ་རེའི་ཐོག་དགེ་རྒན་གྱིས་དགེ་ཕྲུག་ལ་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་མང་པོ་བྱུང་ཡོད་སྟབས། ངས་དེ་རིང་རྒྱ་གར་གཞུང་དམངས་ཀྱི་ཚབ་བྱས་ཏེ་ཁྱེད་ཅག་བོད་མི་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ད་བར་བོད་མི་ཚོས་ཆོས་དང་རིག་གཞུང་གཅེས་ཉར་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། འདས་པའི་ལོ་ངོ་ ༥༠ རིང་འཚེ་མེད་ཞི་བའི་ཐོག་ནས་རྩ་དོན་འཐབ་རྩོད་བྱས་པར་འཛམ་གླིང་ལ་དམིགས་དཔེ་བཟང་བོ་བཞག་ཡོད། ཅེས་གསུངས་སོང་།

 

དེའི་རྗེས་སྐུ་ཞབས་ཨ་རྗེ་ Ajay ལགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་གནས་ཚད་མཐོན་པོར་སླེབས་ཡོད་སྐོར་གསུངས་དོན། ཐེངས་འདིར་༧གོང་ས་མཆོག་གིས་མགྲོན་འབོད་གནང་བ་ལྟར། ངྷ་རམ་ས་ལར་བཅར་ཏེ་མི་དམངས་ལ་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་། ང་རང་ལོ་ ༢༠ རིང་སྐུ་ཞབས་ཇོར་རྗེ་མཆོག་དང་མཉམ་དུ་ལས་ཀ་བྱས་ཏེ། ཁོང་གིས་ད་བར་བོད་དོན་ཐོག་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་དེར། བོད་མི་ཚོས་དགའ་ཞེན་ཅི་ཙམ་བྱེད་ཀྱིན་ཡོད་པ་དེ་རིང་གསལ་བོར་མཐོང་སོང་། མང་པོ་ཞིག་གིས་བོད་མི་འབོར་ཉུང་ཉུང་དང་སྲིད་འབྱོར་རིག་གསུམ་ཉམས་ཞན་ཡིན་སྟབས། རྒྱ་ནག་རྒྱལ་ཁབ་ཆེན་པོ་དང་མི་འབོར་མང་པོ། སྲིད་འབྱོར་རིག་གསུམ་འཛམ་གླིང་གི་མཐོ་སར་སླེབས་ཡོད་པ་ཞིག་ལ་ཁ་གཏད་གཅོག་ཐབས་མེད་པར་འདོད་ཀྱིན་ཡོད། འོན་ཀྱང་། ང་བསམ་ཚུལ་དེར་མོས་མཐུན་རྩ་བ་ནས་མེད།

 

ཨི་རྫི་རིལ་ལ་མཚོན་ན། སོ་སོའི་རྒྱལ་ཁབ་ཤོར་ཏེ་ལོ་ ༢༠༠༠ ལྷག་རིང་མི་སེར་ཡོངས་ཀྱིས་ཡུལ་གྱར་བའི་འཚོ་བ་རོལ་ཏེ། སོ་སོའི་རྒྱལ་ཁབ་ཀྱི་ས་ཆ་ལག་མཐིལ་ཙམ་ཡང་སྟོན་རྒྱུ་མེད་པའི་གནས་སུ་ལྷུང་མྱོང་ཡོད་ཀྱང་། སོ་སོའི་ཆོས་དང་རིག་གཞུང་། མི་རིགས་ལ་བདག་ཉར་ཡག་པོ་བྱས་པའི་ཉེར་ལེན་གྱིས་ད་ལྟ་རྒྱལ་ཁབ་བསྐྱར་འཛུགས་བྱས་ཡོད། འཛམ་གླིང་ནང་དེ་དང་དེ་ལྟ་བའི་གནས་ཚུལ་མང་པོ་ཡོད། ལྷག་པར་དུ་བོད་པ་ཐོག་མ་སྐྱབས་བཅོལ་དུ་འབྱོར་བའི་སྐབས་ཀྱི་འཐབ་རྩོད་དང་ད་ལྟའི་འཐབ་རྩོད་གཉིས་བསྡུར་བ་ཡིན་ན། ༧གོང་ས་ཏཱ་ལའི་བླ་མའི་སྐུ་དྲིན་དང་། བོད་མི་ཚོས་དཀའ་ལས་བརྒྱབས་པའི་གྲུབ་འབྲས་ཀྱིས་ད་ལྟ་འཐབ་རྩོད་ཀྱི་གནས་ཚད་མཐོན་པོར་སླེབས་ཡོད་ལ། འཛམ་གླིང་མི་དམངས་ཁྲི་ཕྲག་མང་པོ་བོད་པའི་བདེན་རྒྱབ་ཏུ་བཞེངས་ཡོད། ང་རང་ལ་མཚོན་ནའང་གནས་སྟངས་གང་འདྲར་འཕྲད་ཀྱང་། ད་དུང་མུ་མཐུད་དུ་བོད་དོན་ལ་ལས་ཀ་བྱ་རྒྱུའི་དམ་བཅའ་ཡོད། ཅེས་གསུངས་བྱུང་།

 

རྒྱ་གར་བདེ་སྲུང་བློན་ཆེན་ཟུར་བ་སྐུ་ཞབས་ཇོར་རྗེ་ཧྤར་ནན་ཌེ་སི་ George Fernandes མཆོག ད་ལྟ་དགོང་ལོ་ ༧༩ ཕེབས་ཡོད་སྟབས། ཁོང་གིས་ཐེངས་འདིར་གསུང་བཤད་གནང་ཐུབ་མ་སོང་མོད། ཁོང་གིས་མི་དམངས་དང་མཉམ་དུ་༼བདེན་པ་ལ་རྒྱལ་ཁ་ཐོབ་གི་རེད༽ཅེས་པའི་གླུ་དབྱངས་དེ་བླངས་སྟབས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་གཉིས་སྐུ་ཞབས་ཇོར་རྗེ་ཧྤར་ནན་ཌེ་སི་མཆོག་ལ་འཐམ་སྟེ་མིག་ཆུ་ཤོར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. རྩྭ་ཐང་གི་སྦྲང་ཆུང་། says:
    ལོ་ 17 སྔོན།

    དེ་ཚོ་དངོས་ནས་རེད། དེ་འདྲའི་སྐོར་ལ་མང་པོ་བཤད་ཐུབ་ན་ཧ་ཅང་གི་ཡག་པོ་རེད།

    Reply
  2. bhare says:
    ལོ་ 17 སྔོན།

    དེ་ཚོ་དངོས་ནས་ཡག་པོ་རེད། ཐུགས་རྗེ་ཆེ།

    Reply
  3. ཨ་ལལ says:
    ལོ་ 17 སྔོན།

    གྲོགས་པོ་ལགས།མིང་དོན་མཚུངས་འདུགའཇིགས་པ་མེད་པའི་ཁར་ཞུམ་པའང་མེད།ད་དུང་དུས་ཀྱི་འགྱུར་འགྲས་དང་མི་སྣ་སོ་སོ་ལ་རྒྱུས་མངའ་ཡོས་འདུག་པས་དབྱེ་ཞིབ་མང་ཙམ་མུ་འཐུད་བྱོས་སྤྱི་ཚོགས་གསལ་པོ་ཆགས་ཐུབ།དགའ་བསུ་དང་རེ་བ་ཡོད་དཱ།

    Reply
  4. འཇིགས་མེད། says:
    ལོ་ 17 སྔོན།

    ལྷ་བཟང་ཚེ་རིང་སེམས་ཁམས་ལ་སྐྱོན་ཡོད། རྒྱ་རི་སྒྲོལ་མ་སྡིངས་ཆའི་སྒང་ནས་གཏམ་བཤད་བྱེད་དུས་མི་ངུ་དུས་ཤིག་ཕལ་ཆེར་མེད།
    ཁོ་གཉིས་ནས་མིག་ཆུ་བཏོན་པར་དེ་ཙམ་གྱི་ཧ་ལས་དགོས་པ་མེད། འོན་ཀྱང་ཁོང་གཉིས་ཀ་སེམས་ཤུགས་ཆེན་པོ་ཡོད་པ་བདེན། དེ་ལས། ྂ༼ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞོན་སྐྱེ་ཚོ་འཚར་ལོངས་བྱུང་སྟེ། ལས་དོན་མང་པོ་ཞིག་མི་རབས་གསར་བའི་ཕྲག་ཏུ་འབབ་ཀྱིན་ཡོད། ཁོང་ཚོར་རྒྱ་གར་རྩ་ཁྲིམས་ནང་འོས་ཤོག་ལྡུག་པའི་ཐོབ་ཐང་ལས་གཞན། རྒྱ་གར་ཡུལ་མི་དང་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད། ལྷག་པར་དུ་སོ་སོའི་རང་དབང་འཐབ་རྩོད་ཆེད་དམིགས་བསལ་གྱི་ཐོབ་ཐང་ཡོད་སྟབས། ཐོབ་ཐང་དེ་དག་འཐུས་ཤོར་དུ་མ་འགྲོ་བ་དང་གདེང་ཚོད་ཡོད་པའི་ཐོག་ནས་ལེན་ཐུབ་པ་བྱ་དགོས།༽ ཞེས་བཤད་པ་འདིའི་ཚིག་སྣེ་ལ་འཇུས་ཏེ་བཙན་བྱོལ་བོད་མིར་ཐོབ་ཐང་ཁ ཤས་ཇི་བཞིན་རག་གི་མེད་སྐོར་སྐབས་དེར་བཤད་ཐུབ་ཡོད་ན་བཟང་མོད་ཀྱང་དེ་བྱུང་མི་འདུག

    Reply
  5. མིའུ་ཕྲུག says:
    ལོ་ 17 སྔོན།

    དེ་དེ་བཞིན་ནོ

    Reply
  6. རི་བོང། says:
    ལོ་ 17 སྔོན།

    སྐུ་ཞབས་ལྷ་བཟང་ཚེ་རིང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀྱིས་བྱེད་སྟངས་འདིས་ང་ལ་སེམས་འགུལ་དྲག་པོ་ཐེབས་བཅུག་སོང་། འུ་ཚང་གི་མི་ཆེན་གཉིས་རྒྱ་གར་སྤོ་ལགས་ཤིག་ལ་འཐམ་ནས་ཅིའི་ཕྱིར་མིག་ཆུ་ཤོར་པ་རེད།    དེ་ང་ཚོས་བསམ་བློ་གཏིང་ཟབ་གཏོང་དགོས་ཀྱིན་འདུག ཁོ་གཉིས་སྒེར་དོན་ལ་ཅིག་མ་འགྲིག་པ་ཨེ་རེད་ཟེར་ན་རྩ་ནས་མ་རེད། ནམ་རྒྱུན་མི་མང་པོ་ཞིག་གིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་གཞུང་གི་སྲི་ཞུ་བ་ཚོ་ལ་ཁ་གཏོང་རྐྱང་གནང་གི་འདུག དེ་ནི་ཧ་ཅང་གི་ནོར་འཁྲུལ་ཚབ་ཆེན་ཞིག་རེད། ངས་འདི་ལྟར་བསམ་དུས་ཁོང་ཚོ་འཇོན་ན་མ་འཇོན་ན་བོད་སྤྱིའི་དོན་ལ་སེམས་ཁྲལ་ང་ཚོ་ལས་ལྡབ་འགྱུར་གྱིས་ཆེ་བ་མཚོན་ཐུབ་གི

    Reply
  7. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    །གོང་ཁྲན་ཏང་གིས་བོད་ཀྱི་རིགས་གཞུང་གཏོར་བཤིགས་དང༌།མི་ས་བཙན་པོས་འཕྲོག་སྐབས་ཆོས་བརྒྱུད་བཞི་ཡི་བླ་ཆེན་རྣམས་ཀྱི་གཙོས་བོད་མི་མི་ཉུང་བ་ཞིག་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ནས་རྒྱ་གར་གཞུང་དམངས་གཉིས་ཀྱིས་རང་གི་བུ་ཚ་རང་ཁྱིམ་དུ་སླེབས་པ་ལྟ་བུས་གནས་ཚང་དང་མཐུན་རྐྱེན།རང་དབང་སོགས་རྒྱ་གར་རང་གི་ཡུལ་མི་དང་ཁྱད་པར་མེད་པའི་རོགས་སྐྱོར་འོག་རྒྱ་གར་ནང་ཁུལ་ཙམ་དུ་མ་ཟད།འཛམ་གླིང་རིལ་པོའི་ཐོག་ཏུ་རྒྱ་གར་གྱི་ནང་བསྟན་འདི་དར་སྤེལ་གཏོང་ཐུབ་པ་བྱུང་ཡོད། གཅིག་ལ་རོག་བྱས་ན་གཅིག་ཤོས་ལ་ཕན་ཐོག་ཆེན་པོ་ཡོང་བ་དེ་རྟེན་འབྲེལ་ལོས་ཡིན།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད། ཤ་ཁྲག་རུས་གསུམ་ལགས། ཁྱེད་ལ་ཐུགས་རྗེ་ཆེ་ཞུ། སྐུ་ཉིད་ཀྱི་བསམ་ཚུལ་དེ་དག་ནི་ག་དུས་ཡིན་ནའང་མཐུན་འགྱུར་དང་ཡ་རབས། གཞེན་སྐུལ། ཧུར་བརྩོན། ད་དུང་ལམ་སྟོན་བཅས་ཁྱད་ཆོས་ཕྱོགས་མང་པོ་ཞིག་ན་འདུག དྲ་མི་རྣམས་ཀྱིས་ཁྱེད་རང་དོན་དངོས་ཐོག་སུ་ཡིན་མིན་གྱི་སྐད་ཆའང་འདྲི་གིན་འདུག ངས་མི་ཤེས་ལབ་གི་ཡོད། གལ་སྲིད་ཤེས་ནའང་ཁྱེད་རང་གི་ཆོག་མཆན་དང་མོས་མཐུན་མེད་པར་ཕྱི་ལ་བསྒྲག་རྒྱུའི་ཐོབ་ཐང་དང་སྙིང་སྟོབས་དེ་ང་ལའང་མེད། ཐུགས་རྗེ་ཆེ། མུ་མཐུད་དུ་ཧུར་བརྩོན་གནང་རོགས།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར། ངས་གཞི་ནས་དྲན་སོང་། ང་ཚོས་སྐུ་ཞབས་རྗོར་རྗུ་ཧྥར་ནན་ཌ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཞིག་མི་འགྱངས་པར་བོད་ཀྱི་དུས་བབ་དྲ་ཐོག་ལ་འགོད་གི་ཡིན། བོད་དོན་ཤེས་དགོས་ན་བོད་པ་ཙམ་མིན་པར་བོད་དོན་གྱི་ཕྱག་ལས་གནང་མཁན་སྐྱེས་ཆེན་དམ་པ་འདི་དག་གི་མཛད་པ་འཕྲིན་ལས་ཀྱང་བོད་མི་ཕྱི་རབས་པ་དག་གིས་ཤེས་དགོས་པ་རེད།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ལྷ་བཟང་ཚེ་རིང་ལགས་ཀྱིས་ངང་ཚུལ་འདིས་ངེད་ཅག་ལ་ཅི་ཞིག་སྟོན་བཞིན་ཡོད་པ་རེད། ཁོང་ལྟ་བུ་མང་བོ་ཞིག་ངེད་ཅག་བོད་པ་ཚང་ལ་ཡོད་མེད་ཐད་དུ་བསམ་་གཞིགས་བྱེད་མཁན་གྱི་མི་ཡང་ཉུང་ཚོད་དུ་གྱུར་ཡོད་དོན་གང་ལ་ཐུག་པ་རེད།

    རྒྱ་གར་གྱི་མི་སྣ་གལ་ཆེན་འདི་དག་གིས་བདེན་པའི་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གནས་ཚང་དྲིན་ཆེན་འདི་ཚང་གི་དྲིན་ལ་༧གོང་ས་མཆོག་གི་གཙོ་བའི་བོད་མི་ཁྲི་སྟོང་མང་བོ་ཞིག་རང་དབང་ས་ནས་རང་དབང་གི་འཐབ་རྩོད་བྱེད་རྒྱུའི་གོ་སྐབས་བྱུང་བར་ཁས་ལེན་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese