མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་མི་རིགས་ཀྱིས་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༦ ཉིན་ཧི་མ་ལ་ཡའི་ནང་བསྟན་རིག་གཞུང་ཚོགས་པ་དང་ཧི་མ་ལ་ཡའི་ནང་བསྟན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་གི་འཁྲུངས་སྐར་རྟེན་འབྲེལ་དེ་ལྡི་ལི་ནས་འཚོགས་རྒྱུ་ཡིན་འདུག

འཁྲུངས་སྐར་མཛད་སྒོའི་ཉིན་༧གོང་ས་མཆོག་སྐུ་དངོས་སུ་མཛད་སྒོར་ཕེབས་རྒྱུ་ཡིན་པ་དང་། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་མཁས་དབང་ཨབ་ཌུལ་ཁ་ལམ་མཆོག་མཆོག་ནི་སྐུ་མགྲོན་གཙོ་བོ་ཡིན་འདུག དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ལ་གཏོགས་པའི་མངའ་སྡེ་དག་གི་སྤྱི་ཁྱབ་བློན་ཆེན་རྣམ་པ་སྟེ། ཇམ་མུ་ཀཤཱི་སྨིར་གྱི་མངའ་སྡེ་བློན་ཆེན་དང་། ཧི་མ་ཅལ་མངའ་སྡེའི་བློན་ཆེན། ཨུ་ཊི་ར་ཁན་ཌི་མངའ་སྡེའི་བློན་ཆེན། འབྲས་ལྗོངས་ཀྱི་མངའ་སྡེའི་བློན་ཆེན། ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྣམ་པའང་འཁྲུངས་སྐར་མཛད་སྒོ་འདིར་ཕེབས་རྒྱུ་ཡིན་པ་དང་། ཁོང་རྣམ་པ་ནི་དམིགས་བསལ་སྐུ་མགྲོན་གྱི་ཁོངས་སུ་ཡོད་འདུག

མཛད་སྒོའི་སྐབས་སུ་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་འཁྲབ་སྟོན་རུ་ཁག་རྣམས་ཀྱིས་རིག་གཞུང་གི་འཁྲབ་སྟོན་ཡང་གནང་རྒྱུ་རེད།

གོང་གསལ་གོ་སྒྲིག་ཚོགས་པ་གཉིས་ཀྱིས་གསལ་བསྒྲགས་སྤེལ་དོན། འཁྲུངས་སྐར་སྲུང་གཙི་འདི་ནི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཁག་གིས་༧གོང་ས་མཆོག་དང་བོད་མི་རིགས་ལ་ཐུགས་རྗེ་ལེགས་འབུལ་ཙམ་ཞིག་ཡིན་ཚུལ་གསུངས།

མཛད་སྒོ་ཚུགས་ཡུལ་ནི་ལྡི་ལི་གསར་པའི་ར་ཧྥི་ནག་གྷུ་ས་ཁུལ་གྱི་ མཱ་ཝ་ལན་ཁར་ཚོགས་ཁང་རེད། མཛད་སྒོ་དབུ་འཛུགས་ཀྱི་དུས་ཚོད་ནི་སྔ་དྲོའི་དུས་ཚོད་ ༡༠ པ་ནས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 14

  1. ཨ་མྱེ says:
    ལོ་ 17 སྔོན།

    today is the birth day of the h.h. dialilama

    Reply
  2. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    སྟོན་མཛད་པའི། དག་བཅོས

    Reply
  3. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    གཞིས་ལ་མནར་བའི་དམྱལ་བའི་སེམས་ཅན་དང་། །བྱེས་ལ་འཁྱམས་པའི་བར་མའི་སྲིད་པ་ལ། །ཡང་དག་ལམ་གྱི་སྣང་བ་སྟོན་པའི་མོད། །ཞི་བདེའི་འོད་ཀྱིས་ཆེ་རྒུའི་སེམས་མུན་བསལ།

    Reply
  4. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    སྟོབ་ཆེན་མཚོན་དང་རྩ་ཆེན་རྒྱུ་དངོས་ཀྱིས། །འཛམ་གླིང་དབང་དུ་བསྒྱུར་བ་མང་མོད་ཀྱང་། །བྱམས་བརྩེའི་ཞལ་ལྡན་དགེ་སློང་དཀྱུས་མ་ཡིས། །ས་ཆེན་ཡོམ་ཡོམ་མཛད་མཁན་ཁྱེད་ལས་སུ།

    Reply
  5. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ཟུར་མཁར་ལགས། གོང་གི་གནས་ཚུལ་འདི་ཁུངས་ལྡན་ག་ཚོད་ཡིན་མིན་ཞིབ་ཕྲ་ཤེས་རྟོགས་མ་བྱུང་ཡང་ཐུགས་སྣང་དགོས་སྐོར་ཞུས་ཡོད་པ་ལས་ངས་ཁུངས་ལྡན་ཡིན་སྐོར་གང་ཡང་ཞུས་མེད། ང་ནི་དྲང་པོ་དང་བདེན་པ་ཁོ་ན་ལ་རེ་བ་བཅོལ་མཁན་ཞིག་ཡིན་པས་དེ་སྔོན་ཡང་འུར་སྒྲོག་བྱས་པ་མེད་ལ། ད་དུང་ཡང་དེ་ལྟར་བྱས་ན་ག་ལ་འགྲིག དེའི་ཐོག་ཁྱེད་རང་ཐུགས་དོགས་རྩ་བ་ནས་མ་གནང་རོགས། ཁྱོད་རང་གིས་འདས་དོན་ལ་ཕྱིར་གཟིགས་ཤིག་གནང་ནས་ན་ནིང་ནས་བཟུང་ད་བར་ངས་གནས་ཚུལ་གང་དང་གང་སྤེལ་བ་དང་། ལྷག་ཏུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་དེབ་བཅས་ལ་གཟིགས་ན་ངས་ཕྱོགས་ལྷུང་དང་ས་གནས་ཉི་ཚེ་བ་ཞིག་གི་གནས་ཚུལ་གཅིག་པུ་སྤེལ་བཞག་པ་ཞིག་ཡོད་བསམ་པ་ཞེ་ལ་མེད། འོན་ཀྱང་འདི་གར་གནས་ཚུལ་མཁོ་སྤྲོད་ག་རེ་གནང་བ་རྣམས་བརྒྱུད་སྤྲོད་བྱེད་བཞིན་པ་ལས་གཞན་ཐབས་ཤེས་མི་འདུག ངའི་དུས་བབ་ཀྱི་ཟིན་བྲིས་ནང་ན་ནིང་ནས་བོད་ནང་གི་ཛ་དྲག་གནས་ཚུལ་རྣམས་སུ་ལ་ཤེས་རྟོགས་ཡོད་ཚེ་འབྲེལ་བ་དང་མཁོ་སྤྲོད་གནང་རོགས་ཞུས་ཡོད་ཀྱང་ད་དབར་དྲ་ལམ་འདིའི་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་མཁན་སུ་ཡང་བྱུང་མ་སོང་བས་བློ་ཕམ་ཆེན་པོ་ཡོད། ད་དུང་ཡང་ཁྱེད་གཙོས་པའི་བོད་ནང་གི་གནས་ཚུལ་མཁོ་འདོན་ལ་ཕྱོགས་ལྷུང་བྱུང་འདུག་བསམ་མཁན་སུ་ཡོད་ན་གནས་ཚུལ་གང་ཡོད་པ་དེ་མཁོ་སྤྲོད་ངེས་པར་དུ་གནང་རོགས་ཞུ་བཞིན་ཡོད། གཞན་ཡང་བོད་གནས་དང་འབྲེལ་བའི་འདྲ་པར་དང་བརྙན་འཕྲིན་འབྱོར་རིགས་ཁག་ང་ཚོས་རྒྱལ་སྤྱིའི་ཐོག་བེད་སྤྱོད་བྱས་དང་བྱེད་བཞིན་པ་ཡིན། གོང་དུ་རི་བོ་ཆེ་ཟེར་བ་དེ་ཁམས་རི་བོ་ཆེ་རེད་འདུག

    Reply
  6. ཟུར་མཁར་ says:
    ལོ་ 17 སྔོན།

    སྨོན་ལམ་མཐར་ཕྱིན་ལགས། ཁྱེད་ཀྱི་གནས་ཚུལ་འདི་ཁུངས་ལྡན་ག་ཚོད་ཅིག་ཆགས་ཀྱི་ཡོད། ཁྱེད་ཚོའི་གྲས་དེས་དུས་ནམ་ཡང་གཅིག་བཅུ་དང་བཅུ་བརྒྱ་བཟོས་ནས་འུར་སྒྲོག་པར་དགའ་བས། དེང་སྐབས་གནས་ཚུལ་ངོ་མ་ཞིག་བཤད་ནའང་ཡིད་ཆེས་དགའ་བའི་གནས་རེད་འདུག ལྷག་པར་དུ་ཁྱེད་ཚོའི་གྲས་དེས་དུས་ནམ་ཡང་ས་ཁུལ་གཅིག་གི་གནས་ཚུལ་མ་གཏོགས་མཁོ་འདོན་མི་གནང་བ་དེ་གང་ཡིན་ནམ། རི་བོ་ཆེ་གསུངས་པ་དེ་གཙང་གི་རི་བོ་ཆེ་ཡིན་ནམ་ཁམས་ཀྱི་རི་བོ་ཆེ་ཡིན། ཁ་ནས་སྟོང་བཤད་ཙམ་མ་ཡིན་པར་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་རྙེད་དུ་འཇུག་ཆེད་བརྙན་པར་དང་ཤོག་པར་རིགས་ཡོད་དམ།

    Reply
  7. རྒྱ་གྲོ་བ། says:
    ལོ་ 17 སྔོན།

    གངས་ཅན་མགོན་གཅིག་ཕྱག་ན་པད་དཔར་འཆང།
    གངས་རིའི་ལྗོངས་འདིར་ཕེབས་པར་ངོ་མཚར་ཆེ།
    གངས་རིས་འདབས་གནས་ཧེ་མ་ལ་ཡའི་རིགས།
    གངས་ལྗོངས་རིག་པའི་སྙིང་བཅུད་བདུད་རྩི་མྱོང།།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་གར། །
    གངས་ལྗོངས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་མཆོག །
    མཁྱེན་རྩེ་ནུས་མངའ་བསྟན་འཛིན་རྒྱ་མཚོ་ཡི། །
    སྐུ་ཚེ་མི་འགྱུར་ཡུན་དུ་འཚོ་གཞེས་གསོལ། །
    བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་མཐུ་ཡིས། །
    གང་གི་ཕྲིན་ལས་ཕྱོགས་བཅུར་ཀུན་ཏུ་རྒྱས། །
    བཞེད་དོན་མཐའ་དག་གེགས་མེད་མྱུར་དུ་འགྲུབ། །
    ས་གསུམ་དབང་དུ་བྱེད་པའི་དཔལ་ཐོབ་ཤོག །
    ཅེས་གསུངས་སོ། །

    Reply
  9. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ཁྱེད་ཀྱིས་དྲ་རྒྱའི་ཁ་བྱང་མཁོ་སྤྲོད་གནང་བར་ཤིན་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གནས་ཚུལ་འདིར་ང་ཚོས་དོ་སྣང་བྱ་རྒྱུ་མ་ཟད་འབྲེལ་ཡོད་རྒྱུད་ལམ་ཁག་ཏུ་ཁ་བྱང་འདི་བཏང་ཡོད། ཧི་མ་ལ་ཡའི་མི་རིགས་འདི་ཚོས་ང་ཚོ་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར་ང་རང་ཚོས་ཀྱང་འགན་མཉམ་ཁུར་གྱིས་གཞིས་ལུས་བོད་མི་རྣམས་ཀྱི་དཀའ་སྡུག་རེ་རེ་བཞིན་རྒྱལ་སྤྱིའི་ཐོག་བརྒྱུད་སྤྲོད་ཐུབ་པ་དགོས་རྒྱུ་གལ་ཆེར་སོང་འདི་ལྟ་བུའི་གནས་ཚུལ་རེ་རེ་བཞིན་སུས་ཤེས་རྟོགས་ཡོད་ན་མཁོ་སྤྲོད་གནང་གལ་ཆེ།

    Reply
  10. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    བོད་ཡིག་གླེང་སྟེགས་ནང་ལ་འདུག
    http://www.bodbbs.com/forumdisplay.php?fid=24

    Reply
  11. ཨ་མྱེ says:
    ལོ་ 17 སྔོན།

    ཧི་མ་ལ་བ་ཚོ་སྐལ་བ་བཟང་པོ་ངོ་ཤེས་པ་གལ་ཆེ།་་་་ཁོ་ཚོ་མཚོན་ན་ཡང་འདི་འདིྲའི་དབུ་ཞིག་ལ་མཇལ་རྒྱུ་བྱུང་བའི་རིན་ཐང་ཤེས་དགོས།

    Reply
  12. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    བོད་ནང་གི་དྲ་རྒྱ་ག་རེའི་ནང་དུ་འདུག་འདིར་ཁ་བྱང་ཞིག་གཏང་རོགས།

    Reply
  13. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    རྒྱ་ནག་སྲིད་གཞུང་གི་རྒྱུན་དུ་བོད་རིགས་ཡོངས་ལ་འཛིན་པའི་སྲིད་ཇུས་ལྟར་རི་བོ་ཆེ་རྫོང་གིས་བོད་མི་དམངས་དང་དགོན་སྡེ་ཁག་ལ་དམ་བསྒྲགས་མནར་གཅོད་ཚད་མེད་བྱས་པ་དང་ལོ་འདིར་རི་བོ་ཆེ་རྫོང་འོག་གི་མི་དམངས་ཡིན་ཕྱིན་དབང་པོ་སྐྱོན་ཅན་དང་དབྱར་རྩ་དགུན་འབུ་སྐོ་ཐུབ་མིན་གང་ལ་ཡང་མི་ལྟོས་པར་ལོ་ན་༨ཡན་དང་༦༠མན་གྱི་མི་ཚང་མས་ལག་ནས་དབྱར་རྩ་དགུན་འབུ་བསྐོ་ཁྲལ་གོར་༦༠༠བཙན་ཤད་ཀྱིས་ཁྲལ་བསྡུས་པར་རྟེན་༢༠༠༩ལོའི་ཟླ་བ་༥ཚེས་༣༠ནས་ཉིན་གསུམ་ལ་རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་རྣ་ལུང་གྲོང་ དབྱར་རྩ་དགུན་འབུ་བསྐོ་ཁུལ་དུ་དབྱར་རྩ་དགུན་འབུ་བསྐོ་མཁན་མི་མང་ཁྲི་ལ་ཉེ་བ་འཛོམས་པ་དེས་སྲིད་གཞུངས་ལ་ངོ་རྒོལ་སྐད་འབོག་༼རྒྱ་ཡིས་བོད་ལ་འཛིན་པའི་སྲིད་ཇུས་ནི་ཧ་ཅང་གདུག་རྩུབ་ཆེན་པོ་ཞིག་རེད་འདུག་ ང་ཚོ་བོད་རིགས་ཚང་མ་བློ་སེམས་གཅིག་པ་ཡིན་ རྒྱལ་བ་རིན་པོ་ཆེ་སྐུ་ཚེ་སྐལ་བརྒྱར་བསྟན་པར་ཤོག་ ང་ཚོ་བོད་ལ་རང་དབང་དགོས་ང་ཚོ་ལ་འགྲོ་བ་མི་ཡི་ཐོབ་ཐང་དགོས་ འབུ་ཁྲལ་གོར་༦༠༠ཕྱིར་ལོག་སྤྲད་དགོས་༽ཅེས་ ཉིན་གསུམ་ལ་སྐད་འབོག་བྱས་ དེ་རྗེས་ ཟླ་བ་༦པའི་ཚེས་༣ཉིན་མཁར་དམར་མདོ་ཤང་དགའ་རྒྱལ་གྲོང་དབྱར་རྩ་དགུན་བསྐོ་ཁུལ་དུ་མི་གྲངས་༦༠༠༠གཡས་གཡོན་གྱིས་གོང་བཞིན་སྐད་འབོག་བྱས་འདུག་ དེ་རྗེས་ཟླ་བ་༥པའི་ཚེས་༧ཉིན་གངས་གཟེ་ཤང་དུ་གོང་བཞིན་སྲིད་གཞུང་ལ་ངོ་རྒོལ་བྱས་འདུག་ དེ་གསུམ་ནས་ཉེས་རྟོག་པའི་རླང་འཁོར་དགུ་ཙམ་ལ་རྡོ་ཞུས་ཞིང་ཉེས་རྟོགས་པ་དང་བཀོད་འདོམ་པུའུ་བཅས་མི་༢༠ལྷག་ཙམ་ལ་སྨས་སྐྱོན་བཟོས་ཤིང་སྐར་ལྔའི་དར་དམར་ཕབས་པ་སོགས་བྱས་ཡོད་པ་རེད་གནས་ཚུལ་ལྷག་པ་ནས་བཟུང་ སྲིད་གཞུང་གིས་དམགས་མི་ཕབས་ཏེ་གདུངས་རྡེགས་ཚབ་ཆེན་བཟོས་པ་དང་མི་༣༠ལྷག་ཙམ་འཛིན་བཟུང་བྱས་ཡོད་པ་དང་ད་གདུང་ཡང་རིམ་བཞིན་འཛིན་བཟུང་བྱེད་མོས་ཡིན་པ་རེད།།

    འདི་བོད་ནང་གི་དྲ་རྒྱ་ལས་བཤུས།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཧི་མ་ལ་ཡའི་མི་རིགས་འདི་ཚོར་༸ར྄ྒྱལ་བ་ཚང་ལ་དད་སེམས་ར྄ྣམ་དག་ཡོད། ཁོ་ཚོར་མཇལ་འཕྲད་ཀྱི་གོ་ས྄ྐབས་འདི་གནང་བར་༸ར྄ྒྱལ་བ་མཆོག་ཐུགས་ར྄ྗེ་ཆེ་ཞུ།

    གངས་རིའི་ལ྄ྗོངས་གྱི་དོན་གྱི་བདག་པོ་ཁྱོད་ཉིད། །
    གངས་ལ྄ྗོངས་ཡུལ་གྱི་འགྲོ་ར྄ྣམས་ཁྱོད་ཀྱི་གདུལ་བྱ། །
    གངས་ལ྄ྗོངས་ས྄ྣོད་བཅུད་ས྄ྐྱོང་བ་ཁྱོད་ཀྱི་མཛད་འཕྲིན། །
    གངས་རིའི་ལ྄ྗོངས་སུ་མྱུར་ཕེབས་མཛད་འཕྲིན་ར྄ྒྱས་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese