མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཀོབ་ཏུ་འཁྲུངས་སྐར་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp
༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ནི་ང་ཚོ་དགའ་འོས་པ་དང་སྤྲོ་དགོས་པ་ཞིག་ཡིན་ནའང་། ཁོང་དགུང་ལོ་མཐོ་རུ་སླེབས་ཀྱིན་ཡོད་པ་དང་མཛད་པ་འཕྲིན་ལས་མང་དུ་འགྲོ་བཞིན་པར་བརྟེན། སེམས་ལ་སྐྱོ་སྣང་དང་བློ་འཚབ་ཅིག་ཀྱང་ཡོང་གི་འདུག་ཟེར།
འདི་ལོའི་གོང་ས་མཆོག་གི་འཁྲུངས་སྐར་ཉིན་སྦོལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་མགོ་དང་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་དང་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་རྣམ་གཉིས། སྐུ་མགྲོན་གཙོ་བོ་ཀར་ན་ཊ་མངའ་སྡེའི་སྲིད་བློན་ཟུར་བ་ GT Deve Gowda ལགས། དགོན་སྡེ་དང་ཚོགས་པ་ཁག་གི་འགན་འཛིན་དང་སེར་སྐྱ་མང་ཚོགས་རྣམས་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་འཛོམས་ཏེ། ཁོང་གི་འཁྲུངས་སྐར་ཉིན་མོ་སྲུང་གཙི་བྱས་ཡོད།
ཉིན་དེར་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་འཁྲུངས་སྐར་ཉིན་གྱི་གསུང་འཕྲིན་ལྗགས་ཀློག་གནང་བ་དང་ཁོང་གིས་གསུངས་དོན། ང་ཚོ་མི་རེ་རེ་བཞིན་རང་ཉིད་ཀྱི་སྐྱེས་སྐར་ཡོད་པ་རེད་ལ། བྱིས་པ་ལོ་ཆུང་ཚོར་མཚོན་ན་སྐྱེས་སྐར་ལ་རོལ་རྒྱུ་ནི་དགའ་འོས་པ་དང་སྤྲོ་དགོས་པའི་དོན་བཟང་ཞིག་རེད། དེ་ནི་འཚར་ལོངས་ཀྱི་བརྒྱུད་རིམ་ཙམ་རེད། ཡིན་ནའང་། ༸གོང་ས་མཆོག་ལྟ་བུར་རླབས་ཆེན་གྱི་མཛད་འཕྲིན་མང་བོ་མུ་མཐུད་སྐྱོང་རྒྱུར་ལྷག་ཡོད་ཅིང་། ལོ་རེ་བཞིན་དགུང་ལོ་མཐོ་རུ་སླེབས་ཀྱིན་ཡོད་སྟབས། སེམས་ལ་རང་བཞིན་གྱིས་བློ་འཚབ་དང་སྐྱོ་སྣང་གི་རྣམ་པ་ཞིག་ཀྱང་ཆགས་ཀྱིན་ཡོད་པ་རེད། དེར་བརྟེན་སྦེལ་ཀོབ་གཞིས་ཆགས་ལྟ་བུར་དགོན་སྡེ་མང་བོ་དང་དགེ་འདུན་པ་ཧ་ཅང་མང་བོ་ཡོད་པའི་གཞིས་ཆགས་ཤིག་རེད་ལ། སྤྱིའི་ཆ་ནས་ང་ཚོ་ཆོས་དང་ལྡན་པའི་མི་རིགས་ཤིག་ཡིན་སྟབས། ནམ་རྒྱུན་ཁ་འདོན་དགེ་སྦྱོར་དང་༸གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས། རང་ཉིད་ཀྱི་མི་ཚེ་ནང་ཚེ་ཐར་སྲོག་བླུའི་མཚོན་པས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་སྒྲུབ་དགོས་པ་དང་། དེ་དག་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་རྒྱས་པ་དང་ཞབས་པད་བརྟན་པའི་དགེ་བར་བསྔོ་བར་ཕན་གྱི་ཡོད་ཅེས་དང་། ཡང་ཁོང་གིས་ཉིན་དེར་སློབ་ཕྲུག་ཚོར། ༸གོང་ས་མཆོག་གིས་འདས་པའི་ལོ་ཉི་ཤུའི་རིང་གི་ཤེས་ཡོན་སྲིད་བྱུས་མཐུས་ཤོར་ཕྱིན་པ་དང་མ་འོངས་པའི་ལོ་ཉི་ཤུའི་ནང་རིགས་གཅིག་རྐང་འཛིན་པ་མང་བོ་འཐོན་རྒྱུར་བཀའ་སློབ་ལམ་སྟོན་གནང་གི་ཡོད་སྟབས། ད་ལྟའི་སློབ་ཕྲུག་དག་གིས་ཤེས་ཡོན་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སློབ་ཕྲུག་འདི་ཚོས་མ་འོངས་པར་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་སྒྲུབ་ཐུབ་མིན་ཐད་ཕ་མ་དང་དགེ་རྒན། སློབ་ཕྲུག་རང་ཉིད་བཅས་ལ་འགན་ཡོད་ཅིང་། མ་འོངས་པར་ཤེས་ཡོན་སློབ་སྦྱོང་མཐུས་ཤོར་མེད་པ་ཞིག་ཡོང་རྒྱུར་དེ་རིང་ནས་དམ་བཅའ་དགོས་པ་ཞིག་རེད་ཅེས་སློབ་ཕྲུག་ཚོ་ལ་དམིགས་བསལ་གྱིས་བཀའ་སློབ་ལམ་སྟོན་གནང་ཡོད།
ཉིན་དེར་སྐུ་མགྲོན་གཙོ་བོ་ཀར་ན་ཊ་མངའ་སྡེའི་སྲིད་བློན་ཟུར་བ་ GT Deve Dowda ལགས་ཀྱིས་གསུངས་བཤད་གནང་དོན། ངས་༸གོང་ས་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་ཁོང་གི་འཁྲུངས་སྐར་ཉིན་ཁོང་དང་བོད་མི་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། དེང་སང་འཛམ་གླིང་ནང་༸གོང་ས་མཆོག་གི་འཚེ་མེད་ཞུ་བའི་ཐབས་ལམ་ཐོག་ཕྱག་ལས་ཧ་ཅང་མང་བོ་གནང་བཞིན་པ་དང་། ད་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཏེ་མཛད་པ་འཕྲིན་ལས་མང་བོ་བསྐྱངས་ཡོད་པ་རེད། དེ་ཚོའི་ཐོག་རྒྱབ་སྐྱོར་གནང་རྒྱུ་ནི་ང་ཚོ་རྒྱ་གར་གཞུང་མང་གིས་ལས་འགན་ཞིག་ཏུ་ངོས་འཛིན་གྱིན་ཡོད། འཛམ་བུ་གླིང་གི་རྒྱལ་ཁབ་མང་ཆེ་བས་༸གོང་ས་མཆོག་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ཇི་བཞིན་ང་ཚོ་རྒྱ་གར་གཞུང་མང་གིས་ཀྱང་འགན་འཐོལ་བ་ཞིག་ཁྱེར་ཏེ་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེ་བཞིན་༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པ་དང་ཨ་རིའི་གསེར་གྱི་གཟེངས་རྟགས་ཐོབ་པ་དེར་ང་ཚོ་རྒྱ་གར་གཞུང་མང་གིས་སྤོབས་པ་སྐྱེ་བཞིན་ཡོད། ཅེས་གསུངས་པ་མ་ཟད། ད་ལོ་བོད་མི་ཚོ་རྒྱ་གར་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་པ་རེད་ལ། ངས་བསམ་ཚུལ་དུ་བོད་མི་ཚོ་རྒྱ་གར་གྱི་མི་སེར་དང་གཅིག་པ་ཡིན་བསམ་གྱི་ཡོད། དེ་བཞིན་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གིས་བོད་མི་ཚོར་སོ་སོའི་རྒྱབ་ཁབ་ཀྱི་མི་སེར་ནང་བཞིན་བྱེད་དགོས་ཀྱི་རེད་ཅེས་དབུས་དང་མངའ་སྡེ་གཞུང་ལ་སྙན་གསན་ཞུ་རྒྱུ་ཡིན། འདིར་ཡོད་པའི་བོད་མི་ཚོར་དཀའ་ངལ་གང་འདྲ་ཞིག་འཕྲད་ན་ཐད་ཀར་ང་ལ་འབྲེལ་བ་བྱོས་དང་ངས་གང་ཡོང་ཅི་ཡོང་གིས་རོགས་རམ་བྱ་རྒྱུ་ཡིན། ཞེས་བོད་དོན་ཐོག་སྔར་ལས་ལྷག་ཏུ་ཤུགས་སྣོན་རྒྱག་རྒྱུ་དང་བོད་མི་ཚོར་ཡང་དཀའ་ངལ་འཕྲད་སྐབས་རོགས་རམ་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་གནང་ཡོད། དེ་བཞིན་བོད་མི་ཚོས་ཀྱང་རྒྱ་གར་གྱི་རིག་གཞུང་དང་ཡུལ་སྲོལ་གོམས་སྲོལ་ལ་སྦྱངས་ཏེ་མཐར་སོན་པ་ཞིག་བྱ་རྒྱུ་བོད་མི་ཚོས་ལས་འགན་རེད། ཅེས་གསུངས་ཡོད།
ཉིན་དེའི་ཉིན་རྒྱབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་བགྲོ་གླེང་ཚོགས་འདུ་ཞིག་གནང་ཡོད་ལ། བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་གསུང་བཤད་ཁག་མི་མང་གིས་ལག་ལེན་དུ་བསྟར་དགོས་པའི་སྐོར་ལ་གསུང་བཤད་གནང་བ་དང་། ཕྱི་གླིང་བའི་གྲྭ་བ་སེ་ར་དགོན་པར་སློབ་གཉེར་གནང་བཞིན་པའི་ཧོ་ལན་ཌའི་གྲྭ་བསྟན་འཛིན་རྣམ་དག་དང་འཇར་མན་གྱི་གྲྭ་བློ་བཟང་བརྩོན་འགྲུས། ཨ་རིའི་གྲྭ་བསྟན་འཛིན་བཅས་ཀྱིས་ད་བར་སེ་ར་དགོན་དུ་སློབ་གཉེར་བའི་མྱོང་ཚོར་སྐོར་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ཚན་རིག་བར་གྱི་གལ་གནད་སྐོར་ཞིག་གི་ཐོག་བགྲོ་གླེང་གནང་ཡོད། ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བདེ་སྐྱིད་སླར་གསོའི་ཉིན་སློབ་རྩེད་ཐང་དུ་གཞིས་གྲོང་བཞི་བ་དང་བཅུ་བ་གཉིས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་ཀྱིས་རྩེད་འགྲན་བྱས་ཏེ། གཞིས་གྲོང་བཞི་བར་ཨང་དང་བོ་ཐོབ་ཡོད། བདེ་སྐྱིད་སླར་གསོའི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་པ་ཚེ་རིང་ལྷུན་འགྲུབ་ལགས་ཀྱིས་ཐེངས་འདིར་བདེ་སྐྱིད་སླར་གསོའི་གཞིས་གྲོང་ཁག་གི་བར་ད་བར་ཐེངས་ ༣༢ ཙམ་ལ་འགྲན་བསྡུར་བྱས་རིང་། རྩེད་མོ་རྣམས་དང་ལྟད་མོ་བ་སུ་ཡིན་ཡང་འཁྲུག་འཛིང་མེད་པར་རྩེད་འགྲན་རྒྱལ་ཁའི་ངང་མཇུག་བསྡུས་ཡོད་ལ། རྩེད་འགྲན་འདི་ལྟ་བུ་གོ་སྒྲིག་བྱེད་དོན་ནི་༸གོང་ས་མཆོག་གི་འཁྲུགས་སྐར་ལ་དགའ་དད་སྤྲོ་གསུམ་བྱས་པ་ཙམ་མ་ཡིན་པར། མ་འོངས་པར་བོད་མིའི་སྤྱི་ཚོགས་ཁྲོད་རྩེད་མོ་བའི་སྤུས་པ་ལགས་སུ་འགྲོ་བར་དམིགས་པ་ཞིག་ཀྱང་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༡ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 15

  1. དབུས། says:
    ལོ་ 17 སྔོན།

    ང་ཚོ་གཞན་གྱི་དགོངས་གཞི་ལེན་པར་ཧ་ཅང་དགའ།དགོངས་གཞི་འཚོལ་བར་ཧ་ཅང་སྤྲོ།འདི་ནི་ང་ཚོའི་གཤིས་ཀའི་ཟུར་གཅིག་ཡིན།སྤྱིར་བཏང་གི་ཆ་ནས་བཤད་ན་ཡང་༧གོང་ས་མཆོག་སྐུ་མི་བཞུགས་པའི་དུས་ཐག་ཇེ་ཉེར་འགྲོ་བ་ལ་བསམ་ཡོད་ཅིག་ཡིན་ཚེ་སྐྱོ་དགོས་ངེས་ཤིག་ཡིན།

    Reply
  2. བྱ་གཞུང་དཔལ་རྡོར། says:
    ལོ་ 17 སྔོན།

    གཡུ་དྲུག་དཀར་ལགས།སྔོ་ཚོལ་བཟའ་རྒྱུར་དགའ་བ་དང་རྩམ་པ་བཟའ་རྒྱུར་དགའ་བའང་ལྟ་བ་ཡིན་ཟེར་ན།་ངས་ཁྱོད་ལ་ཅི་ལྟར་བཤད་དགོས་སམ།་ཨ་ལ་རྩེད་མོ་ཡིན།་ངས་ཁྱོད་ལ་རྩོད་པ་མི་རྒྱག་
    ཅི་བཤད་འདོད་ན་ཤོད།་ཁྱོད་ལ་ལྟ་བ་མང་གི་ཡ།་

    Reply
  3. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    སྐུ་ཞབས་ནམ་མཁའ་ལགས། ང་ཚོས་མི་ངན་ཐེར་འདོན་བྱས་ནས་རང་གི་ནུས་ཚོད་ཀྱི་སྤྱི་ཚོགས་ལ་ཞབས་ཞུ་བྱེད་དགོས་པས་གོང་གསལ་སྤྱི་འཐུས་དེ་གསལ་འདོན་བྱ་ཐུབ་ན་དགེ་མཚན་ཆེ་སྙམ།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    དྲ་གྲོགས་གཉིས་ང་ཚོའི་བརྗོད་གཞི་ངོ་མ་ལས་རྒལ་ཏེ་མི་གཞིའི་སྟེང་ལ་འགྲོ་གིན་འདུག ཉེ་འཆར་གྲོགས་པོ་ཞིག་བརྒྱུད་ནས་གོ་ཐོས་ལྟར་ན་བོད་མི་དམངས་སྤྱི་འཐུས་ཟུར་བ་ཞིག་ཨ་རི་ན་མཚན་ཚོགས་ཞབས་བྲོ་ཁང་ཞིག་གི་སྒོ་སྲུང་བྱས་འདུག་ཟེར། དེ་འདྲར་ལྟོས་ན་སྤྱི་འཐུས་ལྷ་མོ་སྐྱབས་འཚོགས་དུས་གཅིག་ལ་ཆད་ཡོད་སྲིད་ཀྱང་། རང་གི་ལྟོ་གོས་ཁོ་ནའི་ཆེད་དུ་ཡོད་ཚད་བློས་གཏོང་བྱས་མི་འདུག བཙན་བྱོལ་སྤྱི་ཚོགས་ནང་དུ་ཁོ་མི་འཇོན་ཐང་ཅན་ཞིག་མིན་སྲིད་ཀྱང་། ཁོ་མི་རིན་ཐང་ཅན་ཞིག་རེད།

    Reply
  5. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    བཀུར་འོས་སྐུ་ཞབས་དཔལ་རྡོར་ལགས། ཐོག་མར་ངས་ཁྱེད་ལ་སློབ་ཁྲིད་ཞིག་བྱེད། ལག་གཉིས་ཐལ་མོ་སྦྱར་ཏེ་པུས་མོ་ས་ལ་ཚུགས། ཧ་ཧ་ཧ་ ཀུ་རེ་ཡིན། ཁྱེད་སྔོ་ཚོད་བཟའ་རྒྱུར་དགའ་བ་དང་ང་རྩམ་པ་ཟ་རྒྱུར་དགའ་བ་ཙམ་ངེད་གཉིས་ཀྱི་ལྟ་བ་ལ་བཞག་ཆོག སྤྱིར་ལྟ་བ་ཟེར་བ་དེ་གཞི་གང་ཞིག་ལ་མི་སུ་ཞིག་གིས་བལྟ་སྟངས་ལ་ཟེར་ཆོག་པས་གོང་དུ་ངས་བཤད་པ་དེ་ལྟ་བ་ལོས་ཡིན། ལྟ་བ་ཡིན་ན་ངེས་པར་དུ་བདག་མེད་རྟོགས་པའི་ལྟ་བ་དང་སྟོང་ཉིད་རྟོགས་པའི་ལྟ་བ་ལྟ་བུ་ཞིག་ཡིན་དགོས་དོན་མེད། མི་ཞིག་ལ་མཚོན་ན་མི་ཚེ་གཅིག་ལ་ལྟ་བ་གཙོ་ཕལ་སྣ་ཚོགས་ཡོད་ཆོག ཤེས་སོང་ངམ། ད་དུང་ཁྱེད་ཀྱིས་སྐད་ཆ་ཤོད་དུས་གྰ་རེད འདི་མ་རེད་སོགས་ཐག་གཅོད་རྒྱུ་སྔ་དྲག་འདུག རྗེས་མར་’’ཡིན་ངེས་’’ཟེར་བ་ལྟ་བུ་དང་’’རེད་སྙམ’’་ལྟ་བུའི་ཚིག་སྙན་མོ་རེ་བེད་སྤྱོད་གཏོང་སྟངས་སྦྱང་རོགས། ད་དུང་”གདོང་ལ་ཐོན་ཤོག”ཟེར་བའི་ཚིག་འདིས་ང་སྤ་བཀོང་བར་བྱས་སོང་། ཁྱེད་ཀྱིས་ད་དུང་མུ་མཐུད་ནས་འབྲེལ་མེད་ཀྱི་སྐད་ཆ་འདི་ལྟར་ཤོད་རྒྱུ་ཡིན་ཚེ་ཚིག་དུམ་འདི་ངས་ཁྱེད་ལ་བྲིས་པའི་ལན་ཐ་མ་དེ་ཡིན།

    Reply
  6. བྱ་གཞུང་དཔལ་རྡོར། says:
    ལོ་ 17 སྔོན།

    གཡུ་དྲུག་དཀར་ཟེར་བའི་མིང་འདི་སྔོན་ཆད་ངའི་གྲོགས་པོ་ཞིག་གི་སྙུག་མིང་ལ་བེད་སྤྱོད་གཏོང་གི་ཡོད་ལ།་ཁོང་ནི་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ལོ་ངོ་དུ་མར་བསྐྱངས་བའི་སློབ་ཕྲུག་ཅིག་ཡིན།
    ཡིན་ནའང་ད་སྐབས་ཁོང་གིས་བེད་སྤྱོད་གཏོང་གི་མེད་པ་འདྲ།གལ་སྲིད་ཁྱོད་རང་ངའི་གྲོགས
    ་པོ་དེ་ཡིན་ཚེ་ངས་ཁྱོད་ལ་ཅིག་བཤད་ཡ།་ངོ་མ་ཁྱོད་ཁྱི་ཞིག་རེད།རང་གི་ལོ་ངོ་མང་པོའི་དགེ་རྒན་ལའང་དོན་མེད་ཀྱིས་བརྙས་བརྐོ་བ་མི་གཞི་གང་ཡང་མེད་པའི་ཕྱུགས་ཟོག་རེད།
    སྤྱིར་བཏང་མི་ཤེས་རྒྱ་ཅན་ཞིག་གིས་སྙུག་མིང་བཀོལ་ན་སྐྱོན་མིན་པར་ཡོན་ཏན་ཡིན་ནའང་མི་ཁྲམ་པ།བློ་དོག་པོ་རྣམས་ལ་ནི་ཁ་གཏོང་བྱེད་ཅིག་ལས་གང་ཡང་མ་རེད།ཁྱོད་སྡར་མ་ཞིག་མིན་པའམ་
    ཤེས་ཡོན་ཅན་ཞིག་ཡིན་ནའང་ངོ་གདོང་རྗེན་པར་ཐོན་ཤོག་དང།་ངས་ཁྱོད་ཀྱིས་གང་ཞིག་ཤེས་མཁན་ཡིན་མིན་དང་ཁྱོད་ཀྱིས་ཅི་ཞིག་འཇོན་ཡོད་མེད་ཅིག་ལྟ་ན་འདོད་ཀི།

    Reply
  7. བྱ་གཞུང་དཔལ་རྡོར། says:
    ལོ་ 17 སྔོན།

    གུས་པར་འོས་པའི་སྐུ་ཞབས་གཡུ་དྲུག་དཀར་ལགས།ངས་ཁྱོད་ཀྱིས་ཡབ་ཡུམ་ལ་སྙིང་རྗེ་སྐྱེས་ཀྱི་འདུག་ཅེས་ལབ་པ་དེ་འགྲིག་མི་འདུག་ཁྱོད་ལ་དགོངས་དག་ཞུ་རྒྱུ་ཡིན།་
    ཡིན་ནའང་ཁྱོད་ཀྱིས་བཤད་པ་དག་ནི་ལྟ་བ་ཞིག་གང་ཡང་མ་རེད་ལ།དེ་འདྲ་ཞིག་ལ་ལྟ་བ་ཟེར་ནི་མ་རེད།ང་ཚོ་དེ་ཚོད་ཅིག་ལ་སླེབས་ཡོད་ནི་མ་རེད།དེར་ཁ་བཏང་བ་ཟེར་བ་རེད།
    གཤོག་པ་མ་ཐོགས་གོང་ནས་འཕུར་རྒྱུ་མ་དྲན།ཁྱོད་རང་འཇོན་ན་ཁྱོད་གང་ནས་ལྷག་སོང་བ་རེད་དམ།ཞེ་བོ་ཅིག་མཁས་མདོག་བསྟན་ནས་ཅིག་འགྲིག་མི་འདུག་མིག་འགྲིག་མི་འདུག་ལབ་པ་ནི་ཁ་བཏང་བ་མིན་ན་ཅི་རེད།
    འོ་ན་དེ་ཚོའང་ཁྱོད་ཚོས་ལྟ་བ་ཡིན་ནམ།མ་གཞི་ནས་ཁྱེད་རང་ཚོ་སྤྱི་ཚོགས་ལ་འགན་ཁུར་འདོད་ན་བློ་རྒྱ་ཡངས་པོ་ཞིག་དང་བློ་ཁོག་ཆེན་པོ་ཞིག་དགོས་ནི་རེད།་སྙུག་མིང་ཞིག་བཏགས་ནས་འགན་མི་འཁུར་བའི་སྐྡད་ཆ་རྫོགས་མེད་ཅིག་བཤད་ནས་ཅི་ཞིག་ཕན་ནམ།
    ཁྱོད་རང་ཚོ་དངོས་གནས་བོད་ལ་ཤ་ཚ་ན་སྙིང་ཉེ་ན་བློ་ཁོག་ཆེན་པོས་འགན་ཁུར་ཏེ་ཐོན་ན་འགྲིག་གི་རེད།་གང་བྱུང་མང་བྱུང་བཅོ་བརྒྱད་ལབ་ནས་ཁ་བཏང་ན་སྤྱིར་དུས་བབ་ཟིན་བྲིས་ལ་མིང་ཤས་ཡོང་རྒྱུ་དང།་སྒོས་སུ་ཁྱོད་རང་ནི་མི་སྡར་མ་ཁྱི་འདྲ་ཞིག་སྟེ།་ལྐོག་ནས་དཀྲུགས་ཤིང་འཕངས་ནས་རང་གིས་དགའ་མིན་ལ་ལྟོས་ནས་མི་ལ་ཞྭ་མོ་བསྐོན་རྒྱུ་ལས་ཅི་ཡོད།
    དེ་བས་ཁྱོད་ཀྱིས་དངོས་གནས་བོད་ལ་ཕན་ཐོགས་བསམ་ན།་མིང་རྫུན་གྱི་འོག་ནས་བདག་མེད་ཀྱི་སྐད་ཆ་མ་བཤད་ཐོན་ཤོག

    Reply
  8. རི་རྒྱལ་ལྷུན་པོ says:
    ལོ་ 17 སྔོན།

    གོང་ས་སྐྱབས་མགོན་རྒྱལ་ཐམས་ཅད་མཁྱེན་པ་མཆོག་དགུང་གྲངས་ཇེ་ཐོར་ཕེབས་པ་དང། མགོན་པོ་གང་ཉིད་ཀྱི་ཐུགས་དགོངས་སུ་བོད་པའི་གཞོན་སྐྱེས་ཚོས་ངེས་པར་དུ་སྦྱང་བའི་ཤེས་ཡོན་དག་རིགས་གཅིག་རྐང་འཛིན་རང་རྐྱ་ཐུབ་པ་ཞིག་འབྱུང་ཐུག་པར་ཐུགས་རེ་གནང་བ་འདི་དངོས་གནས་དུས་རབས་དང་མཐུན་ཞིན་ཧ་ཅང་གི་རླབས་ཆེན་རེད།
    སྤྱི་འཐུས་ལྷ་མོ་སྐྱབས་ཀྱིས་ཐུགས་འཚབ་ཅིག་སྐྱེ་བཞིན་ཡོད་ཚུལ་གསུངས་པ་འདི་རྒྱུ་མཚན་དང་ལྡན་པ་ཞིག་རེད། འགན་འཁུར་ཞིག་བླངས་ཀྱིན་ཡོད་གསུང་བཤད་ཅིག་ཀྱང་རེད།

    Reply
  9. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    གུས་པར་འོས་པའི་སྐུ་ཞབས་དཔལ་རྡོར་ལགས། ངའི་རེ་བ་ལ་དྲ་ཚིགས་འདི་ཤེས་ལྡན་པ་དག་གིས་ལྟ་བའི་གནད་འགག་ལས་འཕྲོས་ཏེ་བསམ་ཚུལ་བརྗེ་རེས་བྱེད་ས་ཤིག་ཡིན་པ་ལས་རྩོད་པ་ཕོར་ཁ་ནས་ཤོར་དེ་དགག་ལན་གྲི་མདུང་གིས་མཇལ་ས་ཤིག་མིན་པ་ཁྱེད་ཀྱིས་ཤེས་དགོས་སྙམ། ཁྱེད་ཀྱིས་ངའི་བསམ་ཚུལ་ལ་དགག་པ་ལན་བརྒྱར་བརྒྱབ་ཀྱང་དགའ་བསུ་ཡོད་མོད། ངའི་ཡབ་ཡུམ་གཉིས་ཁྱེད་ཀྱི་སྙིང་རྗེའི་དམིགས་ཡུལ་ཡིན་མིན་ནི་གནས་ཚུལ་གཞན་ཞིག་རེད།

    Reply
  10. ཟུར་མཁར་ says:
    ལོ་ 17 སྔོན།

    ནམ་མཁའ་བསྟན་འཛིན་འདིའི་བཤད་པ་ཅིའི་མ་བདེན། སྐྱབས་སུ་མཆིའོ། རྡ་སའི་མི་དམངས་ཀྱིས་སྤྱི་འཐུས་རྣམ་པ་ལ་མཚང་མིང་དང་གོ་གནས་ཞི་ཕུལ་ཡོད་པ་ནི་རྒྱ་གར་གྱི་policeཟེར་། ནང་དོན་ནི་སྤྱི་འཐུས་དེ་རྣམས་མཐོང་དུས་རྒྱ་གར་གྱི་ཉེན་རྟོག་པ་མཐོང་བ་ནང་བཞིན་སུན་སྣང་དང་ཞེན་པ་ལོག་པའི་དོན་རེད།

    Reply
  11. བྱ་གཞུང་དཔལ་རྡོར། says:
    ལོ་ 17 སྔོན།

    གཡུ་དྲུག་དཀར།
    འགན་ཅི་ཡང་མེད་པར་འུར་མ་རྒྱག
    ཁ་གཏོང་གི་མ་འདུག
    རང་གིས་བྱས་རྗེས་ཞོགས།
    མ་གཞི་ནས་མི་ལ་ཁ་རྐྱང་རྐྱང་གཏོང་མཁན་ཞིག་གིས་བོད་ལ་རེ་བ་གང་ཡང་བསྐྲུན་མི་ཐུབ།་
    ད་དུང་འགོག་རྐྱེན་ལས་གཞན་གང་ཡང་མིན།་
    འཇོན་མཁན་ཞིག་ཡིན་ན་འཇོན་ཐང་བསྟན་ནས་མི་གཞན་ལ་ཁ་གཏོང་གི་ཆུགས།་་མི་འཇོན་མཁན་ཚོས་འཇོན་མཁན་ལ་ཁ་གཏོང་གི་ཆུགས།་ཟེར་བའི་ཁ་དཔེ་དེས་ཁྱོད་ཀྱི་མི་གཞི་ཅི་འདྲ་ཡིན་མིན་གསལ་པོར་སྟོན་གྱི་འདུག
    ་ངོ་མ་སྙིང་རྗེ་ཨང།་་འོ་ངས་ཁྱོད་ལ་སྙིང་རྗེ་བ་མིན།་ངས་ཁྱེད་ཀྱི་ཕ་མ་ལ་སྙིང་རྗེ་གི་འདུག་

    Reply
  12. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    གུས་པར་འོས་པའི་སྐུ་ཞབས་ནམ་མཁའ་ལགས། སྐུ་ཉིད་ནས་བསམ་ཚུལ་གསུངས་པར་བཀའ་དྲིན་ཆེ། སྐུ་ཉིད་ནས་ད་ལོའི་གྲོས་ཚོགས་སྐབས་སུ་ལྷ་མོ་སྐྱབས་རྒྱ་གར་ན་ཡོད་མེད་གསལ་བོ་ཞིག་དྲིས་དང་ཁོང་”བོད་སྤྱི་ཚོགས་དང་ཁ་བྲལ་ནས་སྡོད་ཀྱི་ཡོད་མེད་དང་གྲོས་ཚོགས་ཚོགས་འདུར་དགོངས་ཤོག་གཏོང་གི་ཡོད་མེད་”ཤེས་ཐུབ་ལ། དེ་དང་མཉམ་དུ་ཁྱེད་ཀྱིས་རང་ཉིད་ཀྱི་བསམ་ཚུལ་རྣལ་མ་དེ་ཚད་ཅི་འདྲ་ཞིག་ཏུ་སླེབ་ཡོད་པ་འང་གསལ་བོར་ངོས་ཟིན་ངེས། འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ་ངས་ལྷ་མོ་སྐྱབས་སོགས་གྲོས་ཚོགས་ཚབ་མཚོན་གྱི་མི་ཁ་ཤས་ཀྱི་ནར་མ་སོན་པའི་ལྟ་བར་འཁང་ར་བྱས་པ་ཙམ་ལས་ཁོང་གི་དགེ་རྒན་ལོ་ཅི་ཙམ་བྱས་མིན་ལ་དང་སློབ་ཕྲུག་ཅི་ཙམ་ཡོད་མེད་སོགས་ལ་ཅི་ཡང་བཤད་ཀྱིན་མེད།

    Reply
  13. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    དྲ་གྲོགས་གཡུ་དྲུག་དཀར་ལགས། བོད་མི་དམངས་སྤྱི་འཐུས་ཟེར་ན་ཡང་མཐར་གཏུགས་ན་ཁྱོད་དང་ང་ཐེས་བའི་བཙན་བྱོལ་མི་དམངས་ནང་ནས་ཅུང་དྲག་གྲས་རེ་བདམས་པ་རེད་མ་གཏོགས་ཕྱི་རྒྱལ་གྱི་མ་རྐང་ཁྲོམ་རའི་ནང་ནས་གོང་ཆེན་བྱིན་ནས་ཉོས་ཏེ་ཡོང་བ་དེ་འདྲ་མ་རེད། དེར་བརྟེན་བོད་པ་སྤྱི་ལ་དམིགས་བསལ་གྱི་བསམ་བློ་འདི་ཟེར་བ་ཞིག་མེད་ས་ནས་སྤྱི་འཐུས་ཞིག་ལའང་དེ་ལས་ལྷག་པའི་བསམ་བློ་ཞིག་དཀའ་རྒྱུ་རེད། དང་པོ་རང་ཉིད་ལ་བསམ་བློ་ཞིག་ཐོངས་དང་། མི་རང་ཉིད་ཀྱིས་འགན་ཅི་ཞིག་འཁུར་ཐུབ་ཀྱི་འདུག ནུས་བ་ཅི་ཞིག་འདོན་ཐུབ་ཀྱི་འདུག དྲང་མོར་བཤད་ན་ལྷ་མོ་སྐྱབས་ཟེར་བ་འདི་བོད་པའི་སྤྱི་འཐུས་གྲས་ནས་གཞན་འགའ་དང་བསྡུར་ན་སྤུས་ཀ་ཞན་པོ་དེ་འདྲ་གཏན་ནས་མ་རེད། ལོ་གཅིག་གི་གྲོས་ཚོགས་ཐེངས་གཉིས་ལ་མ་གཏོགས་བོད་པའི་སྤྱི་ཚོགས་དང་བྲལ་ནས་བསྡོད་མཁན། འཚོགས་དུས་ཐེངས་གཉིས་ལའང་ཕྱེད་ཀར་དགོངས་ཤོག་གཏོང་མཁན་ཚོ་དང་བསྡུར་ན། མི་འདིས་བོད་ཕྱི་ནང་གཉིས་ཀའི་གནས་སྟངས་གསལ་བོ་ཞིག་ཤེས་བ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་དུ་ལོ་ངོ་བཅུ་ཕྲག་ལྷག་ལ་དགེ་རྒན་བྱས་ཏེ་བོད་ཡིག་ལེགས་ཙམ་ཤེས་མཁན་མང་པོ་གསོ་སྐྱོང་བྱས་ཡོད་པ་མིག་མཐོང་ལག་ཟིན་རེད། ད་དུང་གྲོས་ཚོགས་ར་བར་ཤེས་ཡོན་སྲིད་བྱུས་ཀྱི་གོ་བསྡུར་གནང་སྐབས་ནམ་རྒྱུན་འགན་རྐང་ལེན་བྱེད་མཁན་གྱི་སྤྱི་འཐུས་ཞིག་རེད། ཨོ། ངས་རང་གི་བསམ་ཚུལ་རྣལ་མ་ཞིག་གླེང་བ་ཡིན་མ་གཏོགས་ཁྱོད་ལ་དམིགས་བསལ་གྱི་དགག་རྒྱག་བྱས་བ་དེ་འདྲ་གཏན་ནས་མིན། ཧ་ཅང་ཐད་དྲག་ཡོད་ན་དགོངས་འདགས་ཞུ།

    Reply
  14. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    རེད བཀླགས་ཟིན། ལྷ་མོ་སྐྱབས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཁོང་ལ་བློ་འཚབ་དང་སྐྱོ་སྣང་ཞིག་ཡོང་གིན་ཡོད་ཚུལ་བཤད་པ་འདིས་སྟེང་ནས་ང་ལ་ཚོར་སྣང་ཞིག་བྱིན་པ་ནི། ༧གོང་ས་མཆོག་མེད་པའི་དུས་ཤིག་བྱུང་ན་ང་ཚོའི་ཅི་ཞིག་བྱ་ལྟ་བུ་ཞིག་གོ་བྱུང་ལ་དེ་ལས་བོད་རིགས་ཤེས་ཡོན་པར་གྲག་པའི་མི་ཞིག་དང་བོད་མི་དམངས་སྤྱི་འཐུས་ཤིག་ལ་བསམ་བློ་འདི་ལྟ་བུ་ཞིག་ལས་མེད་པར་ཅུང་ཟད་ཧ་ལས་དགོས་བྱུང་། ༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་ཟས་ཆད་གཉིད་བྲལ་གྱིས་བོད་དོན་སྒྲུབ་ཡོད་མོད་ཁྱེད་ཚོས་ད་དུང་བོད་དོན་ཡོད་ཚད་ཁོང་གི་ཕྲག་ནས་ལེན་འདོད་མེད་པ་དེ་རེད། དངོས་གནས་བྱས་ན་ལྷ་མོ་སྐྱབས་སོགས་བོད་མི་དམངས་སྤྱི་འཐུས་ནས་༧གོང་ས་མཆོག་ལ་ད་ནི་ཁྱེད་ཀྱིས་ཐུགས་སེམས་དལ་ལྷོད་ལྷོད་ངང་ངལ་གསོ་ཞིག་བྱས་ནས་ང་ཚོར་གཟིགས་དང་ང་ཚོས་བོད་གཞུང་དམངས་གཉིས་ནས་བོད་དོན་ཐོག་སྐུ་ཉིད་ཀྱི་ཐུགས་ཡིད་ཚིམས་པའི་འཐབ་རྩོད་ཞིག་བྱ་ཞེས་ཞུ་དགོས་པའི་དུས་ལ་སླེབས་ཡོད་སྙམ།

    Reply
  15. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    རེད བཀླགས་ཟིན། ལྷ་མོ་སྐྱབས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཁོང་ལ་བློ་འཚབ་དང་སྐྱོ་སྣང་ཞིག་ཡོང་གིན་ཡོད་ཚུལ་བཤད་པ་འདིས་སྟེང་ནས་ང་ལ་ཚོར་སྣང་ཞིག་བྱིན་པ་ནི། ༧གོང་ས་མཆོག་མེད་པའི་དུས་ཤིག་བྱུང་ན་ང་ཚོའི་ཅི་ཞིག་བྱ་ལྟ་བུ་ཞིག་གོ་བྱུང་ལ་དེ་ལས་བོད་རིགས་ཤེས་ཡོན་པར་གྲག་པའི་མི་ཞིག་དང་བོད་མི་དམངས་སྤྱི་འཐུས་ཤིག་ལ་བསམ་བློ་འདི་ལྟ་བུ་ཞིག་ལས་མེད་པར་ཅུང་ཟད་ཧ་ལས་དགོས་བྱུང་། ༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་ཟས་ཆད་གཉིད་བྲལ་གྱིས་བོད་དོན་སྒྲུབ་ཡོད་ལ། ད་དུང་བོད་དོན་ཡོད་ཚད་ཁོང་གི་ཕྲག་ནས་ལེན་འདོད་མེད་པ་དེ་རེད། དངོས་གནས་བྱས་ན་ལྷ་མོ་སྐྱབས་སོགས་བོད་མི་དམངས་སྤྱི་འཐུས་ནས་༧གོང་ས་མཆོག་ལ་ད་ནི་ཁྱེད་ཀྱིས་ཐུགས་སེམས་དལ་ལྷོད་ལྷོད་ངང་ངལ་གསོ་ཞིག་བྱས་ནས་ང་ཚོར་གཟིགས་དང་ང་ཚོས་བོད་གཞུང་དམངས་གཉིས་ནས་བོད་དོན་ཐོག་སྐུ་ཉིད་ཀྱི་ཐུགས་ཡིད་ཚིམས་པའི་འཐབ་རྩོད་ཞིག་བྱ་ཞེས་ཞུ་དགོས་པའི་དུས་ལ་སླེབས་ཡོད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese