ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཚེ་སྲོག་གི་ཆག་སྒོ་འབྱུང་བཞིན་པའི་ཐད་ངོས་རང་བློ་འཚབ་དང་སེམས་སྐྱོ་བོ་བྱུང་།
༧གོང་ས་མཆོག་གིས་ཕྱི་ཚེས་ ༨ ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཝུ་རུ་མུ་ཆི་ནང་གི་ཡུ་གུར་གྲངས་ཉུང་མི་རིགས་དང་རྒྱ་རིགས་བར་འཁྲུག་རྩོད་བྱུང་སྟེ། མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བའི་ཐད་ཐུགས་འཚབ་ཀྱི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།
གསུང་འཕྲིན་ནང་༧གོང་ས་མཆོག་གིས་གསུངས་དོན། ཤར་ཏིར་ཀི་སི་ཐན་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཚེ་སྲོག་གི་ཆག་སྒོ་འབྱུང་བཞིན་པའི་ཐད་ངོས་རང་བློ་འཚབ་དང་སེམས་སྐྱོ་བོ་བྱུང་། ངོས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གནད་དོན་འདི་ཞི་འཇམ་དུ་གཏོང་བར་གོ་རྟོགས་དང་མིག་རྒྱང་ཡོད་པའི་ཐབས་ལམ་བེད་སྤྱོད་གཏོང་རྒྱུའི་རེ་སྐུལ་ཞུ་གིན་ཡོད།
ངོས་ནས་དོན་རྐྱེན་འདིའི་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་དང་ཁོང་ཚོའི་ཤུལ་ལུས་ནང་མི་དང་། འབྲེལ་ཡོད་མི་སྣ་ཚང་མར་སྨོན་ལམ་འདེབས་ཀྱིན་ཡོད། ཅེས་གསུངས་ཡོད་པ་རེད།
ཤར་ཏུར་ཀི་སི་ཐན་ནང་གི་འཁྲུག་རྩོད་འདི་ནི་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྔ་ཉིན་ཏེ། ཕྱི་ཚེས་ ༥ ཉིན་བྱུང་ཡོད་ལ། འདིའི་རྒྱུ་རྐྱེན་ནི་ཉིན་དེ་དག་གི་སྔ་རོལ་ནས་རྒྱ་ནག་ཧན་མི་རིགས་དང་ཡུ་གུར་མི་རིགས་དབར་འཁྲུག་རྩོད་ཅིག་བྱུང་བ་དེ་ཐག་གཅོད་ནན་མོ་བྱེད་མ་ཐུབ་པར་བརྟེན་ནས་བྱུང་ཡོད་ལ། ཕྱི་ཚེས་ ༦ ཉིན་ཉུང་མཐར་མི་ ༡༥༦ རྐྱེན་ལམ་དུ་ཕྱིན་པ་དང་། ༡༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ ན་ཝེ་ཕེལ་ལི་ལགས་ཀྱིས་ཀྱང་ཕྱི་ཚེས་ ༧ ཉིན་དོན་རྐྱེན་འདིའི་ཐད་ཐུགས་འཚབ་ཡོད་སྐོར་གསུངས་ཡོད་པ་རེད།
རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཁ་ཉིན་ཨི་ཊ་ལིར་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུའི་སྟེང་ཞུགས་པར་ཡོང་ཡོད་ནའང་། ཤར་ཏུར་ཀི་སི་ཐན་ནང་དོན་རྐྱེན་དེ་བྱུང་བ་ཤེས་རྗེས་གློ་བུར་དུ་ཕྱིར་རྒྱ་ནག་ལ་ལོག་སྟེ་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་ནས་ཕྱིར་འཐེན་བྱས་ཡོད་འདུག
ཡར་ལང་རྒྱེབ་པ་ལ་ཕན་གནོད་གང་འབྱུང་མི་ཤེས། དབུ་མའི་ལམ་ཀྱི་སྲིད་ཇུས་གཞི་བཟུང་རྒྱ་བོད་ཕན་ཚུན་ཡིད་ཆེས་ཡོད་པར་ཞིག་བྱེད་ཡ་དེ་རྩ་བའི་ལང་ཕྱོགས་དང་མཐུན་རེད། ཤིང་ཅང་མི་རིགས་ནི་ཁ་ཆེ་མི་རིགས་རེད། མི་རིགས་དང་ཆོས་ལུགས་ཀྱི་དོན་ལ་ཤི་ན་འདི་བདེ་ཕྱི་བདེ་ཡོང་བའི་ཡིད་ཆེས་བཅོས་མིན་ཡོད་མཁན་གྱི་མི་རིགས་ཞིག་རེད། པཎ་ཆེན་རིན་པོ་ཆེས་ནམ་མཁར་ཡར་འཕགས་ན་ཕྱི་ལྷུང་ཡ་ལས་ལམ་གཞན་ཡོད་མ་རེད་གསུངས་པ་དེ་དངོས་གནས་གཞིའི་བྱེས་བོད་མི་ཡོངས་ལ་ཐུགས་བསམ་ཞིབ་བཞེས་ཀྱིས་གསུང་པ་ཞིག་རེད། ཕན་ཚུན་ཡིད་ཆེས་ནི་ཕག་པའི་རྔ་མ་ནང་བཞིན་ཇེ་ཕྲ་ཕྱིན་ན་མཐར་འབྲས་གང་ཡང་མི་འབྱུང་བ་ཞིག་ཡོང་ངེས་དང་། ང་རང་ཚོ་ལ་དགོས་རྒྱུ་དེ་ཆོས་དད་རང་མོས་དང་། རང་རིགས་རང་སྐྱོང་དེ་རེད། རེ་དོན་འགྲུབ་ཡ་དེ་རྒྱ་ནང་གིས་བསམ་ཤེས་ཀྱིས་སྤྲད་ན་མ་གཏོགས་ཕྱི་རྒྱལ་གྱིས་གནོད་ཤུག་དང་བོད་མིའི་ཡར་ལང་གིས་གནོད་ཤུགས་ཀྱིས་རྒྱ་མི་ཞེད་ནས་བོད་མིའི་རེ་དོན་འགྲུབ་པར་རེ་ན་འཁྲུལ་སྣང་གི་ནང་ནས་ཆེས་འཁྲུལ་སྣང་དེ་རེད།
ཡ་ཨ་མྱེས་ལགས།མ་ནི་འདོན་རྒྱུ་དེ་རྒན་རྒོན་ཚོའི་གོམས་གཤིས་ཤིག་ཡིན་པ་ལ་ངས་དོ་སྣང་མ་བྱས་པས་དགོངས་པ་མ་ཚོམ།ད་ཇ་བོད་ཇ་དཀར་ཡོལ་གང་འཐུང་ཞོར་དུ་ཨ་མྱེས་ཁྱེད་མ་ནི་མང་ཙམ་ཐོན་ཨཱ།
ཡ་ཨ་མྱེས་ལགས།མ་ནི་འདོན་རྒྱུ་དེ་རྒན་རྒོན་ཚོའི་གོམས་གཤིས་ཤིག་ཡིན་པ་ལ་ངས་དོ་སྣང་མ་བྱས་པས་དགོངས་པ་མ་ཚོམ།ད་ཇ་བོད་ཇ་དཀར་ཡོལ་གང་འཐུང་ཞོར་དུ་ཨ་མྱེས་ཁྱེད་མ་ནི་མང་ཙམ་ཐོན་ཨཱ།
ད་བོད་ཚོ་ག་རེ་བྱས་སོང་།དྲང་མོར་བཤད་ན་ཤིང་ཅང་གི་གནས་ཚུལ་དང་བོད་སོག་གི་གཙོས་འི་ཀྲུང་གོའི་གྲངས་ཉུང་མི་རིགས་ཡིན་ཟེར་བ་རྣམས་དཀའ་ངལ་གཅིག་གྱུར་ཡིན་དུས་འབུར་ཡ་ཡོད་ན་ད་འབུར་དགོས་ཀྱི་མ་རེད་པས།དུས་ཚོད་འདི་ལ་ས་མཚམས་བརྒལ་ཏེ་བོད་དུ་ཕྱིར་ལོག་གི་ཡིན་ཟེར་བཞིན་དངོས་སུ་འགྲོ་ངེས་ཤིག་ཡོད་ན་ཅི་མ་རུང།ཡག་ཉེས་གང་ཡིན་རུང་གནད་དོན་ཞིག་ཏན་ཏན་ཆགས་འགྲོ་ཡི་རེད།ལྟོས་དང་།རྒྱལ་སྤྱིའི་ཁྲོད་ཀྱི་འགྲོ་བ་མི་ཡི་ཐོབ་ཐང་དོན་གཉེར་བ་དང་རྒྱ་ནག་ནང་གི་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པ་ཟེར་བས་སེམས་འཁྲུལ་གང་འདྲའི་བྱེད་ཀྱི་འདུག དེ་བཞིན་ཐེ་ཝཎ་དང་རྒྱ་གར།ཊཱར་ཀཱིའི་དང་ཨ་རི་སོགས་ནས་ཀྱང་རྣམ་པ་འདྲ་མིན་གྱི་བརྒྱུད་ལམ་ནས་མེ་འབར་ཐབས་ཀྱི་འབད་བརྩོན་བྱེད་བཞིན་འདུག་གཱ། ཡང་དཀྲུག་ཤིང་རྒྱབ་པའི་སྐད་ཆ་མ་རེད་དཱ།གང་ལྟར་འགྲོ་བ་མི་ཡི་ཐོང་ཐང་རྩོད་ནས་མེ་འབར་ན་འབར། ཆུ་འཁོལ་ན་འཁོལ་བསམ་གྱི་ཡོད་རེད།
ཡུ་གུར་པ་ཚོར་སྙིང་སྟོབས་དང་མཉམས་འབྲེལ་ཡག་པོ་འདུག ང་ཚོ་ལ་དེ་འདྲ་ཞིག་ཡོད་ན་ཁོང་གི་དབུ་འཁྲིད་འོག་རང་དབང་ལེན་རྒྱུ་དེ་དཀའ་ལས་གང་ཡོད་ཤུ་རེས་གོ།
རྣམས་པ་ཚོ་མ་ཎི་གསུངས་རོག་ཐུགས་རྗེས་གཟིགས།
ཝ་ཡེ་་་་ཨ་ལལ་མ་ཎི་རྫུན་མ་འདོན་སེམས་ཡག་པོ་བསྐྱེད་ལོ།།
འཇིག་རྟེན་འདི་ད་ཆར་ནུབ་ཕྱོགས་ཀྱི་མི་རིགས་དཀར་པོ་དང་། ཤར་ཕྱོགས་ཀྱི་རྒྱ་ནག་པོ་གཉིས་ཀྱི་དབང་བསྒྱུར་འོག་ལ་ཤོར་འདུག ཁོ་གཉིས་བར་གྱི་འགྲན་རྩོད་འདིའང་རྒྱུན་ལྡན་ཞིག་མིན། འདི་གཉིས་ལ་ཐུན་མོང་གི་དགྲ་གཞན་ཞིག་ཡོད་པ་ནི་ཁ་ཆེ་བ་ཚོ་ཡིན། དེ་བས་ཡུ་གུར་གྱི་གནད་དོན་ཐོག་ནུབ་ཕྱོགས་ནས་ཀྱང་དེ་ཙམ་གྱི་བདག་པོ་མི་རྒྱག
ཡུ་གུར་མི་རིགས་ལ་ང་ཚོ་ལྟ་བུའི་དབུ་ཁྲིད་དང་རྒྱབ་སྐྱོར་མེད་ནའང་ཁོ་ཚོའི་ཆིག་སྒྲིལ་ནི་ང་ཚོ་ལས་ལྷག་ལ་སྟོབས་ཤུགས་ཀྱང་ང་ཚོ་ལ་བཙན། ཁོ་ཚོ་ལ་ང་ཚོ་ནང་བཞིན་གྱི་དབུ་ཁྲིད་ཅིག་ཡོད་ན་རང་ཉིད་ཀྱི་གནད་དོན་སྔ་ས་ནས་ཐག་གཅོད་ཟིན་གྲུབ་ཡོད་ངེས། བོད་མི་ཚོ། འདི་ལས་ང་ཚོས་ཤེས་དགོས་པའི་གནས་ལུགས་དང་བསམ་དགོས་པའི་གནད་འགག་མང་པོ་ཞིག་མི་འདུག་གམ།
བོད་དང་ཞིན་ཅང་ནང་གི་རྒྱ་རིགས་ཀྱི་མི་འབོར་ཆེ་ཆུང་སྐོར་ནས་བཤད་ན། ཞིན་ཅང་དུ་གྲོང་ཁྱེར་ཕལ་ཆེ་བ་རྒྱ་མིས་ཁེངས་ཤིང་རྒྱ་རིགས་ཀྱིས་མངའ་ཁུལ་དེའི་མི་འབོར་གྱི་བརྒྱ་ཆ་ ༧༥ ཟིན་འདུག་ཟེར་ལ། བོད་རང་སྐྱོང་ལྗོངས་སུ་རྒྱ་རིགས་ཀྱིས་བརྒྱ་ཆ་ ༥༠ ལས་ཟིན་མི་འདུག་ཟེར། གཞན་ཡང་། ཞིན་ཅང་གི་གྲོང་ཁྱེར་གང་དུ་ཕྱིན་ནའང་རྒྱ་ནག་གི་ཇུས་འགོད་དང་བཀོད་པས་ཡོངས་སུ་ཁེངས་འདུག་ཟེར། ཡིན་ཡང་། ལྷ་སར་བསླེབས་ན་གྲོང་ཁྱེར་གྱི་མཐའ་འཁོར་ཕལ་ཆེ་བ་བོད་ཀྱི་དར་ཚོན་དང་བཟོ་འགོད་ཀྱིས་ཁེངས་འདུག་ཟེར། དེ་བས་དོན་དངོས་ཐོག་རྒྱ་ནག་གིས་མངའ་ཁུལ་འདི་གཉིས་ལ་བཟུང་བའི་སྲིད་བྱུས་འདྲ་མཚུངས་ཡིན་མིན་དང་། རྒྱ་བསྒྱུར་གྱི་ཚད་གཞི་འདྲ་མཚུངས་ཡིན་མིན་བཤད་མི་ཤེས་པ་ཞིག་རེད།
ཡུ་གུར་བ་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཞུ།་་་་་རྒྱ་དམར་པོའི་སྤྱོད་ཚུལ་འདིས་མི་རིགས་ལྔ་བཅུ་འདྲ་མཉམ་ཡིན་ཚུལ་གྱི་མགོ་སྐོར་ལ་རྐུབ་རྡོལ་བ་མ་ཡིན་ནམ།་་་ཚེ་འདས་ཡུ་གུར་བ་ཚོའི་ཆེད་དུ།་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།སོགས་འདོན་རྒྱུ།
ཡུ་གུར་ཁུལ་དུ་བྱིས་བའང་གསུམ་སྐྱེས་ན་ཆོག་གིན་འདུག ཁ་སང་ནས་རྒྱ་ནག་ཚང་གིས་སྐྲག་ཕུད་པ་མིན་ན་ད་ཐེངས་ཀྱི་ངོ་རྒོལ་ཟིང་འཁྲུག་འདི་ལ་འབྲེལ་ཡོད་ཚང་མར་སྲོག་ཁྲིམས་གཅོད་རྒྱུ་ཡིན་ཟེར་བཞིན་འདུག
ཕྲན་སྔོན་མ་ཤིན་ཅང་ལ་འཁྱུག་ཙམ་རིང་འགྲོ་མྱོང་། ཡུ་གུར་བ་ཚོའི་སེམས་ནང་ཕྱི་མི་རྒྱ་ནག་པས་བཙན་གནོན་བྱས་པའི་སེམས་ཚོར་ཧ་ཅང་ཆེན་པོ་འདུག ཁོང་ཚོ་ཆིག་སྒྲིལ་གྱི་ཐོག་ནས་གནས་ཐུབ་པ་དེའི་རྩ་བ་ཐུག་ས་ཁོང་ཚོའི་ཁ་ཆེའི་ཆོས་དེ་རེད་འདུག ཤིན་ཅང་གི་ཁ་ཆེའི་ཆོས་དེ་ཁ་ཆེ་གཞན་དང་ཅུང་འདྲ་གི་མི་འདུག ཁོང་ཚོ་ཡང་ཡང་ཕྱག་ཁང་དུ་འཛོམས་པ་དང་ཁ་ཆེའི་ཆོས་དཔོན་ཚོས་རང་སྡེ་རྣམས་ལ་རང་གིས་རོགས་རམ་དང་སྲུང་སྐྱོབས་བྱེད་དགོས་ལུགས་ནན་བཤད་བྱེད་ཀི་འདུག ཤིན་ཅང་གི་བུད་མེད་ཚོའི་ནང་ལའང་རྒྱ་རིགས་དང་གཉེན་སྒྲིག་བྱེད་མཁན་ཉུང་ཉུང་རེད།
ཤིན་ཅང་གི་ཡུ་གུར་དཔོན་རིགས་ཚོ་ཡང་དངོས་གནས་རིག་ཞེན་ཆེན་པོ་འདུག དེ་འདྲའི་དབང་གིས་ང་ཚོ་བོད་དང་བསྡུར་ན་ཁོང་ཚོར་རང་སྐྱོང་གི་དབང་ཆ་ཧ་ཅང་ཆེ་བ་འདུག ང་ས་དེར་འགྲོ་དུས་ཡུ་གུར་སྐད་ཀྱི་དུས་དེབ་ལྔ་བཅུ་ཙམ་ཉུང་མཐར་འདུག་ལ། ཡུ་གུར་བས་བཟོས་པའི་གློག་བརྙན་མང་པོ་འདུག་ཅིང་། དེའི་ཁོངས་ནས་ཁ་ཤས་རྒྱ་ནག་རྒྱལ་ཡོངས་ལ་སྐད་གྲགས་ཆོད་འདུག སྦྲག་ཁང་དང་དངུལ་ཁང་སོགས་ལ་ཁོ་རང་ཚོའི་སྐད་ཡིག་བེད་སྤྱོད་བྱེད་ཀྱི་འདུག སྐབས་དེ་དུས་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་བོད་ཡིག་དུས་དེབ་བཅུ་གྲངས་ལས་མེད།
དངོས་ནས་ཡུ་གུར་མི་རིགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་སྤོབས་པ་དེ་ལ་བསྔགས་བརྗོད་དང་འབྲེལ་ང་ཚོས་ཀྱང་དེ་འདྲ་བའི་བློ་སྟོབས་བསྐྱེད་དགོས།འོན་ཀྱང་སྒོ་ང་རྡོ་ཐོག་ལ་བརྒྱབ་པ་ལ་ཁེ་ཕན་མེད།སྙིང་རྗེ་གཅེས་པའི་སྲོག་དབུགས་ཆད་པ་དེ་དག་་་་་ཨཽ༠་མ་ནི་པདྨེ་ཧཱ༠།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་གོང་ས་སྐྱབས་མགོན་ཆེན་པོས་གསུང་འཕྲིན་དང་སྦྲགས་ཐུགས་སྨོན་མཛད་པ་འདིས་ཡུ་གུར་མི་མང་ཚོའི་སེམས་ལ་དམིགས་བསལ་གྱིས་དགའ་སྤོབས་ཆེན་པོ་ཞིག་སྐྱེས་ངེས་རེད།
མགོན་པོ་གང་ཉིད་ཀྱིས་རེ་བསྐུལ་གནང་བཞིན་པ་ལྟར་རྒྱ་ནག་གི་དབུ་ཁྲིད་ཚོས་ངེས་པར་དུ་ཞི་འཇམ་གྱིས་སྒོ་ནས་དཀའ་ངལ་དེ་སེལ་ཐབས་གནང་དགོས་པ་གལ་ཆེར་མཐོང་།།
ངོ་མ་རེད། ང་ཚོ་ལ་ངོམས་ཆོག་པ་ཞིག་ཡོད་པ་ནི་འཛམ་གླིང་ན་མེད་པའི་དབུ་འཁྲིད་ཅིག་ཡོད་པ་དེ་རེད། དེ་མིན་ཆིག་སྒྲིལ་དང་སྙིང་སྟོབས་སོགས་གང་ཅིའི་ཐད་ནས་ཡུ་གུར་བ་དང་བསྡུར་ན་གནམ་སའི་ཁྱད་པར་ཤོར་ཟིན་པ་རེད། ང་ཚོས་ཡུ་གུར་བའི་མི་རིགས་ས་ནས་སློབ་སྦྱོང་དང་དཔེ་ལེན་ས་མང་པོ་ཡོད་པ་རེད།
དེ་བདེན་པ་རེད་ཡུ་གུར་བ་ཚོ་ནི། སྤོབས་པ་དང་། སྙིང་སྟོབས། ཕུགས་བསམ། མ་ཟད་མི་རིགས་ཀྱི་ལ་རྒྱ་དང་ཧ་ཅིང་ཆེན་པོ་རེད།
ཡུ་གུར་བ་དང་ང་ཚོའི་བར་དུ་བསྡུར་རྒྱུ་མང་པོ་ཞིག་འདུག ང་ཚོ་ལ་དབུ་ཁྲིད་རླབས་ཆེན་ཞིག་ཡོད་པ་དང་བཙན་བྱོལ་གཞུང་ཞིག་ཡོད་སྟབས་ཕྱིའི་རྒྱབ་སྐྱོར་ཀྱང་མི་དམན་པ་ཐོབ་མྱོང་མོད་རྡོག་རྩ་གཅིག་སྒྲིལ་གྱིས་དགྲ་འདུལ་གཉེན་སྐྱོང་བྱེད་སྟངས་ཐད་ནས་ཡུ་གུར་བ་ལ་བསྡུར་མི་ཐུབ་པ་འདྲ། དེའི་རྒྱུ་རྐྱེན་གང་ཡིན་ནམ། གཅིག་བྱས་ན་ངས་ནོར་བ་ཡིན་སྲིད།