མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིན་ཅང་ཡུ་གུར་མི་རིགས་ཀྱི་ཞི་བའི་གྱེན་ལངས་ཆེན་མོ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་མི་གྲངས་ས་ཡ་བརྒྱད་ ༨༠༠༠༠༠༠ ལྷག་ཡོད་པ། ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་ཡུ་གུར་མི་རིགས་ཀྱི་རྒྱལ་ས་ཝུ་རུ་མུ་ཆི་གྲོང་ཁྱེར་ནང་། ཉེ་ཆར་ཡུ་གུར་བ་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཏེ། མི་བརྒྱ་ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་། དེ་ལས་མང་བ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག  གནད་དོན་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཙོས་པའི་འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་གིས་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད།

ཟླ་འདིའི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་༧ ཡས་མས་སུ། ད་ལྟའི་རྒྱ་ནག་གི་མངའ་ཁུལ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཝུ་རུ་མུ་ཆི་ནང་། ཡུ་གུར་བ་བརྒྱ་ལྷག་གིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཡོང་སྟེ། གང་བྱུང་དུ་མེ་མདའ་རྒྱག་པ་དང་དུག་རླངས་གཏོར་བ་སོགས་དྲག་ཆས་བེད་སྤྱོད་བཏང་སྟེ། ཞི་རྒོལ་དེ་དྲག་པོའི་ངོ་བོར་བསྒྱུར་ཐབས་བྱས་ཡོད་སྟབས། ཡུ་གུར་བ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཕྱོགས་སོ་སོ་ནས་ཡུ་གུར་བ་ཆིག་ཁྲིར་ཉེ་བ་འདུ་འཛོམས་ཀྱིས་གཞུང་གི་ལས་ཁུངས་དང་རླངས་འཁོར། ཚོང་ཁང་དང་ཟ་ཁང་། སྤྱི་དམངས་ཀྱི་སྡོད་ཤག་བཅས་ལ་གཏོར་བཅོམ་དང་མེར་བསྲེག་ཚབས་ཆེན་བཏང་ཡོད་འདུག ཐེངས་འདིར་ཞིན་ཅང་ནང་དོན་རྐྱེན་བྱུང་རྗེས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དེ་ཙམ་བཀག་འགོག་བྱས་མེད་ཀྱང་། ཉིན་འདི་འགར་ཞིན་ཅང་ས་ཁུལ་གྱི་གློག་ཀླད་དང་ཁ་པར་སོགས་བརྡ་འཕྲིན་བརྒྱུད་ལམ་ཡོངས་བཀག་སྡོམ་བྱས་ཡོད་པ་མ་ཟད། གྲོང་ཁྱེར་དང་ས་ཚིགས་སོ་སོར་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

 

རྒྱལ་སྤྱིའི་གསར་ལམ་ཁག་ནས་བསྒྲགས་པ་ལྟར་ན། ཉིན་དེར་ཡུ་གུར་བ་དང་དམག་མི་གདོང་ཐུག་གི་དོན་རྐྱེན་ཁྲོད། མི་ ༡༥༦ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། མི་ ༡༠༠༠ ལྷག་ལ་རྨས་སྐྱོན་ཕོག་པ། དོགས་ཡོད་ཉེས་ཅན་ ༡༤༠༠ ཙམ་འཛིན་བཟུང་བྱས་ཡོད་ཚུལ་བཀོད་འདུག ཕྱི་ཕྱོགས་ཀྱི་ཡུ་གུར་བ་ཚོས་བརྗོད་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་ཁྲོད་ཉུང་མཐར་མི་ ༦༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྨས་སྐྱོན་ཕོག་པ་དང་བོར་བརླག་ཏུ་སོང་བ་ ༢༠༠༠ ལས་བརྒལ་ཡོད་ཚུལ་བརྗོད་འདུག ཕྱི་ཚེས་ ༦ ཉིན་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་ཧྲུའུ་ཅི་དང་། དམངས་ཆེན་སྤྱི་དཔོན་གཞོན་པས་གསར་འགོད་ལྷན་ཚོགས་སྟེང་བརྗོད་དོན། ཐེངས་འདིའི་དོན་རྐྱེན་ཁྲོད་མི ༡༤༠ རྐྱེན་ལམ་དུ་ཕྱིན་པ་དང་། གཞན་མི་ ༨༢༨ ཙམ་ལ་རྨས་སྐྱོན་ཕོག་པ། རླངས་འཁོར་ ༢༦༡ མེར་བསྲེགས་བཏང་ཡོད་པ་དང་། ཚོང་ཁང་ ༢༠༣ དང་། སྤྱི་དམངས་ཀྱི་སྡོད་ཤག་ ༡༤  ལ་གཏོར་བཅོམ་བཏང་ཡོད་ཚུལ་བརྗོད་འདུག

 

ད་ལྟ་ཕྱིའི་མཐོང་སྣང་ལ་ཟིང་འཁྲུག་ཞོད་འཇགས་ཀྱི་རྣམ་པ་ལྟ་བུར་སྣང་ཡང་། ནང་ཁུལ་གྱི་གནས་སྟངས་ཧ་ཅང་ཛ་དྲག་གི་ངོ་བོར་གྱུར་ཏེ། ཡུ་གུར་གྱི་རྒྱལ་ས་ཝུ་རུ་མུ་ཆི་ Urumchi དང་། ཧོ་ཁྲོན་ Hotan གཉིས་ནང་མཚམས་མ་ཆད་པར་ངོ་རྒོལ་གྱི་དོན་རྐྱེན་འབྱུང་གིན་ཡོད་པ་མ་ཟད། ཡུ་གུར་བ་དང་ཧན་མི་རིགས་གཉིས་བར་གྱི་རྙོག་དྲ་ལྟ་བུར་གྱུར་ཏེ། རྒྱ་རིགས་མང་པོས་མཚོན་ཆ་བཟུང་སྟེ་ཡུ་གུར་བར་འཇིགས་སྐུལ་བྱེད་ཀྱིན་ཡོད་འདུག ཡུ་གུར་བ་ཚོས་ཁ་ཆེ་ལྷ་ཁང་དག་ཏུ་འཛོམས་ཏེ། ངོ་རྒོལ་གྱི་འཆར་འགོད་བྱེད་ཀྱིན་ཡོད་པའི་རྟོག་གཞིའི་འོག རྒྱ་གཞུང་གིས་ཁ་ཆེ་ལྷ་ཁང་ཁག་བཀག་སྡོམ་བྱ་མགོ་བརྩམས་ཡོད་པ་མ་ཟད། ཝུ་རུ་མུ་ཆུ་ནང་གི་ཁ་ཆེ་ལྷ་ཁང་ཆེ་ཤོས་དེ་སྒོ་བརྒྱབས་ཡོད་འདུག ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨི་ཊ་ལིའི་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་ ( G8 Summit ) ཞེས་པར་མཉམ་ཞུགས་ཆེད། ཨི་ཊ་ལིའི་རྒྱལ་ས་རོམ་དུ་འབྱོར་ཡོད་ཀྱང་། ཕྱི་ཚེས་ ༨ ཉིན་ཛ་དྲག་ཐོག་ཚོགས་འདུ་ལས་ཕྱིར་འཐེན་ཀྱིས་པེ་ཅིན་དུ་ལོག་སྟེ། ཁོ་རང་གིས་དངོས་སུ་ཡུ་གུར་གྱི་གནད་དོན་ཐད་བཀོད་འདོམ་བྱེད་ཀྱིན་ཡོད་འདུག

 

ཐེངས་འདིའི་ཡུ་གུར་གྱི་དོན་རྐྱེན་ཐད། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་དང་ཕྱི་སྡོད་ཡུ་གུར་བ་ཚོས་བརྗོད་པ་ལྟར་ན། འདས་པའི་ལོ་མང་རིང་རྒྱ་གཞུང་གིས་ཡུ་གུར་མི་རིགས་ལ་གཉའ་གནོན་དང་བརྙས་བཅོས། ཆོས་ལུགས་རིག་གཞུང་ལ་བརྩི་བཀུར་མ་བྱས་པ། གནད་དོན་ཆེ་ཕྲ་ཀུན་ལ་ཁྲིམས་ཐོག་ནས་ཞིབ་བཤེར་མེད་པར། ཁ་བྲལ་བ་དང་འཇིགས་སྐུལ་བ། ངོ་ལོག་པ་བཅས་ཀྱི་ཉེས་འཛུགས་འོག་དྲང་བདེན་མིན་པའི་ཐག་གཅོད་བྱས་པ། ལྷག་པར་དུ་ད་ལོའི་ཟླ་ ༦ ཚེས་ ༢༦ ཉིན་རྒྱ་ནག་ཀུང་ཏུང་གྲོང་ཁྱེར་གྱི་བཟོ་གྲྭ་ཞིག་ནས་ཡུ་གུར་བ་གཉིས་ཀྱིས་རྒྱ་རིགས་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་ཉེས་འཛུགས་འོག ཡུ་གུར་བ་དང་རྒྱ་རིགས་བར་འཁྲུག་འཛིང་གི་དོན་རྐྱེན་བྱུང་སྟེ་ཡུ་གུར་བ་ ༢ འཆི་སྐྱོན་དང་། ཡུ་གུར་བ་ ༡༡༨ ཙམ་རྨས་སྐྱོན་ཕོག་ཡོད། གནད་དོན་དེར་ཁག་བཞག་སྟེ་རྒྱ་ནག་གྲོང་ཁྱེར་ཆེ་གྲས་ཀྱི་བཟོ་གྲྭ་ཁག་ནས་ཡུ་གུར་བ་རྣམས་ཕྱིར་ཕུད་གཏོང་བ་སོགས་མི་རིགས་དབྱེ་འབྱེད་བྱས་པ་སོགས། ཐེངས་འདིར་ཡུན་རིང་གི་འཁོན་སེམས་མཐའ་དག་ཕྱིར་མངོན་པ་ཡིན་ཚུལ་བརྗོད་འདུག 

 

རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཐེངས་འདིའི་དོན་རྐྱེན་དེ་ནི་ནང་ཁུལ་གྱི་ཁ་བྲལ་བ་ཉུང་ཤས་ཤིག་དང་ཕྱི་ཕྱོགས་ཀྱི་འཇིགས་སྐུལ་བ་ལག་འབྲེལ་བྱས་པ་ཞིག་ཡིན་ཞིང་། ལྷག་པར་དུ་ཕྱི་སྡོད་ཡུ་གུར་བ་རེ་བྷེ་ཡ་ཁ་ཌེར་ Rebiya Kadeer  ཟེར་བ་དེས་མགོ་འཛིན་བྱས་པའི ” འཛམ་གླིང་ཡུ་གུར་མི་རིགས་འཐུས་མི་ལྷན་ཚོགས། ” ཟེར་བ་དེས། དྲ་རྒྱ་སོགས་བརྒྱུད་ལམ་ཁག་བེད་སྤྱད་དེ། ” སྙིང་སྟོབས་བསྐྱེད་རོགས ” དང་།  ” བྱ་བ་ཆེན་པོ་བསྒྲུབ་དགོས ” ཟེར་བ་སོགས་ཀྱི་འཆལ་གཏམ་འུར་སྒྲོག་སྣ་ཚོགས་བྱས་ཏེ། དོན་རྐྱེན་དེ་བསླངས་པ་ཡིན་ཚུལ་བརྗོད་འདུག ཕྱི་ཚེས་ ༨ ཉིན་ཝུ་རུ་མི་ཆི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིས་ཀྲི་ཡིས་བརྗོད་དོན། བདུན་པའི་ཚེས་ལྔ་ཉིན་གྱི་རྡུང་གཅོག་འཕྲོག་བསྲེག་ཁྲོད་ཀྱི་དོགས་ཡོད་ཉེས་ཅན་མང་པོ་འཛིན་བཟུང་བྱས་ཏེ། ད་ལྟ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན། དོན་རྐྱེན་རྗེས་ཀྱི་གནད་དོན་རྣམས་གོ་རིམ་ཡོད་པའི་ཐོག་ནས་བསྒྲུབ་རྒྱུ་ཡིན། ཅེས་དང་། ཨོ་ལོ་མོའུ་ཆུའི་གྲོང་ཁྱེར་སྤྱི་ཁྱབ་པ་ཨར་ལཱ་དབྱི་ཧྲ་མུའུ་ཏིན་གྱིས་བརྗོད་དོན། གྲོང་ཁྱེར་སྲིད་གཞུང་གིས་རྨས་མ་ ༡༠༠༠ ལྷག་ལྟ་སྐོར་བྱ་རྒྱུ་ཡིན། དེ་མིན། གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་མང་ཚོགས་ཀྱི་འཚོ་བ་བསྐྱར་གསོ་བྱུང་ཡོད། རགས་རྩིས་བྱས་ན། ཐེངས་འདིའི་དོན་རྐྱེན་ཐད་སྒོར་དུང་ཕྱུར་གཅིག་ཙམ་གྱི་འགྲོ་གྲོན་འདུག ཅེས་བརྗོད་འདུག ཡུ་གུར་གྱི་དོན་རྐྱེན་དེར་རྒྱ་ནག་གཞུང་ཕྱོགས་ནས། ༼ ཞིན་ཅང་གི་ ༧ . ༥ རྡུང་གཅོག་འཕྲོག་བསྲེག་གི་དོན་རྐྱེན༽ ཞེས་སྐྱོན་བརྗོད་བྱས་ཡོད།

 

མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་གཞུང་ལ། ཚེ་སྲོག་ལ་རིན་ཐང་བརྩི་དགོས་སྐོར་བརྗོད་ཡོད་ལ། ཡུ་རོབ་མཐུན་ཚོགས། ཨ་རིའི་སྲིད་འཛིན་ལས་ཁུངས། དབྱིན་གཞུང་བཅས་ནས་ཐེངས་འདིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་དང་། བཙོན་འཇུག་བྱས་རིགས་ལ་སེམས་འཚབ་ཡོད་པ་དང་། འབྱུང་འགྱུར་ཕྱོགས་གཉིས་ཀས་བཟོད་བསྲན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག ཕྱི་ཚེས་ ༨ ཉིན་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧི་ལེ་རེའུ་ཁི་ལེན་ཊོན་གྱིས་བསྐྱར་དུ། རྒྱ་ནག་ནང་འབྱུང་བཞིན་པའི་ཟིང་འཁྲུག་དེ་གང་མགྱོགས་ཞི་འཇགས་ཡོང་དགོས་པའི་རེ་འདུན་བཏོན་འདུག དེ་བཞིན། ཕྱི་ཚེས་ ༨ ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཆེན་པོ་མཆོག་ནས་ཀྱང་། ཐུགས་འཚབ་ཀྱི་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་། ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་དུ་ཚེ་སྲོག་གི་ཆག་སྒོ་འབྱུང་བཞིན་པའི་ཐད་ངོས་རང་བློ་འཚབ་དང་སེམས་སྐྱོ་བོ་བྱུང་། ངོས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གནད་དོན་འདི་ཞི་འཇམ་དུ་གཏོང་བར་གོ་རྟོགས་དང་མིག་རྒྱང་ཡོད་པའི་ཐབས་ལམ་བེད་སྤྱོད་གཏོང་རྒྱུའི་རེ་སྐུལ་ཞུ་གིན་ཡོད། ངོས་ནས་དོན་རྐྱེན་འདིའི་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་དང་ཁོང་ཚོའི་ཤུལ་ལུས་ནང་མི་དང་། འབྲེལ་ཡོད་མི་སྣ་ཚང་མར་སྨོན་ལམ་འདེབས་ཀྱིན་ཡོད། ཅེས་བཀོད་འདུག

 

ཡང་འཛམ་གླིང་ཡུ་གུར་མི་རིགས་འཐུས་མི་ལྷན་ཚོགས་ཀྱིས་འཛམ་གླིང་ཡོངས་སུ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱ་རྒྱུ་ཡིན་ཚུལ་བསྒྲགས་འདུག་ལ། སོའུ་ཌན་དུ་ཡོད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་མགྲིན་ཚབ་པ་མདོ་ཁཱན་ཨེ་སཱ་ཡིས་ཐེངས་འདིར་མི་ཤི་རྨས་ཀྱི་གྲངས་འབོར་དེ་རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་པ་ལས་རིང་དུ་བརྒལ་ཡོད་པ་དང་། དེ་དག་མང་ཆེ་བ་ཡུ་གུར་བ་ཡིན་ཚུལ། རྒྱ་གཞུང་གིས་དམག་ལ་གྱོན་མེད་པའི་དམག་མི་བཀྲམ་སྟེ། ཡུ་གུར་བའི་ཞི་རྒོལ་དྲག་པོའི་ངོ་བོར་བསྒྱུར་ཐབས་བྱས་ཡོད་ཚུལ་བཤད། དེ་བཞིན། ཨ་རིའི་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་། ཞིན་ཅང་གི་དོན་རྐྱེན་ཁྲོད་འཛིན་བཟུང་བྱས་རིགས་ལ་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་མནར་གཅོད་གཏོང་རྒྱུར་སེམས་འཚབ་ཡོད་པ་དང་། རྒྱ་གཞུང་གིས་དྲང་བདེན་གྱི་ཁྲིམས་བཤེར་ཐག་གཅོད་བྱ་དགོས་སྐོར་བཀོད་འདུག  རྗེ་ཌི་ནང་ཡོད་པའི་ཁ་ཆེ་རྒྱལ་ཁབ་ ༥༧ ལས་གྲུབ་པའི་རྩ་འཛུགས་ཀྱི་གསལ་བསྒྲགས་ནང་། ཡུ་གུར་གྱི་མང་ཚོགས་འབོར་ཆེན་ཞིག་གི་ཚེ་སྲོག་ཤོར་ཡོད་པ་དེ་ནི་རྒྱ་གཞུང་གིས་ཡུ་གུར་གྱི་གནད་དོན་ལ་སྣང་མེད་དང་དྲག་གནོན་བྱས་པ་མཚོན་ཞིང་། ཐེངས་འདིར་ཡུ་གུར་དང་རྒྱ་རིགས་གཉིས་བར་བྱུང་བའི་དོན་རྐྱེན་གྱི་རྒྱུ་རྐྱེན་གསལ་བཤད་དགོས་སྐོར་བརྗོད་ཡོད།

 

ཕྱི་ཚེས་ ༦ ཉིན་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་བརྩོན་ལེན་པ་གྲགས་ཆེན་དང། སྔར་འཛམ་གླིང་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་བདམས་མྱོང་མཁན། ལྕམ་རེ་བྷེ་ཡ་ Rebiya ལགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་བསྐངས་ཏེ། དེ་རིང་ནི་ཡུ་གུར་བའི་ཆེས་མུན་ནག་གི་ཉིན་མོ་ཞིག་ཡིན། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིས་ཡུ་གུར་ཞི་རྒོལ་བའི་ཐོག་ལ་མེ་མདའ་སོགས་དྲག་ཆས་བེད་སྤྱོད་བཏང་སྟེ། མི་བརྒྱ་ཕྲག་མང་པོ་རྐྱེན་ལམ་དུ་བཏང་འདུག་ལ། དེ་བས་མང་བར་རྨས་སྐྱོན་ཕོག་འདུག ད་ལྟ་ཉེན་རྟོག་པ་དང་དམག་མི་འགྲེམས་འཇོག་གིས་གནས་སྟངས་ཧ་ཅང་ཛ་དྲག་རེད། ཨ་རིའི་ཡུ་གུར་ལྷན་ཚོགས་ UAA དང་། རྒྱལ་སྤྱིའི་ཡུ་གུར་ཚོགས་པ་ WUC ཐུན་མོང་གིས་ཞིན་ཅང་ཨོ་ལོ་མོའུ་ཆུ་ Urumchi དང་། ཀཱ་ཤི་གྷར་ Kashgar བཅས་ཀྱི་ཞི་རྒོལ་ཁྲོད་རྐྱེན་ལམ་དུ་སོང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པར་ཁ་རྡུང་གཏོང་གིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས། གང་མགྱོགས་ཤར་ཏུར་ཀི་སི་ཐན་གྱི་མི་དམངས་ལ་ཞི་བདེ་ལྷིང་འཇགས་བསྐྲུན་རྒྱུ་ཁག་ཐེག་དང་། ཤི་རྨས་དང་བཙོན་འཇུག་བྱས་པའི་གྲངས་འབོར་གསལ་བཤད། དེ་བཞིན། ཉེས་མེད་བཙོན་འཇུག་བྱས་རིགས་གང་མགྱོགས་གློད་གྲོལ་ཡོང་རྒྱུར་རྒྱབ་རོགས་བྱ་དགོས།  

 

རྒྱ་གཞུང་གིས་ཐེངས་འདིའི་དོན་རྐྱེན་དྲག་པོའི་ངོ་བོར་བསྒྱུར་ཐབས་བྱས་ཡོད་ཀྱང་། ང་ཚོའི་ངོས་ནས་དེ་ནི་ཞི་བ་ཁོ་ནའི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དོན་རྐྱེན་གྱི་འབྱུང་རྩ་གཙོ་བོ། ཟླ་སྔོན་མའི་ཚེས་ ༢༦ ཉིན་རྒྱ་ནག་ཀུང་ཏོན་གྲོང་ཁྱེར་ནང་། ཡུ་གུར་དང་རྒྱ་རིགས་འཁྲུག་འཛིང་གི་དོན་རྐྱེན་ལ། རྒྱ་གཞུང་གིས་དྲང་བདེན་གྱི་ཐག་གཅོད་མི་བྱེད་པར་མི་རིགས་དབྱེ་འབྱེད་བྱས་པ། ལྷག་པར་དུ་ཐེངས་འདིར་དོན་རྐྱེན་ཐོག་མ་བྱུང་སྐབས་ཡ་ལན་ཡག་པོ་སྤྲད་མེད་པ་བཅས་ལ་བརྟེན་ཏེ་ཛ་དྲག་གི་ངོ་བོར་གྱུར་བ་རེད། རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིར་ཤི་བ་དང་རྨས་པའི་གྲངས་ཐོ་ཕྱིར་བསྒྲགས་བྱས་པའི་རྒྱབ་ལོགས་སུ་ད་དུང་གནས་ཚུལ་མང་པོ་ལྷག་ཡོད་པའི་སེམས་འཚབ་ཡོད། འདས་པའི་ལོ་མང་རིང་རྒྱ་ནག་གི་བཙན་གནོན་འོག་ཏུ་ཤར་ཏུར་ཀི་སི་ཐན་གྱི་སྐད་ཡིག་རིག་གཞུང་རྩ་གཏོར་དང་། མི་རིགས་ལ་གཉའ་གནོན་དང་མཐོང་ཆུང་ཁྱད་གསོད། དོན་མེད་བཙོན་འཇུག་ཚད་ལས་འདས་པ་བྱས་ཡོད་སྟབས་ཐེངས་འདིར་སེམས་ཀྱི་ན་ཟུག་ཕྱིར་མངོན་པ་རེད།

 

རྒྱ་གཞུང་གིས་འདས་པའི་ལོ་མང་རིང་ཡུ་གུར་བ་དང་བོད་པ། རྒྱ་རིགས་མི་དམངས་བཅས་ཀྱི་ཐོག་དྲག་གནོན་དང་གཅིག་བསྡུད་རིང་ལུགས་ཀྱི་སྲིད་བྱུས་དེ་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་མ་ཟད། ལྷག་བསམ་རྣམ་དག་ཁྲིམས་དང་ལྡན་པའི་ཐོག་ནས་མི་དམངས་ཀྱི་དཀའ་སྡུག་ཐག་གཅོད་མ་བྱས་ཚེ། དུས་ནམ་ཡང་ཞི་བདེ་ཡོང་ཐབས་མེད། རྒྱ་གཞུང་གིས་ཐེངས་འདིའི་དོན་རྐྱེན་ང་དང་འབྲེལ་བ་ཡོད་ཚུལ་དང་། ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་ཡོད་ཚུལ་གྱི་སྐྱོན་བརྗོད་བྱེད་པ་དེ་ནི་ཁུངས་ལུང་མེད་པ་ཞིག་རེད།  ཉེ་ཆར་ངའི་བུ་མོས་གློག་ཀླད་བརྒྱུད་ཕྱི་ཚེས་ ༤ ཉིན་ཡུ་གུར་བས་ཞི་རྒོལ་བྱ་འཆར་ཡོད་པ་ཤེས་ཏེ། ང་ལ་བརྗོད་བྱུང་། སྐབས་དེར་ངས་ཁྱིམ་ལ་ཁ་པར་བཏང་སྟེ་ང་རང་གི་ཕུ་བོར། རེས་གཟའ་ཉི་མའི་ཉིན་ཕྱི་རོལ་དུ་མ་འགྲོ། ནང་མི་ཚོ་དང་མཉམ་དུ་ཁྱིམ་ནས་སྡོད། ཅེས་བཤད་པ་ཡིན། དེ་ནི་ངས་ཟླ་འགའི་རིང་ཁྱིམ་ལ་འབྲེལ་བ་བྱས་པ་དང་པོ་དེ་ཡིན། ཞེས་བརྗོད་འདུག  

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 28

  1. ཕོ་ཉ། says:
    ལོ་ 16 སྔོན།

    རང་ཁེ་ཁོ་ན་བསམ་པའི་འཇིག་རྟེན་ལ་ལྟོས་ནས་བཤད་ན། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཁེ་ཕན་གི་ཆེད་དུ་འདི་འདྲ་ཞིག་བྱུང་མི་སྲིད་པ་ཞིག་མ་རེད་ཡ།

    Reply
  2. ཕོ་ཉ། says:
    ལོ་ 16 སྔོན།

    རང་ཁེ་ཁོ་ན་བསམ་པའི་འཇིག་རྟེན་ལ་ལྟོས་ནས་བཤད་ན། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཁེ་ཕན་གི་ཆེད་དུ་འདི་འདྲ་ཞིག་བྱུང་མི་སྲིད་པ་ཞིག་མ་རེད་ཡ།

    Reply
  3. ཕོ་ཉ། says:
    ལོ་ 16 སྔོན།

    རང་ཁེ་ཁོ་ན་བསམ་པའི་འཇིག་རྟེན་ལ་ལྟོས་ནས་བཤད་ན། མི་གྲངས་དུང་ཕྱུར་བཅུ་གསུམ་གྱི་ཁེ་ཕན་གི་ཆེད་དུ་འདི་འདྲ་ཞིག་བྱུང་མི་སྲིད་པ་ཞིག་མ་རེད་ཡ།

    Reply
  4. སེང་ཆེན says:
    ལོ་ 16 སྔོན།

    ཡུ་གར་བ་འདི་ཚོ་འགྲོ་བ་མི་ཅིག་ཡིན་པའི་ཚོར་དེ་སུ་ལ་བཅོལ།

    Reply
  5. སངས་རྒྱས་བཀྲ་ཤིས། says:
    ལོ་ 16 སྔོན།

    ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔

    Reply
  6. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    རྟག་ཏུ་མནར་གཅོད་དང་གཉའ་མནོན་་་་་་ཀུན་ཏུ་མཐོང་ཆུང་དང་བཙན་འཛུལ་གྱིས་མི་སྙིང་ལ་རིང་དུ་ཟུག་པའི་ན་ཟུག་དང་མི་སེམས་སུ་ཡུན་ཏུ་སྒོམ་པའི་སྐྱོ་སྡུག་གི་རྦ་རླབས་ལྷོག་ལྷོག་ཏུ་ལངས་རྗེས་་་་མི་ལ་བཟོད་སྒོམ་མེད་་་་མི་ལ་གཅེས་འཛིན་མེད་་་་མིས་ཡོད་ཚད་ནས་ཡོད་ཚད་གཏོང་ཕོད་་་

    Reply
  7. དབུས། says:
    ལོ་ 16 སྔོན།

    ལས་དབང་གཅིག་པའི་ཡུ་གུར་བ་རྣམས་དང་མཉམ་འབྲེལ་དམ་དུ་བཏང་སྟེ་ཐོབ་ཐང་རྩོད་ལེན་བྱེད་དགོས།

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ tsering ལགས། ཁྱེད་ཀྱི་དཀྱེལ་ཡངས་དང་འདྲ་མཉམ། ཀུན་ཁྱབ་སེམས་ཁུརབཅས་ལ་ཡི་རེངས་ཡོད། ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གོ་སྒྲིག་འོག ཉེ་ཆར་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་དོན་རྐྱེན་ཐད། བོད་རིགས་སེར་སྐྱ་མི་དམངས་རྒྱ་ཕྲག་ལྷག་གིས་མར་མེ་ཁྲོམ་སྐོར་ཞིག་གནང་སོང་།

    Reply
  9. tsering says:
    ལོ་ 16 སྔོན།

    ང་ཚོ་བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་ཡུ་གུར་བ་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མར་མེ་ཁྲོམ་སྐོར་ཞིག་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་།

    Reply
  10. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཨོཾ་མ་ཎི་པདྨེ་ཧུྃ༔།དེ་རིང་གི་དོན་རྐྱེན་དེ་ནི་མི་རིགས་ཆེ་འོག་ཆུང་ཚུད་ཀྱི་གནས་ཚུལ་ཞིག་ཡིན་པ་ཡོངས་གྲགས་རེད།གཅིག་བྱས་ན་གནས་ཚུལ་འདི་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ནས་རིམ་གྱིས་ཨེ་ཤ་ཡ་དང་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་འགྱུར་སྲིད།འོན་ཀྱང་མི་ལ་ཐོབ་ཐང་མེད་ན་གཅིག་པ་རེད་ཡཱ

    Reply
  11. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    ཨོཾ་མ་ཎི་པདྨེ་ཧུྃ༔།གང་ལྟར་ཤིན་ཅང་གི་གནས་ཚུལ་དེ་མི་རིགས་ཆེ་འོག་ཆུང་ཚུད་ཀྱི་ཡིད་རུང་།ཁོང་ཚོའི་སྙིང་སྟོབས་དང་ཆིག་སྒྲིལ་གྱི་ལས་འགུལ་འདི་དང་རྒྱལ་སྤྱིའི་ཐོག་གི་གདུང་སེམས་མཉམ་བསྐྱེད་དང་བཤད་སྟངས་ལ་བལྟས་དུས།དངོས་གནས་དོན་དག་དེ་ཆེན་པོ་ཞིག་ལོག་ཉེན་ཆེ།འོན་ཀྱང་གནས་ཚུལ་འདིའི་འོག་ནས་ཤིན་ཅང་མི་མང་གི་བདེ་སྡུག་དང་ཀྲུང་གོའི་མི་རིགས་ཆུང་ཁག་གཞན་དག་གི་ཐོབ་ཐང་སོགས་ལ་ཡག་ས་ནས་འགྱུར་བ་ཞིག་ཕྱིན་ན་ཡག་པོ་རེད་དེ།ངས་མཐོང་ཚོད་ལ་ད་ལྟ་རྒྱ་ནག་ནང་གནད་དོན་གང་ཅིའི་ཐོག་ཚད་ལས་འདས་པའི་དཀའ་ངལ་ཡོད་མུས་དང་།དེའི་ཐོག་དོན་རྐྱེན་འདི་དང་བོད་སོག་གི་གནད་དོན་བཅས་ཀྱིས་དོག་པའི་ཐོག་ལ་དོག་པ་མང་པོ་ཞིག་གིས་ཕལ་ཆེར་རྒྱ་ཁོ་རང་ཚོའི་གཞུང་དེ་སོ་སོ་རང་ཉིད་ཀྱིས་བརླག་ཉེན་འདུག དེའི་རྐྱེན་གྱིས་ཨེ་ཤ་ཡའི་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་ཞིག་ཡོང་ཉེན་མི་འདུག་པས།དྲ་གྲོགས་ཚོ།

    Reply
  12. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    ཡུ་གུར་མི་རིགས་ཀྱི་སྙིང་སྟོབས་ལ་སྙིང་ནས་རྗེས་སུ་ཡི་རངས་ཞུ།་ཁོ་ཚོས་ཁྲག་གི་བསྩོལ་བའི་རྨི་ལམ་ལ་མངོན་འགྱུར་ཡོང་བར་སྨོན།

    Reply
  13. བདེ་བ་ཅན། says:
    ལོ་ 16 སྔོན།

    ང་ཚོ་ནི་ཡུ་གུར་མི་རིགས་ལས་མཐོང་ཆུང་མང་བ་འཁུར་དགོས་ཀྱི་འདུག

    ང་ཚོས་ངེས་པར་དུ་ཡུ་གུར་མི་རིགས་ཀྱི་ད་རེས་དོན་རྐྱེན་འདིའི་ཚོར་བ་ཆེན་པོས་དོ་སྣང་བྱ་དགོས་ཀྱི་འདུག
    ༡》 སྔ་ལོའི་བོད་ནང་གི་ཞི་རྒོལ་བྱུང་རྗེས་གསར་འགོད་པ་ད་་ལྟ་བར་བཀག་འགོག་ཤུགས་ཆེ་ཆེན་པོ་བྱེད་བཞིན་པ་རེད། ཡིན་ནའང་ཡུ་གུར་ནང་ད་རེས་རྒྱལ་སྤྱིའི་གསར་འགོད་པ་ལམ་སེང་བཏང་འདུག
    ༢》 སྔ་ལོའི་བོད་ནང་དོན་རྐྱེན་བྱུང་རྗེས་རྒྱ་མི་ཁག་ཅིག་་ཚོང་ཁང་ལ་མེ་ཤོར་རྗེས་ཕྱིར་མ་འདོན་པར་ནང་དུ་ལུས་པ་དེ་དག་བོད་མི་བསད་པ་རེད་ཅེས་བོད་མིར་ནག་ཉེས་ཡོད་མེད་ལ་མ་ལྟོས་པར་བོད་རིགས་ན་གཞོན་ཁག་ཅིག་སྲོག་ཐོག་གི་ཉེས་པ་བཏང་འདུག
    ད་རེས་ཀྱི་ཡུ་གུར་གྱི་དོན་རྐྱེན་ནང་མི་གྲངས་ ༡༥༠ ཤི་བའི་ཐོག་མ་ནས་ངོས་ལེན་བྱ་སྐབས་དེའི་ནང་མང་ཆེ་བ་ཡུ་གུར་ཡིན་སྲིད་པས་རྒྱ་རིགས་ག་ཚོད་ཙམ་སྲོག་ཐོག་གཏོང་གི་རེད་དམ། དེ་ངེས་པར་དུ་བལྟ་དགོས་ཀྱི་འདུག
    ༣》 སྔ་ལོའི་ལྷ་སར་བྱུང་བའི་ངོ་རྒོལ་སྐབས་ལག་ཏུ་གྲི་འཁྱེར་རྒྱུ་ཡོད་པའི་མི་རེ་གཉིས་ལས་མི་འདུག ཡིན་ནའང་དེ་ཚོ་ནི་དྲག་སྤྱོད་པ་དང་འཇིགས་བསྐུལ་རིང་ལུགས་པ། རྡུང་གཅོག་འཕྲོག་བསྲེགས་བྱ་མཁན་ཞེས་འབོད་ཀྱི་འདུག ཉེས་མེད་བོད་མི་མང་པོར་མིང་དེ་གའི་ཐོག་ནས་ཤེས་་རྟོགས་བྱུང་བར་བོད་མི་ ༣༠༠ ལྷག་ལ་ཁྲིམས་ཆད་བཏང་ཟིན་་པ་རེད། ད་རེས་རྒྱ་རིགས་བརྒྱ་ཕྲག་མང་པོས་གྲི་དང་དབྱུག་་པ། སྦྱར་མ་སོགས་འཁྱེར་ཏེ་ཡུ་གུར་བ་གསོད་པ་དང་གསོད་པར་དངོས་སུ་འགྲོ་གི་འདུག་པས་འཇིགས་བསྐུལ་རིང་ལུགས་པ་དང་དྲག་སྤྱོད་པ། རྡུང་གཅོག་འཕྲོག་བསྲེགས་བྱ་མཁན་གྱི་རྒྱ་རིགས་བརྒྱ་ཕྲག་དེ་དག་ལས་ཁྲིམས་ཆད་གང་འདྲ་ཞིག་བཏང་གི་རེད་དམ། དེ་ང་ཚོས་ངེས་པར་དུ་བལྟ་དགོས་ཀྱི་འདུག ལྷག་པར་ང་ཚོའི་ཚགས་ཤོག་དང་དུས་དེབ་སོགས་ཀྱི་འགོ་བརྗོད་དུ་མི་རིགས་འདྲ་མཉམ་མིན་པ་དང་ཡུ་གུར་ནང་ལག་ཏུ་གྲི་དང་དབྱུག་པ་འཁྱེར་མི་གསོད་པ་དང་གཏོར་བཅོམ་བྱ་བར་འགྲོ་་མཁན་དེ་དག་ལ་ཉེས་པ་གང་འདྲ་བཏང་རྒྱུ་ཡིན་མིན་ལ་དཔྱད་གཏམ་སྤེལ་་དགོས་ཀྱི་འདུག་
    བོད་

    Reply
  14. རྐང་རྗེན་པ། says:
    ལོ་ 16 སྔོན།

    ད་རེས་ཤིན་ཅང་ནང་བྱུང་བའི་དོན་རྐྱེན་འདི་ཐོག་མར་རྒྱ་མི་རིགས་དང་ཡུ་གུར་མི་རིགས་དབར་བཙན་གཡེམ་གནས་ཚུལ་ཞིག་བྱུང་བས་རྐྱེན་བྱས་པ་དང། དེ་ནས་ས་ཆ་གང་སར་རྒྱ་མི་རིགས་དང་ཡུ་གུར་མི་རིགས་དབར་འཁྲུག་འཛིང་རིམ་པར་བྱུང་རྗེས། ཁ་སང་ཤིན་ཅང་རྒྱལ་སར་ཡང་མི་རིགས་གཉིས་ཆ་ཁྲོམ་ལ་ཐོན་ཏེ་གསོད་རེས་བྱས་པ་དང། ལྷག་པར་རྒྱ་རིགས་ཚོས་ལག་ཏུ་དབྱུག་པ་དང་ལྕགས་ཁེམ་སོགས་མཚོན་ཆ་སྣ་ཚོགས་ཐོགས་ཏེ་རྒྱུགས་ནའང་ཉེན་རྟོག་པས་ཅི་ཡང་མི་བྱེད་པར་བཞག་པ་འདིས་གྲངས་ཉུང་མི་རིགས་ཀྱི་སེམས་ལ་རྨ་ཆེན་པོ་ཞིག་བཟོས་ཡོད། དེས་ན་ད་རེས་ཀྱི་དོན་རྐྱེན་འདི་ཕར་བལྟས་ཚོད་ལ་རྒྱ་རིགས་དང་རྒྱ་གཞུང་གཉིས་ཀས་ཡུ་གུར་མི་རིགས་ལ་བརྙས་བཅོས་ཐུབ་ཚོད་བལྟས་པ་ཞིག་ཡིན་ནའང། ང་ོབོ་ནི་གྲངས་ཉུང་མི་རིགས་ལ་བརྙས་བཅོས་ཐུབ་ཚོད་ཅིག་ཡིན་འདུག་པས། ང་ཚོ་བོད་རིགས་གཙོས་པའི་མི་རིགས་གཞན་རྣམས་ཀྱིས་ཀྱང་ལྟད་མོར་བལྟས་ནས་མི་འདུག་པར། ཚང་མས་ཁུར་མཉམ་ལེན་གྱིས་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་དགོས་པ་དང་། རྒྱ་མི་རིགས་ཀྱི་མི་རིགས་ཆེན་པོའི་འདུ་ཤེས་དང་། རྒྱ་གཞུང་གི་དྲང་བདེན་མིན་པའི་བྱེད་ཕྱོགས་ལ་ངོ་རྒོལ་ཚ་ནན་བྱེད་དགོས་ངེས་ཤིག་རེད་འདུག་མོད། འོན་ཀྱང་ཁ་ནས་བཤད་རྒྱུ་ཙམ་ལས་ལག་ལེན་དུ་ཡོང་རེ་བྲལ།

    Reply
  15. འཁྱམས་པོ། says:
    ལོ་ 16 སྔོན།

    རྒྱ་ནག་གི་དབང་འཛིན་པ་ཚོས་གཉའ་གནོན་དང་དྲག་སྤྱོད་ནི་འགྲོ་བ་མིའི་རིགས་ལ་དབང་བསྒྱུར་བྱེད་ཀྱི་ཐབས་ལམ་ཡག་ཤོས་དེར་འདོད་གྱིན་ཡོད་པ་རེད། སྟབས་མ་ལེགས་པ་ཞིག་ལ་འགྲོ་བ་མི་ནི་ཤ་ཁྲག་གིས་གྲུབ་པའི་ཚོར་བའི་ཕུང་པོ་ཞིག་ཡིན་པ་གཏིང་བརྗེད་དུ་གྱུར། མ་བསམ་ས་ནས་ཐབས་ལམ་དེས་རང་ཉིད་ཡང་དྲག་སྤྱོད་དང་གཉའ་གནོན་གྱིས་འཇིག་སྐུལ་འོག་ནམ་ཞིག་ད་ལྟ་འཚོ་བཞིན་པའི་རང་ཉིད་ཡང་འཇིག་སྣང་དང་བཅས་འཐོར་ཞིག་དུ་འགྲོ་རྒྱུའི་ལམ་ཁ་རུ་བརྫངས།
    འདི་ནི་རྒྱ་གཞུང་གི་ད་ལྟའི་སྲིད་དབང་གི་མཐའ་སྡོམ་དུ་བཀོད་་་་

    Reply
  16. ཚ་ཕྲུག་འདུན་མཚོ་ says:
    ལོ་ 16 སྔོན།

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ལྷག་པར་རྒྱ་དམར་གཞུང་གི་གནས་ཚུལ་དེ་ལ་དག་ཤེལ་ཡག་པོ་ཞིག་མ་བྱས་ན་མ་འོང་པའི་འཛང་གླིང་འདི་ལ་ཡང་སྐྱར་འཇིག་དཀུལ་བ་གང་མང་ཞིག་གསར་སྐྲུན་བྱེད་པ་ངེས་སོ།

    ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔

    ཚེ་འདས་དེ་དག་གི་བསམ་དོན་མྱུ་དུ་འགྲུབ་པ་ཤོག།

    Reply
  17. ཚ་ཕྲུག་འདུན་མཚོ་ says:
    ལོ་ 16 སྔོན།

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ལྷག་པར་རྒྱ་དམར་གཞུང་གི་གནས་ཚུལ་དེ་ལ་དག་ཤེལ་ཡག་པོ་ཞིག་མ་བྱས་ན་མ་འོང་པའི་འཛང་གླིང་འདི་ལ་ཡང་སྐྱར་འཇིག་དཀུལ་བ་གང་མང་ཞིག་གསར་སྐྲུན་བྱེད་པ་ངེས་སོ།

    ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔ ཨོཾ་མ་ཎི་པདྨེ་ཧུྃ༔

    ཚེ་འདས་དེ་དག་གི་བསམ་དོན་མྱུ་དུ་འགྲུབ་པ་ཤོག།

    Reply
  18. རྐང་ལམ་པ། says:
    ལོ་ 16 སྔོན།

    མི་རིགས་ཤིག་གི་རིགས་གཞུང་དང་དར་རྒུད་ཀྱི་ཆེད་དུ་འདི་འདྲའི་མང་པོ་ཞིག་་་་་་་་་་་་
    མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུ་འབྲུས་བློ་མིག་ཅིག་ཡོད་ན་
    རྒྱ་དམར་འདི་ལ་་་་་་་་་་་་་་་་་་་་

    རྐང་ལམ་པས་་་

    Reply
  19. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཅི་འདྲའིཡིད་སྐྱོ་བ་ལ་རྒྱ་དམར་འདི་ལ་གདུག་རྩུབ་ཆེ་བ་ལ

    Reply
  20. ཨརྱ། says:
    ལོ་ 16 སྔོན།

    སྙིང་སྟོབས་རླབས་ཆེན་རེད། མིི་རིགས་དང་རིགས་གཞུང་རླབས་ཆེན་ཞིག་གི་ཆེད་དུ་འདི་འདྲ་གང་མང་དགོས་ངེས་རེད། ང་ཚོས་ད་དུང་འདིོ་ལས་མང་ཞིག་བྱེད་རྒྱུ་ལྷག་ཡོད་ངེས་རེད།

    Reply
  21. ཨ་ལལ says:
    ལོ་ 16 སྔོན།

    དངོས་གནས་ཡུ་གུར་མི་རིགས་འདི་ཚོ་སྤྱིར་བཏང་བ་ཞིག་མ་རེད་ཡ།བུད་མེད་བྱིས་པ་ཡན་ཆད་དགྲ་བོའི་ཁ་གཏད་དུ་བདེན་པའི་རྒྱབ་ལངས་བྱེད་ཐུབ་པ་འདི་བློ་ཡུལ་ལས་འདས་སོང་།ང་རང་ཚོར་མགོ་ཡོད་ཀྱང་ལུས་མེད་པ་འདི་ཅི་ཡིན་ནམ།འོན་ཀྱང་གཅིག་བྱས་ན།

    Reply
  22. ནད་པ says:
    ལོ་ 16 སྔོན།

    ལྕམ་ར་བྷི་ཡ་མཆོག་གི་གཙོས་པའི་ཡུ་གུར་བའི་མི་མང་ཡོངས་ལ་ངས་བཅོས་མིན་གདུང་སེམས་མཉམ་བསྐྱེད་ཞུ། ཁྱེད་ཚོའི་བློ་སྤོབས་དང་། ཆིག་སྒྲིལ། དྲང་བདེན། ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ལ་བསྔགས་བརྗོད་ཞུ་བཞིན་ཡོད། ད་ལྟའི་ཆར་མི་དམངས་ཀྱི་བདེ་འཇགས་དང་། ལྷག་པར་ཚེ་སྲོག་ལ་གནོད་གཞིའི་ཉེན་ཚབས་ཧ་ཅང་ཆེ་སྟབས་ངེས་པར་དོ་ནན་བྱེད་དགོས།
    སྒོས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཚོགས་པ། མི་མང་ཡོངས་སུ་འབོད་བསྐུལ་དང་སྦྲགས་རྒྱ་ནག་གཞུང་ལ་གནད་དོན་དེ་ཞི་འཇམ་གྱིས་སྒོ་ནས་སེལ་ཐབས་ཡོང་བར་འབད་བརྩོན་བསྟུད་མར་བྱེད་དགོས་པ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན།

    Reply
  23. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གཤམ་ནི་འབྲེལ་ཡོད་གསར་འགྱུར་གྱི་དྲ་འབྲེལ་ཡིན།
    http://timesofindia.indiatimes.com/World/China/China-says-Urumqi-rioters-have-al-Qaida-links/articleshow/4759117.cms

    Reply
  24. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་ཐེངས་འདིའི་དོན་རྐྱེན་འདི་ཨེལ་ཁ་སྒྲ་དང་འབྲེལ་བ་ཡོད་ཚུལ་བརྗོད་འདུག ( Urumqi rioters have al-Qaida links, Says China)

    Reply
  25. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གསོད་བརྡུང་བཙོན་གསུམ་གྱིས་མི་རིགས་ཤིག་མེད་པར་བཟོ་འདོད་པ་ནི་རྨི་ལམ་ཞིག་ལས་གང་ཡང་མིན་ལ། དེ་ནི་རང་གི་སྲིད་གཞུང་མགོ་གཏིང་ལོག་པར་འབོད་པ་དང་གཉིས་སུ་མེད་པ་ཡིན། ཡ་ང་བའི་དོན་རྐྱེན་འདིས་ཁྲོད་དུ་ཉེས་མེད་དག་གི་ཚེ་སྲོག་ཤོར་བ་ནི་དངོས་ནས་སྙིང་རྗེ་བ་ཞིག་རེད།

    Reply
  26. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མི་བརྒྱ་དང་ལྔ་བཅུ་ལྷག་གི་ཚེ་སྲོག་ཤོར་བའི་ཁྲོད་ཡུ་གུར་བ་གཉིས་གསུམ་ཞིག་ལས་གཞན་ཚང་མ་ཧན་མི་རིགས་ཡིན་པའི་རྫུན་སྒྲོགས་བྱེད་བཞིན་འདུག་ཀྱང་། ཕྱི་སྡོད་ཡུ་གུར་བ་དག་གིས་བརྗོད་ན་ཐེངས་འདིའི་དོན་རྐྱེན་ཁྲོད་མ་མཐའ་ཡང་ཡུ་གུར་བ་དྲུག་བརྒྱ་ལྷག་བསད་ཡོད་ཟེར། རེ་གཟའ་མིག་དམར་གྱི་དགོང་དྲོ་ཧོའུ་ཅིན་ཐོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་ཀྲུའུ་ཞི་རིམ་པའི་མཛའ་དྲག་འཚོགས་འདུ་ཞིག་བསྐོངས་རྗེས་ཡུ་གུར་ཁུལ་གྱི་དོན་རྐྱེན་འདི་ལ་ཞིབ་བཤེར་ནན་མོ་བྱས་ཏེ་རྒྱ་ནག་ཁྲིམས་ལུགས་ལྟར་ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་གསལ་བསྒྲགས་སྤེལ་འདུག་ལ། ཡུ་གུར་ས་གནས་སྲིད་གཞུང་གིས་ཉེས་ཅན་གཏེ་བོ་འགའ་ལ་གང་མགྱོགས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཀྱང་འདུག དེར་བརྟེན་ཉིན་དེར་ཊོར་ཁེའི་རྒྱལ་ས་ཨེ་སི་ཏམ་བྷོ་ནས་ཊོར་ཁེའི་སྲིད་བློན་ཏཱ་ཡབ་ཨེར་ཌོ་གྷང་མཆོག་གིས་ཡུ་གུར་ཁུལ་དུ་བྱུང་བའི་ཟིང་འཁྲུགས་འདི་ཊོར་ཁེ་གཞུང་གིས་མཉམ་འབྲེལ་རྒྱལ་འཚོགས་ཀྱི་བདེ་འཇགས་ལྷན་ཁང་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

    Reply
  27. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    འདི་ནི་རྒྱ་གཞུང་གིས་འདས་པའི་ལོ་མང་རིང་གྲངས་ཉུང་མི་རིགས་ལ། མནར་གཅོད་དང་། གཉའ་གནོན། མཐོང་ཆུང་། ཁྱད་གསོད་དང་གཅིག་བསྡུད་རིང་ལུགས་བྱས་པས་གྲུབ་འབྲས་ཞིག་རེད། ད་དུང་ཡང་མུ་མཐུད་ནས་འདི་ལྟར་བྱས་ན་རྒྱ་གཞུང་ལ་ནང་འཁྲུགས་དང་འགལ་བ་སོགས་ཆེ་རུ་འགྲོ་ངེས་ཡིན། སྔོན་ཆད་ཡིན་ན་ཁོ་ཚོའི་ཆབ་སྲིད་ཀྱིས་དབང་ཤུགས་འོག་མི་རྣམས་མགོ་བསྐོར་གཏོངས་ཐུབ་ཀྱང་། དེང་སེང་འཛམ་གླིང་གི་ཚན་རིགས་ལག་རྩལ་འོག་ཁོ་ཚོའི་རྫུན་རྐུབ་ཐམས་ཅད་མུ་མཐུད་ནས་རྡོལ་གྱིན་ཡོད། དེས་ན་རང་གི་བྱ་སྤྱོད་ངན་པ་འདིས་མ་འོངས་པ་དམར་པོའི་གཞུང་ཡང་གཏོར་ངེས་ཡིན། དེ་ལ་རང་སྲིད་རང་གིས་བཤིག་ཟེར།

    Reply
  28. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་སྣ་ཆེ་ཁག་དག་དང་། དཀར་ཕྱོགས་ལ་དགའ་ཞིང་ཉམ་ཐག་ལ་གཅིག་ཏུ་བརྩེ་བའི་སྲུང་མ་དང་། རྒྱལ་བཙན་ལ་སོགས་པས་སྲུང་སྐྱོབས་གཡོ་བ་མེད་པར་གྲོགས་མཛོད་ཅིག
    སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།
    འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།
    ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།
    རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese