ཨ་རིའི་གྲོས་ཚོགས་ཀྱིས་བོད་ཕྱི་ནང་གཉིས་ཀར་རོགས་སྐྱོར་གྱི་མ་དངུལ་ཨ་སྒོར་ས་ཡ་འགའ་སྤྲོད་རྒྱུའི་གྲོས་ཆོད་བཞག་འདུག
བོད་ཀྱི་ལས་རིམ་ཐོག་ཤུགས་ཆེའི་རྒྱབ་སྐྱོར་བྱ་ཆེད། ཨ་རིའི་གྲོས་ཚོགས་འོག་མས་ཕྱི་ཚེས་ ༩ ཉིན་རྩིས་ལོ་ ༢༠༡༠ ཡི་ཕྱི་སྲིད་ལས་དོན་གྱི་མ་དངུལ་ཁོངས་ནས་ཨ་སྒོར་ས་ཡ་འགའ་བོད་དོན་ཐོག་སྤྲོད་རྒྱུའི་མང་མོས་གྲོས་ཆོད་བཞག་པ་དང་། ཉིན་དེར་གྲོས་ཚོགས་གོང་མའི་མ་དངུལ་ཚོགས་ཆུང་གིས་ཀྱང་གྲོས་ཆོད་ཀྱི་འབྲུ་དོན་དེར་ཆོག་མཆན་ཐོབ་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་འབྲེལ་མཐུད་ཀྱི་འགན་འཛིན་ཊོ་ཌུ་ས་ཊིན་ལགས་ཀྱིས་བཤད་དོན། གྲོས་ཆོད་དེའི་སྟེང་ནས་ཤེས་ཐུབ་པ་ཞིག་ནི། བོད་ཀྱི་རིག་གཞུང་དང་བོད་མིའི་ངོ་རྟགས་ཀྱིས་མདོ་དབུས་མཐོ་སྒང་ནས་དཀའ་ངལ་ཆེན་པོ་ཞིག་ལ་གདོང་གཏད་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་འདི་དག་རྒྱུན་འཛིན་ཡོང་ཐབས་སུ་ཧུར་བརྩོན་བྱེད་ཀྱིན་པ་དེར་ཨ་རིའི་གྲོས་ཚོགས་འོག་མའི་ངོས་ནས་དགའ་གུས་དང་ངོས་འཛིན་གསལ་བོ་བྱས་ཡོད་པ་མཚོན་གྱི་འདུག གྲོས་ཚོགས་འོག་མས་བཙན་བྱོལ་བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་ངོ་རྟགས་མི་བརླག་པའི་ཆེད་དུ་མ་དངུལ་གསར་པ་ཞིག་སྤྲོད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
མ་དངུལ་དེ་དག་གི་འབུལ་ས་ནི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་བྱ་བར་རོགས་དངུལ་མཁོ་འདོན་དང་། བཙན་བྱོལ་བོད་མི་ཚོར་འགྲོ་བ་མིའི་བདེ་རྩའི་ཆེད་རོགས་དངུལ་སྤྲོད་རྒྱུ། རྒྱ་གར་དང་བལ་ཡུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་སོ་ནམ་ཞིང་ལས་དང་ལས་ཀ་ཡར་རྒྱས་གཏོང་ཐབས་དང་གཞིས་ཆགས་ཁག་སྲ་བརྟན་གཏོང་བར་རོགས་དངུལ་འབུལ་བ། བོད་མིའི་ཤེས་ཡོན་གྱི་རོགས་དངུལ། དམངས་གཙོ་གོང་སྤེལ་གྱི་རོགས་དངུལ། ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་འཇོག་གི་མ་དངུལ། ཨེ་ཤ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གི་མ་དངུལ་བཅས་ཚུད་ཡོད་པ་རེད།
ཐུགས་རྗེ་ཆེའདི་འདྲ་རྒྱབ་སྐྱོར་ཚད་མེད་གནང་བར་སྙིང་ནས་དགའ་བྱུང་།
ལོ་ངོ་ཁ་ཤས་ཤིག་ལ་བོད་ཀྱི་སྐུ་ངོ་དེ་ཚོ་སྐམ་པོ་ཆགས་འདུག་མོད། ཡང་ཨ་རིའི་སྒྲོ་ལོ་དེ་ཚོས་སྐུ་ཤ་རྒྱག་པོ་བཟོ་ཚོད་རེད། གང་ལྟར་སྒྲོ་ལོ་དེ་དག་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཙོས་བོད་མི་ཉམ་ཐག་དག་གི་ཁ་ནང་དུ་ལྷུང་ན་བཟང་གི མ་རེད་ཀོ་ སྒྲོ་ལོ་ཟེར་འོང་དུས་སྤྱང་བོ་མང་བོ་ཡོད་རེད། བོད་མི་རིགས་ཀྱི་རྩ་དོན་ཐོག་ལ་སྨོན་པར་ཤོགས།
༧གོང་སཆོག་གིས་་་་་་་༧གོང་ས་མཆོག་གིས་རྒྱལ་མཚམས་ཞེས་པར་་་་ནོར་བཅོས་ཡོང་པར་ཞུ།
དོན་དངོས་མི་སྤྱོད་ལས་འདས་པས་རྡུང་འདེགས་དམར་གསོད་དང་། སྲོག་ཁྲིམས་ཚོད་མེད། རྫུན་བཅོམ་འཕྲོག་གཅོག་སོགས་བྱེད་པར་ཡ་ང་རྡུལ་ཙམ་མེད་པའི་རྒྱ་དམར་ཏང་སྲིད་གཞུང་གིས། གཡོ་འབག་སྟུག་པོའི་འོག་ནས། གཞི་རྩ་མེད་པ་དང་། དབང་ཚད་ལས་བརྒལ་པའི་རྫུན་གཏམ་སྐྱོན་ཉེས་འུད་སྒྲོག་བྱེད་མིན་ལ་མ་ལྟོས་པར། ངེད་བོད་པ་ཚང་གི་ཆོས་སྲིད་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོར་ཆེས་མཐོའི་གཟེངས་རྟགས་འབུལ་བཞེས་གནང་པས་མཚོན། གཞིས་བྱེས་ཐུ་བྷོད་ཡོངས་ཀྱི་ཁ་སྟབས་འདིར། ཁྱེད་ཨ་རིའི་གཞུང་དམངས་ནས་ཐོག་མཐའ་བར་གསུམ་ལ། ༧གོང་སཆོག་གིས་རྒྱལ་མཚམས་བརྒལ་པའི་འཇིག་རྟེན་ཀུན་ཁྱབ་རང་བཞིན་གྱི་ཐུགས་ཁུར་དང་། བོད་མིའི་དྲང་བདེན། རྩ་དོན་སོགས་ལ་གོང་ན་འཕགས་པའི་རྒྱབ་སྐྱོར་དཔུང་རོགས་མཛད་པར་སྙིང་དབུས་ནས་རྗེས་དྲན་དང་མངོན་པར་བསྟོད་རྒྱུ་བཅས། ད་དུང་ཡང་དེ་བཞིན་རེ་བས་རྒྱང་འབོད་བྱེད་ཀྱིན་གདའ།
ངོ་མ་་་་་་་་ཨ་ཕ་་་་་་ཨ་རི་་་་་་བོད་ལ་སྐུ་དྲིན་ཤིན་ཏུ་ཆེ།
སྒོར་དེ་སྐྱོ་ོབོ་བོད་མི་དག་གི་ལག་ཏུ་རག་ྲྒུ་ཡིན་ནམ།ཤིན་ཏུ་བཤད་དཀའ།
ཁྱེད་རྣམས་པས་བསམ་ཆར་དེ་འཇལ་སྐབས་ཧ་གོ་གེས་སྒོར་མོ་དེ་བེད་སྐྱོད་ག་བར་བཏང་དགོས་མིན་དེ། དེ་ཡང་དེ་རེད།
ཨ་རིའི་སྒོར་མོ་བོད་ལ་བཀའ་དྲིན་ཆེ་མོད། འོན་ཀྱང་སྐུ་ངོ་དེ་ཚོ་རྒྱག་པ་ཆགས་ཡ་གི་རྒྱུ་རུ་གྱུར་ན་ཨ་སྒོར་དེ་བོད་ལ་གནོད་པ་ཆེན་པོ་རེད།
ཨ་རིའི་སྒོར་མོ་ངོ་མ་བོད་ལ་བཀའ་དྲིན་ཆེ་མོད་སྐུ་ངོ་དེ་ཚོ་་་་་་་་་་་ད་བཤད་གི་མིན། ཆུད་ཟོས་སུ་མི་འགྲོ་བར་སྨོན།
ཏཡུཏཏུཡཏཡཏཏ
དྲ་བདག་ལུང་རིགས་ལགས།
ལན་གནང་བར་ཐུགས་རྗེ་ཆེ།
ཨ་རིའི་ཌོ་ལོར་དེ་དྲིན་ཆེན་རེད་ཡཱ།དེ་ལ་ནུས་པ་ཡོད་ཀི་ཡ།མི་ཐམས་ཅད་གྲུང་རིལ་རིལ་བཟོས་མི་འདུག་གམ།
བདེ་ཆེན་སྒྲོལ་མ་ལགས། འདི་ཕལ་ཆེར་སློབ་ཡོན་གྱི་ཕྱོགས་ཡིན་པ་འདྲ། དེ་བཞིན་རིག་གཞུང་བརྗེ་རེས་ཀྱི་ཚུལ་དུ་ཡུལ་ལུང་གཞན་ལ་འགྲོ་བའི་ལས་རིམ་དེ་ཡང་འདིའི་ནང་ཚུལ་ཡོད་པ་འདྲ། ལས་གཞི་འདིའི་ཆེད་དུ་ཨ་སྒོར་ས་ཡ་ ༡ དང་ འབུམ་ ༤ ཡོད་ཚུལ་འདུག དཔེ་དེབ་དཔར་སྐྲུན་གྱི་ཕྱོགས་ལ་མ་དངུལ་ཡོད་མེད་མ་ཤེས། འདིའི་སྐོར་ཤེས་རིག་དང་དཔལ་འབྱོར་ལས་ཁུངས་ལྟ་བུ་ཞིག་ལ་དྲིས་ན་གསལ་བོ་ཆགས་གི་རེད་འདོད།
དྲ་བདག་ལུང་རིགས་ལགས།
གསར་འགྱུར་འདིའི་ནང་གི་བོད་མིའི་ཤེས་ཡོན་གྱི་རོགས་དངུལ་ཟེར་བ་འདི་ལས་འཆར་རིགས་གང་ལ་རེག་པ་ཞིག་རེད། གཞུང་མ་གཏོགས་སྒེར་ལ་རེག་ཐུབ་པ་འདུག་གམ། གལ་སྲིད་རེག་ཐུབ་ན་རེག་ལུགས་རེག་སྟངས་གང་འདྲ་རེད། ང་དང་གྲོགས་པ་ཁག་ཅིག་ལ་དཔེ་ཚོགས་དཔར་སྐྲུན་སྐོར་གྱི་ལས་འཆར་ཞིག་ཡོད། འདིའི་སྐོར་ནས་ཅུང་ཟད་རྒྱས་ཙམ་གསུངས་རོགས།
ཨ་རིའི་སྒོར་མོ་བོད་ལ་བཀའ་དྲིན་ཆེ། ཨ་རི་སྟོབས་ཆེན་ཚང་གི་གཞུང་དམངས་གཉིས་ལ་ངོ་གསོ་བསྟོད། བོད་པ་གཞིས་བྱེས་གཉིས་ཀྱི་ཨ་རིའི་རོགས་དངུལ་འདི་དག་ཆུད་ཟོས་སུ་མི་གཏོང་བར་རེ་སྐུལ་ཡོད།
ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་ཀྱི་རྩ་དོན་ཆེད་དུ་བོད་ཕྱི་ནང་གཉིས་ཀར་ཨ་སྒོར་ས་ཡ་འགའི་རོགས་དངུལ་ཕོན་ཆེན་ཞིག་གནང་རྒྱུའི་གྲོས་ཆོད་ལ་ཆོག་མཆན་ཐོབ་པར་ཨིརིའི་གཞུང་དང་། ཨ་རིའི་མི་དམངས་གཉིས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
ཨ་རིའིགཞུང་མང་གཉིས་ཀྱིས་ཐུགས་རེ་གནང་བ་ལྟར་ང་ཚོ་བོད་མི་རྒན་གཞོན་བྱིས་གསུམ་ཡོངས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གི་བཀའ་དགོངས་བཞིན་འབྱུང་འགྱུར་གྱི་ལོ་ཤས་ནང་དམངས་ཀྱི་ཤེས་ཡོན་དང་། དམངས་ཀྱི་ཆབ་སྲིད། དམངས་ཀྱི་དཔལ་འབྱོར། དམངས་ཀྱི་ཆིག་སྒྲིལ་བཅས་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་མངོན་འགྱུར་ཡོང་བར་འབད་བརྩོན་ཧུར་བསྐྱེད་བྱེད་ཐུབ་པ་ཞིག་དགོས།