མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཞིན་ཅང་གི་ན་ཟུག རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༥༤ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་ཐད་ནས། རྒྱ་ནག་གཞུང་ལ་ན་ནིང་ལས་ལྷག་པའི་གདེང་ཚོད་ཅིག་ད་ལོར་འདུག རྒྱ་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྡང་ཟིག་དང་ཤ་འཁོན་རིགས་ཤིག་ཀྱང་གཞུང་གི་དྲིལ་བསྒྲགས་དང་མཉམ་དུ་ངར་ངར་རྫིག་རྫིག་གིས་ཡོང་གིན་འདུག

ཉིན་ཤས་གོང་ཞིན་ཅང་གི་ཟིང་འཁྲུག་བྱུང་རྗེས་རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཡུལ་དེར་གནས་ཚུལ་འགོད་པར་བཏང་ཡོད་ལ། དོན་དག་ཅི་བྱུང་ནི་དངོས་ཡོད་གནས་ཚུལ་གྱིས་ཁ་གྲག་ཡོང་གི་རེད་ཟེར། རྒྱ་ནག་གཞུང་ལ་ད་སྐབས་ཁེ་བཟང་ཞིག་ཡོད་པ་ནི། གྲངས་ཉུང་མི་རིགས་འདི་དག་གི་དཀའ་རྙོག་དེ་ཐད་ཀར་དབུས་གཞུང་དང་ས་གནས་གཞུང་ལ་ཞུ་ས་མེད་སྟབས། ཟིང་ཆའི་མགོ་ལངས་མ་ཐག་ཐད་ཀར་རྒྱ་ནག་ཧན་མི་རིགས་དང་མཉམ་དུ་ལག་འཛིང་ཤོར་འགྲོ་གི་ཡོད་པ་འདི་ཡིན། དེ་བས་རྒྱ་ནག་གིས་རྒྱ་རིགས་ཆེན་པོའི་རྒྱབ་རྩ་བཟུང་སྟེ། གྲངས་ཉུང་མི་རིགས་ཁག་ལ་རྒྱལ་ཁབ་ཀྱི་སྲིད་བྱུས་ཀྱིས་བཙན་གནོན་བྱས་པའི་ཁར། རྒྱ་མི་རིགས་ཀྱི་བཙན་གནོན་དེའང་རང་བཞིན་གྱིས་འཁྱེར་ཡོད་ལ། ལྷག་པར་དུ། དཀའ་རྙོག་དེ་དག་སེལ་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་རྒྱབ་རྩ་ལ་རྒྱ་མི་རིགས་ཁྲིད་ཡོང་རྒྱུ་དེ་ཡིན།

ལོ་སྔོན་མར་བོད་ནང་ཞི་རྒོལ་བྱུང་སྐབས་ཀྱང་རྒྱ་ནག་གིས་ཐབས་ལམ་འདི་སྤྱད་ཡོད་ལ། དེ་བས་ཞི་རྒོལ་གྱི་རྗེས་ནས་བཟུང་བོད་རྒྱ་མི་རིགས་གཉིས་ཀྱི་བར་མངོན་སུམ་གྱི་འགལ་བ་ཞིག་བསླེབས་ཡོད། ཕྱི་ཚེས་ ༥ ཉིན་གྱི་ཞིན་ཅང་གི་ཟིང་འཁྲུག་ཀྱང་། དུས་ཐོག་ཏུ་སྟངས་འཛིན་མ་བྱས་པར་བརྟེན་མཐར་མི་རིགས་གཉིས་ཀྱི་བར་ཚབས་ཆེའི་བསད་རྨས་ཀྱི་རྐྱེན་ངན་འདི་བྱུང་ཡོད། དེའི་ཁར་ཕྱི་ཚེས་ ༦ ནས་བཟུང་རྒྱ་ནག་ཧན་མི་རིགས་ཀྱིས་ལག་ལ་མཚོན་ཆ་བཟུང་སྟེ་ཡུ་གུར་བ་ཚོ་གང་སར་བཙལ་ནས་ཤ་འཁོན་ལེན་ཐབས་བྱས་ཡོད།

རྒྱ་གཞུང་གིས་ཐེངས་འདིའི་ཉེས་དོན་ལ་འབྲེལ་བ་ཡོད་མཁན་རྣམས་ལ་སྲོག་ཁྲིམས་གཅོད་ཀྱི་ཡིན་ཟེར། དོན་དངོས་ཐོག་ཕྱི་ཚེས་ ༥ ཉིན་གྱི་ཟིང་ཆ་འདི་ནི་ཟླ་སྔོན་མའི་ནང་བཀང་ཏོན་ནས་ཡུ་གུར་བ་གཉིས་བསད་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཡོད། མི་གཉིས་ཀྱི་ཚེ་སྲོག་གིས་མི་ ༡༥༦ གི་ཚེ་སྲོག་འཕྲོག་པ་རེད། ད་ཆ་རྒྱ་གཞུང་གིས་ཉུང་མཐར་ཡང་ཁ་ཉིན་བསད་པའི་མི་ ༡༥༦ དེ་དག་གི་ཚེ་སྲོག་ལ་འགན་ཡོད་མཁན་མི་ ༡༥༦ གསོད་དགོས་ཀྱི་ཡོད། བརྒྱ་སྐོར་ནས་སྟོང་སྐོར་ཞིག་བཙོན་ལ་འཇུག་དགོས། རྒྱ་ནག་གི་སྲིད་བྱུས་འདིས་རྒྱ་མི་དང་ཡུ་གུར་མི་རིགས་བར་མུ་མཐུད་ནས་ཞེ་སྡང་གི་དུག་རྩ་འདེབས་ཀྱིན་ཡོད།

རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་གཉིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་འཛིན་པའི་སྲིད་བྱུས་འདི་མུ་མཐུད་ཕྱིན་ཚེ་ཧུའུ་ཡི་འཆམ་མཐུན་སྤྱི་ཚོགས་དེ་དོན་དངོས་ཐོག་ཤ་འཁོན་དང་ཟིང་འཁྲུག་གི་སྤྱི་ཚོགས་ཤིག་ཏུ་འགྱུར་ངེས་ལ། ནམ་ཉིན་ཞིག་མིའི་རིགས་ཀྱི་བློ་ཡིད་ལ་མི་ཤོང་པའི་དམར་གསོད་ཆེན་པོ་ཞིག་རྒྱ་ནང་དུ་མི་ཡོང་བའི་ངེས་པ་མི་འདུག

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 10

  1. འབྲོག་ཁྱི། says:
    ལོ་ 17 སྔོན།

    དངོས་ནས་ཤ་ཚ་སོང་ཚད་ལས་བརྒལ་བའི་དྲག་གནོན་བྱས་འདུག་ག།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བདེ་བ་ཅན་གྱིས་བཤད་པ་བདེན་པ་རེད། གནད་དོན་གང་ལའང་ནུས་ཚོད་ཀྱིས་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་གིས་རྒྱ་མི་རིགས་སྔུན་ལ་འདེད་པའི་བྱུས་དེ་ནི་སྔོན་མ་ཀོ་སོ་ཝོའི་དམག་འཁྲུག་སྐབས། ཨ་རིས་མེ་ཤུགས་འཕེར་མདེལ་ཞིག་གི་དམིགས་འབེན་ནོར་ཏེ་བྷེལ་གྷ་རི་ཡ་ནས་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་གཏོར་བ་དེ་ནས་བཟུང་བྱུང་ཡོད། སྐབས་དེར་པེ་ཅིན་ནས་ཨ་རི་ལ་ངོ་རྒོལ་ཤུགས་ཆེར་བྱས་ཡོད་ལ། མཐའ་མར་ངོ་རྒོལ་དེའི་ངོ་བོ་གང་འདྲ་ཞིག་ལ་འགྱུར་བར་རྒྱ་གཞུང་ལ་གདེང་ཚོད་མེད་པར་གྱུར་ནས་ངོ་རྒོལ་མཚམས་འཇོག་ཏུ་བཅུག་ཡོད།

    Reply
  3. ཨ་ལ་ལ says:
    ལོ་ 17 སྔོན།

    ཅི་བཤད་བཤད་ཀི་མཐའ་མ་གྱོང་རེག་མཁན་ནི་མེ་མདའ་མེད་མཁན་དེ་རེད་ཡ།ཤུ་རེ་ཁོ།

    Reply
  4. བདེ་བ་ཅན། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། གོང་དུ་སྤེལ་བ་ལྟར། རྒྱ་ནག་གཞུང་ཕྱོགས་ནས་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད་རྒྱ་ནག་གཞུང་གི་འབྲེལ་ཡོད་དབང་འཛིན་པ་ཚོས་སྲིད་བྱུས་མཁྲེགས་བཟུང་ཅན་དང་ནོར་འཁྲུལ་ཅན་གྱི་ལམ་དུ་ཕྱིན་ཡོད་པར་རྒྱ་ནག་གཞུང་ནས་སྔ་ལོའི་ཟླ་ ༤ པའི་ནང་ནས་ངོས་འཛིན་གསལ་པོ་ཐུབ་ཡོད། སྔ་་ལོར་ང་རང་ཚོའི་རྒྱལ་ས་ལྷ་སས་གཙོས་པའི་བོད་ས་ཁྱོན་ཡོངས་སུ་ཞི་བའི་གྱེན་ལངས་ཤུགས་ཆེ་བྱས་རྗེས་རྒྱ་ནག་གཞུང་གི་སྲིད་་བྱུས་འཛིན་ཕྱོགས་ཐད་རྒྱུན་གཏན་ནས་ནོར་འཁྲུལ་དང་ཕྱོགས་ལྷུང་གི་གནད་དོན་ཡོད་པར་བརྟེན་སྔ་་ལོ་རྒྱ་ནག་གི་ས་ཁུལ་མང་པོར་བོད་རིགས་སློབ་ཕྲུག་དང་ཚོང་པ་སོགས་ལ་མི་རིགས་དབྱེ་འབྱེད་ཀྱིས་མཐོང་ཆུང་དང་་ཁྱད་གསོད་བྱེད་པའི་རྣམ་པ་གསལ་པོ་བྱུང་ཡོད་པ་མ་ཟད། ལྷག་པར་དུ་གནམ་ཐང་དང་གླ་ཆེད་རླངས་འཁོར་བཏང་མཁན་སོགས་ནས་ཀྱང་བོད་མིར་སྡང་ཟུག་བྱས་པའི་ཧན་མི་རིགས་ཀྱི་མི་གཤིས་ངན་པ་བཏོན་ཏེ་གྲངས་ཉུང་མི་རིགས་དང་ལྷག་པར་ང་ཚོ་བོད་མིར་མཐོང་་ཆུང་དང་ཁྱད་གསོད་ཚད་ལས་འདས་པ་བྱུང་ཡོད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་སྔ་ལོའི་ཟླ་ ༤ པའི་ཟླ་མཇུག་ཏུ་ཀྲུང་དབྱང་གི་ཡིག་ཆ་ཨང་ ༣༣ ཞེས་པ་དང་། དེ་དང་གཅིག་མཚུངས་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཆ་ཨང་ ༥༠ ཞེས་པ། དེ་བཞིན་ཤིན་ཅང་སོགས་རྒྱ་ནག་གི་ཞིང་ཆེན་གཞན་པའི་ནང་དུའང་ཡིག་ཆ་དེ་་ཚོར་སློབ་སྦྱོར་བྱ་བཅུག་ཡོད།ྲ ཡིག་ཆ་དེ་ཚོའི་ནང་དོན་གཙོ་བོ་ནི་་མི་རིགས་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་ནོར་འཁྲུལ་བྱུང་ཡོད་པའི་གནད་དོན་བཀོད་ཡོད་པ་མ་ཟད། ལྷག་པར་སྔ་ལོའི་ལྷ་སར་བྱུང་བའི་ཟླ་ ༣ པའི་དོན་རྐྱེན་རྗེས་གནམ་ཐང་དང་འགྲུལ་ཁང་སོགས་ནས་བོད་མིར་དབྱེ་འབྱེད་བྱེད་པའི་བྱ་ཐབས་ལག་བསྟར་བྱས་པའི་གནས་ཚུལ་བཀོད་ཡོད་པས་ང་ཚོས་ཡིག་ཆ་དེ་ཚོ་ངེས་པར་ཞིབ་འཇུག་དང་སློབ་སྦྱོང་བྱས་ཚེ་མི་རིགས་དབྱེ་འབྱེད་བྱས་ཏེ་ཧན་མི་རིགས་ནས་བོད་རིགས་གཙོས་པའི་མི་རིགས་གཞན་ལ་མཐོང་ཆུང་དང་ཁྱད་གསོད་འདྲ་མིན་བྱ་གི་ཡོད་པ་ཧ་ཅང་གསལ་པོ་རྟོགས་ཐུབ་ཀྱི་རེད་སྙམ།།

    Reply
  5. འཁྱམས་པོ། says:
    ལོ་ 17 སྔོན།

    དེ་ནི་རྒྱ་ནག་གི་དབང་འཛིན་པ་ཚོའི་སྲིད་བྱས་རེད། ཁོ་ཚོས་ཤེས་པ་ནི་དེ་རང་རེད་ལ་འཇོན་པའང་དེ་རེད། འོན་ཀྱང་དོན་དངོས་ཐོག་དེ་ནི་རང་སྲོག་གཅོད་པས་རྣོ་གྲིའི་ཁ་རང་ཉིད་ལ་སྐོར་གྱིན་ཡོད་པ་ཚོར་མེད་ལ། གནས་སྐབས་མ་གཏོག་ཕུག་རྒྱང་ལ་ཁོ་ཚོས་བསམ་བློ་གཏོང་དེ་བས་ཀྱང་གཏོང་མི་ཤེས། ཡང་ཅིག་བཤད་ན་རྒྱ་ནག་གིས་ཁོ་ཚོ་ནི་གྲངས་ཉུང་མི་རིགས་དུ་མས་གྲུབ་པས་མེས་རྒྱལ་ཞིག་ཡིན་ཞེས་ཤོད་གྱིན་ཡོད་པ་རེད་གལ་སྲིད་ཁོ་ཚོས་མི་རིགས་དང་མི་རིགས་དབར་འགལ་ཟླ་བཟོས་ནས་སྤྱི་ཚོགས་ནང་དཀྲུག་ཤིང་འཕངས་ན། མི་རིགས་ཁ་བྲལ་དང་སྤྱི་ཚོགས་གཏོར་བཤིག་ལས་མེས་རྒྱལ་ཞེས་པ་ནི་ཁ་གཏད་ཙམ་མོ།
    ད་དུང་དོན་དངོས་ཐོག་དེ་ནི་རང་ཉིད་ཀྱིས་རང་གི་ལག་ནང་དུ་དུག་ཚེར་བླུགས་ནསཁ་ལག་ཡན་ལག་འཐོར་ཞིག་དུ་གཏོང་བཞིན་པ་དེ་རེད། རྙིང་རེ་རྗེ་་་་་་ ཀླད་མེད་རྒྱ་སྤྲང་དེ་ཚོ་་་

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གནད་དོན་འདི་ལ་ལྟ་སྟངས་མི་འདྲ་བ་མང་པོ་ཡོད་ཀྱི་རེད། ལྟ་སྟངས་གཅིག་ནི་ཉིན་ཤས་གོང་ཞིན་ཅང་དུ་སྡོད་མཁན་བུ་མོ་ཞིག་གིས་ཡི་གེ་ཞིག་བྲིས་པའི་ནང་བསྟན་པ་ལྟར་རེད། ཁོ་མོ་ནི་རྒྱ་མི་དང་ཡུ་གུར་གཉིས་ཀྱི་གང་ཡང་མིན་པར་མི་རིགས་གཞན་པ་ཞིག་རེད། ཁོ་མོས་བཤད་དོན་ཡུ་གུར་གྱི་དོན་རྐྱེན་འདི་ནི་མི་རིགས་བར་གྱི་འགལ་བ་ལ་བརྟེན་ནས་བྱུང་བ་མ་རེད། འདི་ནི་རང་དབང་དང་དམངས་གཙོ་མེད་པའི་རྐྱེན་གྱིས་རེད་ཟེར། ཞིན་ཅང་དུ་ཡུ་གུར་བ་ཕུད་ད་དུང་གྲངས་ཉུང་མི་རིགས་ ༤༠ ལྷག་ཅིག་ཡོད། འདི་དག་ཐམས་དང་རང་དབང་དང་འདྲ་མཉམ་མིན་པའི་གནས་ཚུལ་རྒྱུན་དུ་འབྱུང་གི་ཡོད་ཟེར།

    Reply
  7. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    གཞན། ཡ་ང་སྙིང་རྗེ་མེད་པའི་རྒྱ་ནག་གི་སྟོབས་ཤུགས་ལ་བསམ་ན། ཡུ་གུར་རིགས་ཀྱི་རང་སྲོག་བློས་གཏོང་གི་དཔའ་སྙིང་ལས། བོད་མི་རིགས་ཀྱི་རང་སྲོག་གཅོད་པ་སྡིག་པར་བརྩི་བ་འདི་ཁེ་སྤོགས་མཐོ་ཚད་རེད།

    རྒྱ་ནག་འདི་ལྕགས་གླང་ཞིག་དང་འདྲ་བོ་འདུག གཟབ་གཟབ་མ་བྱས་ན་གྱོང་ཚང་མ་བོད་ནང་གི་བོད་མི་སྤུན་ཟླ་ཚོར་རེག་རྒྱུ་རེད།

    Reply
  8. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    དྲ་བདག་ལུང་རིགས་ལགས།

    ན་ནིང་བོད་ནང་དུ་བྱུང་བའི་དོན་རྐྱེན་ནི་༧གོང་ས་གདན་ཞུ་དང་བོད་རང་དབང་གི་ཆེད་དུ་རེད། རྒྱལ་ཁབ་ཅིག་གི་ཆབ་སྲིད་བདག་དབང་དང་འབྲེལ་བའི་གནད་དོན་ཅན་རེད། ད་ལོ་ཡུ་གུར་བའི་དོན་རྐྱེན་འདི་ཡུ་གུར་བ་མི་གཉིས་བསད་པ་ལ་རྐྱེན་བྱས་ཏེ་བྱུང་བ་རེད་འདུག་ན་ཤ་འཁོན་ཙམ་རེད། འདི་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པ་ཞིག་ཡིན་རྒྱུ་མ་རེད་པཱ།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད་དང་ཞིན་ཅང་མི་འདྲ་ཞིག་ནི་ཁ་ཆེ་ཚོར་རང་སྲོག་བློས་བཏང་གིས་གཏོར་རྒོལ་བྱེད་པའི་ལུགས་སྲོལ་ཞིག་ཡོད། འདི་ཁ་ཆེའི་ཡུལ་ལུང་ཕལ་ཆེ་བར་འདུག རྒྱ་ནག་ནང་ལའང་འདི་འདྲ་ཡོང་མི་སྲིད་པ་མ་རེད། བོད་ཀྱིས་རང་སྲོག་དོར་བ་ནི་ཉེས་པ་ཆེ་ཤོས་ཤིག་ལ་བརྩི་གིན་ཡོད་པ་རེད། འོན་ཀྱང་། བོད་མི་རིགས་ཀྱི་གཤིས་ཀ་ན་སྲོག་འབེན་ལ་འཇོག་ཐུབ་པའི་བློས་བཏང་ཞིག་ཡོད། གནད་དོན་ཚད་འདི་ལྟ་བུ་ཞིག་ལ་མི་འགྲོ་བའི་སྨོན་ལམ་འདེབས་ཀྱིན་ཡོད།

    Reply
  10. ཁྱུང་ཚང་། says:
    ལོ་ 17 སྔོན།

    བདེན ། སྔར་ལོ་བོད་ནང་གི་དོན་རྐྱེན་དེར་རྒྱ་ནག་གིས་བོད་རྒྱའི་དབར་མི་རིགས་ཀྱི་ཞེ་འཁོན་དུ་བསྒྱུར་ཅི་ཐབས་བྱས་པའི་བྱེད་ཐབས་འདི་ཡང་ད་ལྟ་ཡུ་གུར་མི་རིགས་ཀྱི་སྟེང་དུ་བེད་སྤྱོད་གཏོང་བཞིན་འདུག མ་འོངས་པའི་མཇུག་འབྲས་ཅི་ཞིག་འབྱུང་བར་རྒྱ་ནག་དམར་པོའི་གཞུང་འཛིན་རྣམས་ཀྱིས་མི་འགྱང་བར་ཤེས་ངེས་ཡིན། ངོ་མས་གདུག་རྩུབ་ཆེ་རྒྱུ་མང་དྲག་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese