འཆར་ཟླའི་ནང་༧གོང་ས་མཆོག་སུད་སིར་ཕེབས་སྐབས་སུད་སིའི་བློན་ཆེན་བདུན་པོ་གུང་གསེང་ལ་ཕེབས་རྒྱུ་ཡིན་པ་དང་། ཕྱི་སྲིད་བློན་གྱིས་ད་དུང་ཏཱ་ལའི་བླ་མ་ནི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ནི་མ་རེད་ཅེས་ཀྱང་བཤད་ཡོད་འདུག
འཆར་ཟླའི་ཚེས་ ༤ དང་ ༥ ཉིན་༧གོང་ས་མཆོག་སིད་སུའི་ལོ་སན་ནེ་ཞེས་པར་ཕེབས་རྒྱུ་ཡིན་པ་དང་། སྐབས་དེར་སིད་སུའི་སྲིད་གཞུང་གི་སྐུ་ཚབ་མི་སྣས་ཁོང་ལ་ཕེབས་བསུ་གནང་རྒྱུ་མིན་ཚུལ་བསྒྲགས་ཡོད་འདུག ཡིན་ཡང་། སུད་སིའི་བློན་ཆེན་དེ་དག་གིས་གཞུང་འབྲེལ་མ་ཡིན་པའི་རྣམ་པའི་ཐོག་ནས་ཁོང་ལ་མཇལ་འཕྲད་གནང་སྲིད་པ་རེད་ཅེས་ཀྱང་བསྒྲགས་འདུག
དེ་ལྟར་ཡང་། ཁོང་ཉིད་སུད་སིར་ཕེབས་སྐབས་སུད་སིའི་གྲོས་ཚོགས་ལྷན་ཁང་གི་ཚོགས་གཙོ་Chiara Simoneschi-Cortesi ཡིས་༧གོང་ས་མཆོག་ལ་ཕེབས་བསུ་གནང་བར་གྲ་སྒྲིག་ཡོད་པ་རེད་ཅེས་སུད་སིའི་ཕྱི་སྲིད་ལྷན་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ཉེན་འོག་མི་རིགས་ཀྱི་ཚོགས་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་སུད་སིའི་གཞུང་རྒྱ་ནག་གི་གནོན་ཤུགས་འོག་ཚུད་དེ་ཐག་གཅོད་འདི་གནང་བ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།
པེ་ཅིན་གྱིས་འདས་པའི་ལོ་རེ་ཟུང་ནས་ཡུ་རོབ་ཀྱི་སྲིད་གཞུང་ཁག་ལ་༧གོང་ས་མཆོག་ལ་མཇལ་འཕྲད་ཀྱི་སྐོར་ནས་ཁ་རྩོད་རིམ་པར་བརྒྱབས་ཡོད་ལ། རྒྱལ་ཁབ་ཀྱི་འབྲེལ་བ་བཅད་པ་དང་ཚོགས་འདུར་མ་ཞུགས་པ་སོགས་གང་ཐུབ་ཀྱིས་སྐྱོན་བརྗོད་ཀྱི་རྣམ་འགྱུར་སྟོན་གྱིན་ཡོད།
ཉེ་ལམ་༧གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཡུ་རོབ་ནང་གི་བོད་དོན་ལསའ་འགུལ་འཕྲད་ཀྱིན་པའི་དཀའ་ངལ་གསར་བའི་སྐོར་ལ་ཆེད་རྩོམ་ཞིག་བྲིས་ཤིང་། ཡུ་རོབ་སྲིད་གཞུང་དག་གིས་བོད་དོན་ཐོག་མངོན་གསལ་གྱིས་རྒྱ་ནག་གཞུང་ལ་བརྡ་ལན་འབུལ་དགོས་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།
སྤྱིར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཞེས་ཁ་ལ་ཐོག་ཡོད་པ་དེ་ནི་ཁ་གཡར་ས་ཡག་པོ་ཞིག་ལས་དོན་དུ་ཁེ་ཕན་ཞེས་པ་དེ་རེད། ཡོ་རོབ་དང་ཕྱི་གླིང་གང་ཡིན་ཡང་ ད་སྐབས་དངུལ་ལོར་གྱི་བྲན་གཡོག་དུ་གྱུར་ཡོད་པ་བཞིན། འདིའི་ཐད་ནས་ཁེ་བཟང་གང་དུ་ཡོད་ན་དེ་ལ་ཁྱི་བཞིན་རྒྱུག་གི་རེད།
མྱི་མེད་ན་ ཁ་མཐོ་པར་ལྟ་ས་འདྲ་ཨེ་ཡོད་ལ།
པོད ལ པོད ལ
སྤུན་གྲོགས་ཚང་མས་༧རྒྱལ་བའི་འགྲོ་དོན་ལ་ཐུགས་འཁུར་དང་སེམས་འཁྲལ་གནང་བ་དེར་ཐུགས་རྗེ་ཆེ། སྤྱིར་ན་དེང་སང་གི་འཛམ་གླིང་འདི་དཔལ་འབྱོར་གྱི་བྲན་གཡོག་ལ་གྱུར་བཞིན་ཡོད་སྟབས། དྲང་བདེན་ནི་ཁ་གཡང་ཙམ་གྱི་དར་ཆ་ཞིག་ལ་འགྱུར་བཞིན་ཡོད་སྟབས། ༧གོང་ས་མཆོག་ལྟ་བུ་ཞི་བའི་དེད་དཔོན་ཆེན་མོ་ཞིག་ལ་འགྲོ་ལམ་འདི་འདྲ་ཧ་ཅང་དོག་པར་གྱུར་བཞིན་ཡོད་པ་རེད།
དྲ་གྲོགས་འཚེ་མེད་ཞི་བ་ལགས་སུ་ཆེད་སྤྲིངས། སུད་སིས་ ༸གོང་ས་མཆོག་ལ་གཞུང་འབྲེལ་སྣེ་ལེན་མི་བྱེད་ཟེར་བའི་གནས་ཚུལ་ཞིག་སྤེལ་ཡོད་པ་འདི་ཁྱེད་ཀྱི་རྣ་བར་གོ་དུས་་་་་་་ བཀྲིས་བདེ་ལེགས་ཞུ་་་་ཟེར་བའི་ཚིག་འདི་དྲ་ཐོག་ཏུ་བཀོད་པ་འདི་ཅུང་མི་མཛེས་པའི་སྐད་ཆ་ཞིག་རེད།
སྤྱིར་བཏང་གང་བཤད་མ་བཤད་མི་སོ་སོའི་རང་དབང་རེད་ལ་གལ་ཆེན་པོ་རེད་མོད་ཁྱེད་རང་བོད་རིགས་ཞིག་ཡིན་པའི་ཆ་ནས་བོད་སྐད་ནང་དུ་་་་་་་བཀྲིས་བདེ་ལེགས་ཞུ་་་་་་ཟེར་བའི་མིང་ཚིག་དེ་དུས་དང་གནས་བབ་གང་འདྲ་ཞིག་ཏུ་ཚིག་འདི་བཀོད་སྤྱོད་ཇི་ལྟར་བྱེད་མིན་ཁྱེད་ཀྱི་མ་ཤེས་པ་ཞིག་ཨེ་ཡིན།
ནོར་སོང་བ་ཡིན་ན་ཕྱིས་འབྱུང་ལམ་མ་ནོར་ཞིག་ཏུ་འགྲོ་རྒྱུར་བསམ་གཞིགས་མང་ཙམ་གནང་ཐུབ་ན་ཕལ་ཆེར་དགེ་མཚན་ཆེ་བ་མིན་འགྲོ་བཅས་དགོངས་མངའ་ཞུ།
མང་པོ་བཤད་ཀྱང་མི་དགོས་ལ་ཤེས་ཀྱང་མི་དགོས།་ང་ཚོར་དགོས་པ་ནི་འཛམ་གླིང་གི་ཆབ་སྲིད་ཀྱི་རླུང་གི་རྒྱུ་ཕྱོགས་ཤེས་རྒྱུ་དེ་རེད།
ནོར་སོང་པས་དགོངས་འཇག་འཚལ།
བཀྲེས་བདེ་ལེགས་ཞུ།
ཉེ་ཆར་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཡུ་རོབ་སྲིད་གཞུང་ཁག་དང་རྒྱ་ནག་གི་གནོན་ཤུགས་སོགས་ཀྱི་ཐད་རྩོམ་ཡིག་ཅིག་བྲིས་འདུག་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ད་རེབ་ཀྱི་སུད་སིའི་གནད་དོན་འདི་ཡང་ཁོང་གིས་གསུངས་པའི་གནད་དོན་དག་དང་གཅིག་མཚུངས་རེད།
ཡིན་ཡང་སུད་སིའི་བློན་ཆེན་རྣམ་པ་གུང་གསེང་ལ་ཕེབས་ཀྱི་ཡོད་པ་དང་། དེ་དང་བསྟུན་ནས་ཁོང་ཚོས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་མཇལ་འཕྲད་གནང་སྲིད་པ་རེད་ཅེས་ཕྱི་སྲིད་ལས་ཁུངས་ཀྱིས་བསྒྲགས་པར་བལྟས་ན། ཁོང་ཚོ་༧གོང་ས་མཆོག་ལ་མཇལ་རྒྱུའི་ཆེད་དུའང་ཡིན་སྲིད་པ་རེད།
དེང་སྐབས་ཕྱི་རྒྱལ་གྱི་དཔོན་པོ་ཚོར་ཡང་དཀའ་ཁག་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད། ༧གོང་ས་མཆོག་ནི་འཛམ་གླིང་གི་དབུ་ཁྲིད་ཅིག་ཏུ་གྱུར་བ་དང་། རྒྱ་ནག་ཡང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་བར་བརྟེན། ཕྱི་རྒྱལ་གྱི་དཔོན་རིགས་ཚོར་མཚོན་ན་༧གོང་ས་མཆོག་ལ་མཇལ་ན་མི་འགྲིག་ལ། མ་མཇལ་ནའང་མི་འགྲིག་པའི་སྐབས་སུ། མཚམས་རེར་༧གོང་ས་མཆོག་ཕེབས་སྐབས་ཁོང་ཚོ་རྒྱལ་ཁབ་གཞན་པར་གཟིགས་སྐོར་ལ་ཕེབས་པ་དང་། ཡང་མིན་ན། གུང་གསེང་ལ་ཕེབས་པ་སོགས་ཐབས་བཀོད་འདྲ་མིན་བརྒྱུས་གཡོལ་གྱིན་ཡོད་པ་རེད།
ཡང་ཡང་ལྟ་དགོས།
༡༩༥༩ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་མཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་༡༩༧༣ ལོར་ཐེངས་དང་པོར་སུད་སིའི་རྒྱལ་ཁབ་ཏུ་སྐུ་ཕེབས་གནང་མཐུས་ཆོག་པའི་མཐོང་ཆེན་ཕྱག་ཁྱེར་བསྩལ་བ་ནས་བཟུང་རིམ་བཞིན་འཛམ་གླིང་ཡུལ་གྲུ་དུ་མར་ཞབས་ཀྱི་བཅགས་ཏེ་ད་ཆ་བོད་མི་རིགས་ཟེར་བ་དེ་འཛམ་གླིང་འདིར་ངོ་གནོམ་མི་དགོས་པ་ཞིག་ཆགས་ཡོད།
ཐེངས་འདིར་སུད་སིའི་ཕྱི་སྲིད་ལྷན་ཁང་ནས་གནས་ཚུལ་འདི་འདྲ་ཞིག་སྤེལ་ཡོད་ཀྱང་དེ་ལ་རྒྱལ་ཁབ་སོ་སོའི་ཕྱི་ནང་གི་སྲིད་བྱུས་ཀྱི་གཞི་རྩ་བཟུང་སྟངས་མི་འདྲ་བའི་དབང་ལས་དེ་མིན༸ གོང་ས་མཆོག་ལ་མཆེད་མཐོང་མ་ཞུས་པའི་གནད་དོན་ཞིག་གཏན་ནས་ཡིན་མི་སྲིད།
དེར་བརྟེན་ང་ཚོས་ཀྱང་རྒྱལ་ཁབ་རིམ་པའི་སྲིད་དོན་དང་། ཐབས་ཇུས། སྤྱི་ཚོགས་ཀྱི་གནས་ཚུལ་སོགས་ཕཽགས་ཡོངས་ལ་དབྱེ་ཞིབ་བྱེད་ཐུབ་པ་དགོས།།
སྐྱོན་མི་འདུག གང་ལྟར་སུད་སི་གཞུང་ནས་༸གོང་ས་མཆོག་སུད་སིའི་ནང་ཕེབས་རྒྱུ་དེར་དགག་བྱ་མེད་པ་ཧ་ཅང་གསལ་པོ་རེད། གལ་སྲིད་དེ་ལྟར་མིན་ཚེ་སུད་སིར་ཕེབས་རྒྱུའི་ཐོངས་མཆན་ཕུལ་སྲིད་ཀྱི་མ་རེད། སུད་སི་གཞུང་ནས་སྣེ་ལེན་ཡོད་མིན་མ་ལྟོས་པར་གང་་ལྟར་སུད་སིའི་དམངས་ཁྲོད་དུ་༸༌གོང་ས་མཆོག་ལ་དད་གུས་ཡིད་སྨོན་ཞུ་མཁན་ཧ་ཅང་མང་པོ་ཡོད་སྟབས་རྒྱ་མིའི་གནོན་ཤུགས་དང་སྡུག་སྐད་ག་ཚོད་བརྒྱབ་ཀྱང་སུད་སིའི་ནང་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་མ་ཟད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་དང་གཞུང་འབྲེལ་ཐོག་མཇལ་འཕྲད་གནང་རྒྱུ་རེད། དེར་བརྟེན་རྒྱ་མི་ཚོ་་ཁའི་ནང་སྐྱག་པ་བཅུག་ནས་སྡོད།།
རྒྱ་དམར་གྱི་གྲིབ་ནག་ཕོགས་འདུག་ཀྱང་། དྲིལ་བསྒྲགས་འདི་ཕྱི་ཚུལ་རང་ཡིན་པར་སྨོན།