མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་པཎ་ཆེན་ངོ་མ་མིན་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་པར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། ཁོང་གནས་འདིར་མ་ཕེབས་པའི་ཟླ་ཕྱེད་ཙམ་གྱི་སྔོན་ལ་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུ་ལགས་ཀྱིས་བོད་མི་འགའ་རེ་ལ། ང་པཎ་ཆེན་ངོ་མ་དེ་མིན། པཎ་ཆེན་ངོ་མ་དེ་༧རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བ་དེ་རེད་ཅེས་སྐད་ཆ་ཞིག་བཤད་ཡོད་པ་མི་མང་ནང་ཁྱབ་ནས་བོད་མི་མང་བོ་ཞིག་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་ལ་མཇལ་དུ་ཕེབས་མེད་པའི་སྐོར་ཟླ་འདིའི་ཚེས་ ༡༦ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་ལ་བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།

མཆན། 23

  1. ཨ་ཆོས་འཛིན། says:
    ལོ་ 16 སྔོན།

    དངོས་གནས་བདེན་པར་ཤོག

    Reply
  2. bhare says:
    ལོ་ 16 སྔོན།

    རྭ་ལོ་ཁྱེད་སྐྱིད་པོ་ཡོང་བའི་སྨོན་ལམ།
    སྐད་ཆ་འདི་ཁང་གི་་ཐུན་མོང་མ་ཡིན་པའི་འདོད་པ་ཞིག་ཡིན་པ་འདྲ། བཤད་རོག་གནང་དེ་ཁས་ལན་མཁན་སུ་གང་ཡང་ཁི་མ་རེད་ལོ།

    Reply
  3. bhare says:
    ལོ་ 16 སྔོན།

    སྐད་ཆ་འདི་ཁོ་རང་གི་ཐུན་མང་མ་ཡིན་པའི་འདོད་་པ་ཞིག་ཡིན་པ་འདྲ་བཤད་རོག་གནང་། དེ་ངོས་ལན་གནང་མཁན་སུ་གང་ཡོང་ཁི་མ་རེད་ལོ།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    བདག་ལ་མཚོན་ན། གནས་ཚུལ་དེ་བདེན་པ་ཨེ་ཡིན་ནམ་སྙམ། སྤྱིར་ང་ཚོ་བོད་མི་ཚོ་དཀྲོག་གཏམ་ལ་དགའ་བོ་ཞེ་དྲག་ཡོད། གནས་ཚུལ་གང་ཞིག་ཡིན་ན་ཏན་ཏན་དོན་དོན་བྱེད་རྒྱུ་གསར་འགོད་པ་ཚོས་འོས་འགན་ཆེ་ཤོས་རེད། སྤྱིར་སྤྱི་ཚོགས་གི་གཏམ་ལ་འདྲ་མིན་ཡོད།

    Reply
  5. མཁར་རྔ་། says:
    ལོ་ 16 སྔོན།

    གལ་སྲིད་བདེན་ན་གཟི་བརྗིད་རེད། གཞན་རྒྱན་ནོར་རྒྱབ་ཏུ་མེ་མདེལ། ལུས་དང་གྲིབ་མ་བཞིན་ནམ་ཡང་འབྲལ་མེད་ཀྱིས་རང་མོས་རང་དབང་གཏན་བྲལ་ཡིན་པ་གདོན་མི་ཟ།
    དུས་སུ་བལྟ་དུས་སྤྱིར་བཏང་བ་ཞིག་མིན་ཚུལ་གྱི་གླེང་གཞི་མང་པ་དེ་དག་ང་ཚོས་དཔྱད་གཞིར་འདེམས་དགོས་གལ་ཆེ་སྙམ།

    རྭ་ལོས་བཤད་ཡམ་དེ་ཞོགས་དུང་སོགས་ཀྱི་ལད་ཟློས་རང་ཡིན་པའི་ཚོར་སྣང་སྟེར། བྱུང་རྒྱལ་དུ་སྨྲས་པར་ཚིག་དམེ་འདོན་རེས་དེ་བཟང་སྤྱོད་དང་མཐུན་མིན་བརྩི་སྲུང་མི་དགོས་སམ།

    ཡིན་ནས་སྨྲ་བརྗོད་རང་དབང་ལ་སུས་ཀྱང་བཀག་བསྐྱིལ་གནང་ཐབས་མེད་ཀྱང་། དངོས་བདེན་ལ་ཕན་གནོད་ཐུགས་སྣང་འཚལ།

    Reply
  6. འཚེ་མེད་ཞི་བ། says:
    ལོ་ 16 སྔོན།

    དེ་ནི་ཤིན་ཏུ་ལེགས་སོ།

    Reply
  7. རྭ་ལོ། says:
    ལོ་ 16 སྔོན།

    གླག་གིས་འཁུར་རྒྱུ་བོ་གན་གིས་ང་ལ་ཅིག་བཤད་འདུག

    Reply
  8. རི་བོང། says:
    ལོ་ 16 སྔོན།

    དབང་དང་གོ་ཐོབ་སོགས་ཟ་རྒྱུ་འཐུང་རྒྱུ་ཡོད་པའི་ལས་གནས་ཤིག་ལ་སྐྱ་སེར་ཚང་མས་ཤི་འཐམ་རོ་འཐམ་བྱེད་ཀྱིན་པའི་དུས་འདིར། ཟ་འཐུང་འཛད་མེད་ཡོད་པའི་གོ་ཐོབ་ཞིག་མགོ་ལ་བཙན་གྱིས་བཞག་ནའང་ངོས་ལེན་མེད་པའི་རྣམ་འགྱུར་ཙམ་སྟོན་ཐུབ་པ་ནི་ངོ་གཟི་བརྗིད་རེད། ང་ཚོའི་རྩོམ་པ་པོ་དང་བསམ་བློ་བ་ཡིན་ཟེར་མཁན་སྐུ་ངོ་དང་སྐུ་ལོ་ཚོར་མཆིལ་ཞགས་འཕེན་མཁན་མང་པོ་ཞིག རང་ཉིད་ལ་ཐོབ་ཐང་དེ་རེག་དུས་འཇམ་ཐིང་ངེར་བཞུགས་ཡོད་པ་མ་མཐོང་ངམ། ཨ་ཤུ་རེ་གོ་ར་ལོ་ཡང་དེ་འདྲ་ཞིག་རེག་ན་ཅི་མ་རུང་། ཡིན་ནའང་ཁོ་ད་ཁ་བཤད་ཆུ་ཡི་ལྦུ་བ་དེ་མ་གཏོགས་ཅི་ཡང་མེད་མཁན་དེ་ཡིན་རྒྱུ་རེད།

    Reply
  9. བཀྲ་ཤིས། says:
    ལོ་ 16 སྔོན།

    རྭ་ལོ་ལགས། པན་ཆེན་ངོ་མ་ཞིག་མེད་ཟེར་བ་དེ་གནས་ལུགས་ཡོད་པའི་སྐད་ཅིག་མ་རེད། གལ་ཏེ་ཁྱེད་རང་གིས་དེའི་སྐོར་རྒྱུ་མཚན་ཡང་དག་རེ་རྙེད་པ་ཡིན་ན་གླེང་བའི་སྐབས་སུ་བབས་འདུག། དེ་མིན་དཀྲོག་གཏམ་ཡིན་ན་སྐད་འདིས་ཁྱེད་རང་གི་སེམས་པ་སྐྱིད་པོ་ཡོང་བར་ཤོག།

    Reply
  10. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་ཨ སྤྱིར་སུ་ཞིག་པན་ཆེན་རིན་པོ་ཆེའི་ཡང་སྤྲུལ་ཡིན་མིན་འདི་སོ་སྐྱེ་འམ་མི་སྤྱིར་བཏང་བའི་ངོར་སྐོག་གྱུར་ཞིག་རེད། དངོས་གནས་སུ་ཞིག་ཡིན་མིན་ནམ་ཡང་ཐག་གཅོད་མི་ཐུབ། དེས་ན་སྐྱེ་བ་སྔ་ཕྱིའི་བསྒྱུད་རིམ་མཁྱེན་མཁན་གྱི་སྐྱེ་བུ་ཚད་མ་ཞིག་ལ་ཡིད་སྟོན་བྱས་ནས་ཐག་གཅོད་བཞིན་ཡོད་པ་རེད། དེ་ནམ་རྒྱུན་གྱི་འགྲོ་ལུགས་ནི།
    གང་ལྟར་ཡང་མི་མང་གིས་སུ་ཞིག་ལ་པན་ཆེན་རིན་པོ་ཆེ་ཡིན་པས་བརྩི་མཐོང་མེད་ན། ང་པན་ཆེན་རིན་པོའི་ཡང་སྲིད་སོགས་ཡིན་ཞེས་སྨྲས་པ་ལས་མིན་ཞེས་སྨྲས་ན་མི་མང་ལ་བརྩི་མཐོང་དེའི་ཆེ།
    མི་མང་གང་ལ་དགའ་དེ་ཚད་མ་དང་། །
    ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣང་། །
    བཅུ་ཡིས་འདོད་པ་བརྒྱ་ཡི་མི་འདོད་ཅིང་། །
    མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །
    བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད། །
    ཅེས་སོགས་གསུངས་པ་ནང་བཞིན་གནས་སྐབས་མི་མང་གང་ལ་དགའ་བ་དེའི་ཐོག་ཏུ་འགྲོ་རྒྱུ་མ་རེད་དམ།

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    སྟག་ཤར་བའི་ཁོག་ལ་ཚིག་ཆུད་དགོས།།
    སྨན་བུ་མོའི་ཁོག་ལ་བུ་ཆུད་དགོས།།
    ཞེས་པའི་གཏམ་དཔེ་དེར་དོ་དགོང་བསམ་བློ་ནན་མོ་ཞིག་གཏོང་རོགས་ཞུ།
    དེ་མ་གཏོགས་ཁྱེད་ལ་ཞུ་རྒྱུ་ཅི་ཡང་མེད།

    Reply
  12. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ཨོ་་་་་་མ་བསམ་ས་ནས་ཁྱོད་ཁོང་ཁྲོ་ལངས་ཡོད་ས་རེད།
    དགོངས་དག་དགོངས་དག

    Reply
  13. རྭ་ལོ། says:
    ལོ་ 16 སྔོན།

    འབྲོག་རུ། ངས་གནས་ལུགས་བཤད་ཡོད། གནས་ལུགས་དེ་མདོར་བསྡུས་པོ་དང་ཁ་གསལ་བོ་བྱས་ནས་བཤད་ཡོད། མི་འདི་ཚོས་གནས་ལུགས་མི་ཤེས་སྟབས་ང་ལ་གླང་རྒོག་ཡིན་ན་ཅིག་རེད་ཟེར། དེ་ནས་ཕྱིར་ཚིག་སློག་ཅིག་བརྒྱབས་ན་མ་གཏོགས་འདི་ཚོར་གནས་ལུགས་ནི་འགྲོ་གི་མ་རེད།

    དེ་ནས་ཁྱོད་ལྟར་ན། ང་སོང་ས་བསྡད་ས་ན་ཚིག་རྩུབ་དང་འཕྱ་སྨོད་མང་རབས་ཟེར། ཁྱོད་ལ་འདྲེན་རྒྱུ་ཡོད་དམ། ཁྱོད་ཀྱིས་སྔོན་ཆད་མཐོང་ཡོད་ཀྱི་རེད། བོད་ཡིག་གི་དྲ་ཐོག་འདི་དག་ན་མི་མེད་བཞིན་དུ་གྲི་གཡུག་དང་། མི་མེད་བཞིན་དུ་གདོང་ལ་མཆིལ་ཞགས་འཕེན་མཁན། མི་ཤི་སྟེ་དགོང་ཞག་མ་ཚང་གོང་ནས་བླ་རྐང་བརྡུང་མཁན་འདུག་ག དེ་དག་ལ་ཁྱོད་ཀྱིས་ཅི་ཟེར་རྒྱུ་ཡིན། ཁྱོད་ཀྱིས་ཀྱང་གནས་ལུགས་ངོ་མ་ཞིག་བཤད་ཀྱིན་མི་འདུག་གོ།

    Reply
  14. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ར་ལོ་ལགས།
    དེ་འདྲ་མ་བྱེད། གནད་དོན་གླེང་རྒྱུ་གལ་ཆེན་ཡིན་པ་མ་གཏོགས། གཅིག་གིས་གཅིག་ལ་མཚང་འདྲི་བ་དང་དམོད་ཚིག་འདེབས་པ་སོགས་བྱས་ན་འོས་འཚམ་མ་རེད།
    རྗེས་ཕྱོགས་ཚིག་རྩུབ་ལ་འཛེམ་རོགས་གནོང་།
    ཁྱེད་རང་ཡོད་ས་ན་ཚིག་རྩུབ་དང་འཕྱ་སྨོད་ཅུང་ཙམ་མང་བོ་མཐོང་སོང་།
    སྐད་ཆ་འདི་དག་ཁྱེད་ཀྱི་ཐུགས་ལ་འགལ་བ་ཡོད་ན་དགོངས་དག་ཞུ་རྒྱུ་ལས་གཞན་གང་ཡང་མེད།

    Reply
  15. རྭ་ལོ། says:
    ལོ་ 16 སྔོན།

    ཨ་ལ་ལ་ཟེར་བ་དང་། ཚ་ཕྲུག་འདུན་མཚོ་གཉིས། ངས་བཤད་མ་ཤེས་པ་རེད་དམ། ཁྱོད་གཉིས་ཀྱིས་ཉན་མ་ཤེས་པ་རེད། ངས་བཤད་འདོད་པ་ནི་པན་ཆེན་གཅིག་པུ་མིན། ད་དུང་སྤྲུལ་སྐུ་ཡིན་ཟེར་མཁན་དེ་དག་ཚང་མ་ཡིན། བོད་པ་ཚོ་མ་གཏོགས་ཅིག་གི་སྤྲུལ་སྐུ་ཡིན་ཟེར་ནས་མགོ་གཡོག་མགོ་སྐོར་གྱི་ལས་ཀ་དེ་འཛམ་བུ་གླིང་འདི་ན་སུས་བྱེད་ཀྱིན་འདུག ངོ་མ་གླང་ཀོག་རང་རེད།

    Reply
  16. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    རྒྱ་ནག་གི་པཎ་ཆེན་བླ་མས་ང་རང་པཎ་ཆེན་ངོ་མ་དེ་མིན་རབས་མང་བོ་ཞིག་གོ་རྒྱུ་ཡོད་ནའང་། དོན་དངོས་ཀྱིས་རྒྱ་ནག་གིས་གོང་ས་མཆོག་གིས་ངོས་འཛིན་གནང་བ་དེ་ལྐུགས་པ་ཆགས་སུ་འཇུག་གི་ཡོད།
    རྗེས་ཕྱོགས་ཡོན་ཏན་ཞིག་གི་ཐོག་ནས་ཁོ་གཉིས་འགྲན་བསྡུར་བྱེད་དུ་བཅུག་ན་ཏག་ཏག་གང་ལ་ཕམ་ཁ བྱུང་བར་བཤད་མ་དགོས་པ་ཞིག་རེད།
    རྒྱ་ནག་ལ་འདི་འདྲའི་དམིགས་ཡུལ་དང་ཕུག་བསམ་མེད་པ་ཞིག་ཁྱོན་ནས་མ་རེད།

    Reply
  17. ཚ་ཕྲུག་འདུན་མཚོ་ says:
    ལོ་ 16 སྔོན།

    གྲོགས་པོ་ར་ལོ་ལགས་དོན་དངོས་པཎ་ཆེན་ཞིག་མེད་ཞེས་པ་དེ་སྐུ་ཉིད་ཀྱི་སེམས་སུ་མེད་ཟེར་རམ་ཡང་ན་བོད་མིའི་སེམས་སུ་མེད་ཟེར།
    པཎ་ཆེན་ཆུང་སྲིད་མཆོག་རྒྱ་དམར་གྱིས་བཙོན་དུ་ཡོད་པ་ཁྱོད་ཀྱི་རྗེད་སོང་བ་
    རེད་དམ་སྐད་ཆ་བཤད་ཤེས་བ་ཙམ་མ་ཏོག་གླང་རྒོག་རང་རེད་།

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཉེས་པ་མེད་སའི་བོད་ཀྱི་ཕྲུ་གུ་ཞིག་ལ་ལོ་མང་རིང་བོད་གཞིས་བྱེས་གཉིས་ནས་སྡུག་དམོད་བྱས་པ་རེད། ཡིན་ཡང་། ཉེས་པ་མེད་པའི་བོད་ཀྱི་ཕྲུ་གུ་དེ་ནི་བོད་ཀྱི་མཁས་དབང་མི་ཉུང་བ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་ལྟར་རང་ནུས་གང་ཐུབ་ཀྱིས་བོད་མི་རྣལ་མ་ཞིག་ཏུ་བསྐྱེད་སྲུང་བྱས་དེ་ད་ནི་འཚར་ལོངས་བྱུང་ཡོད་པ་རེད། དེ་ནི་བོད་མི་ཞིག་ལ་མཚོན་ན་དགའ་འོས་པའི་བྱ་བ་ཞིག་ཡིན་ཟེར་ནས་བཤད་ཆོག་པ་རེད།

    Reply
  19. བྱ་གཞུང་དཔལ་རྡོར། says:
    ལོ་ 16 སྔོན།

    པན་ཆེན་རིན་པོ་ཆེའི་སྤྲུལ་སྐུ་གཉིས་བྱུང་བ་ནི་རྒྱ་དམར་དང་བཙན་བྱོལ་བོད་པ་ཚོས་ཆབ་སྲིད་ཀྱི་རྩེད་མོ་ཞིག་རེད།གལ་སྲིད་པན་ཆེན་ངོ་མ་རྒྱ་གར་དུ་བདེན་འདྲེན་ཞུ་ཡོད་ན་འདི་ཚོད་ལ་འགྲོ་རྒྱུ་མ་རེད།ཐོག་མར་བཙན་བྱོལ་གཞུང་གི་གནད་ཡོད་མི་སྣ་ཚོས་བསམ་བཞིན་དུ་པན་ཆེན་སྐུ་ཐག་བཅད་ནས་བོད་ནང་དུ་རྙོག་དྲ་བསླངས་ཏེ་རྒྱ་དམར་གྱི་ཆབ་སྲིད་ལ་འདྲོགས་བསླང་མོད།རྡོ་གནམ་ལ་འཕང་ནས་ཕྱིར་རང་གི་མགོ་ལ་ཟགས་པའི་དཔེ་ལྟར་མཐའ་མར་གྱོང་རག་མཁན་ནི་བོད་པ་རང་ཉིད་ཆགས་པ་རེད།
    རྒྱལ་མཚན་ནོར་བུ་རྒྱ་མིས་ཐག་བཅད་པ་ཞིག་ཡིན་ནའང་ཁོང་བོད་པ་ཞིག་དང་བསོད་ནམས་ཅན་ཞིག་ཡིན་ངེས་པས་ད་དུང་ང་ཚོས་ཁོར་སྡུག་དམོད་བྱེད་མི་རུང།ཉིན་ཞིག་པན་ཆེན་སྐུ་གོང་མ་ལྟར་པན་ཆེན་རིན་པོ་ཆེའི་སྤུལ་སྐུར་ངོས་བཟུང་དགོས་ཐུག་སྲིད།ཁོར་སྐྱོན་བརྗོད་བྱེད་པ་ལས་རྒྱ་ནག་གཞུང་གི་ཁོ་ཅི་ཞིག་ལ་བེད་སྤྱོད་བྱེད་ཀྱི་ཡོད་མེད་ལ་ཞིབ་འཇུག་བྱས་ན་བཟང་སྙམ།

    Reply
  20. ཨརྱ། says:
    ལོ་ 16 སྔོན།

    བཤད་ཡམ་མིན་ན་སྔར་ནས་རྒྱལ་མཚན་ནོར་བུས་སྐད་ཆ་དོན་སྙིང་ཅན་མང་དག་ཅིག་བཤད་རབས་འདུག དེ་བདེན་ན་ངོ་མ་རླབས་ཆེན་རེད། གུས་བརྩི་བྱེད་འོས་པ་རེད་ལ་ང་ཚོས་དེ་དག་བདེན་མིན་རྩད་ཞིབ་ཀྱང་བྱེད་དགོས་ངེས་རེད། འདིའི་ཐད་གསར་འགྱུར་ལས་མི་ཁག་དང་ཚོགས་པ་ཁག་གིས་འགན་གཙོ་བོ་འཁུར་ན་འགྲིག་གི་ཡ།

    Reply
  21. བདེ་བ་ཅན། says:
    ལོ་ 16 སྔོན།

    ཁོང་ནས་རང་ཉིད་པཎ་ཆེན་ངོ་མ་མིན་ཞེས་པའི་དགོངས་ཚུལ་གསུངས་པ་དེ་ཐེངས་གཅིག་ཙམ་མ་རེད་ལ། ཚོགས་་ཆེན་ཆེ་བ་ཞིག་གི་སྟེང་ཁོང་ནས་གཏམ་བཤད་བྱ་རྒྱུ་མིན་པའི་དགོངས་་ཚུལ་གསུངས་ཡོད་པ་སོགས་ནི་བསམ་ན་དངོས་གནས་ངོ་མཚར་ཆེ་བ་ཞིག་རེད། ད་དུང་པཎ་ཆེན་རིན་པོ་ཆེའི་ཆུང་སྲིད་སྐུ་དངོས་ཀྱི་ད་་ལྟའི་གནས་སྟངས་ནི་ཧ་ཅང་བློ་ཚབས་སྐྱེ་གཞིའི་གནས་སུ་གྱར་ཡོད།
    ཚོགས་པ་མང་པོ་ཞིག་ཡོད་ཀྱང་ཁོང་ཚོས་ས་གནས་ས་ཐོག་ཏུ་མི་སྣ་་ཆེད་གཏོང་གིས་བརྩད་ཞིབ་བྱ་རྒྱུའི་ནུས་པ་ལྡེང་གི་མེད་སྟབས་ད་ལྟ་དགུང་ལོ་དེ་་ཙམ་ཕེབས་ནའང་སྐུ་དཔར་གཅིག་ཙམ་ལས་མཐོང་རྒྱུ་མེད་པ་སོགས་ནི་དངོས་གནས་དངས་འཚབ་བྱ་དགོས་པ་ཞིག་འདུག
    བོད་རིགས་ལས་བྱེད་དང་ཚོང་པ། རྒྱ་མི་དང་འབྲེལ་འདྲིས་ཤིན་ཏུ་ཆེ་བའི་མི་སྣ་མང་དག་ཞིག་ཡོད་ཀྱང་གང་ཉིད་་ཀྱི་ཡང་སྲིད་ངོ་མའི་གནས་སྟངས་ཞིབ་ཕྲ་ཞིག་ད་བར་སུ་གང་གི་ཀྱང་ཤེས་རྟོགས་མེད་པར་གྱུར་བ་ནི་དངོས་གནས་སེམས་་སྐྱོ་དགོས་པ་ཞིག་འདུག
    དེ་ལྟར་ན་བཀྲིས་་ལྷུན་པོ་དགོན་པ་གཙོས་ཁོང་གི་དོན་དུ་གཉེར་བཞིན་པའི་ཚོགས་པ་ཁག་གིས་གནད་དུ་ཕིགས་པའི་ལས་འགུལ་ཞིག་ད་བར་སྤེལ་ཐུབ་མེད་པར་ང་རང་བློ་ཕམ་ཡོད།།

    Reply
  22. ཨ་ལ་ལ says:
    ལོ་ 16 སྔོན།

    རྭ་ལོ་ལགས་།སྐབས་དོན་ངོས་མ་ཟིན་པར་མི་ལ་སྐྱོན་བཤད་པའི་གཤིས་ཀ་འདི་མི་ལེགས་པས་བསྒྱུར་ན་བཟང་།

    Reply
  23. རྭ་ལོ། says:
    ལོ་ 16 སྔོན།

    པན་ཆེན་ངོ་མ་ཞིག་སྤྱིར་ཡོད་པ་མ་རེད། མེད་བཞིན་དུ་ང་མིན་ཁོ་རེད་དང་། ཁོ་མ་རེད་ང་ཡིན་ཟེར་སྲོལ་ག་ལ་ཡོད། བོད་མི་རིགས་འདིར་མི་དགོས་རྒྱུ་ཐམས་ཅད་དགོས་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese