མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་འཚོལ་བ །

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཅིག་ནང་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་བཀའ་བློན་ཁྲི་པ་འཚོལ་ཕྱོགས་སྐོར་དང་། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཞུགས་ཐབས་ཡོད་མེད་བཅས་ཀྱི་ཐད་དུ་བགྲོ་གླེང་དང་གླེང་སློང་གི་རླབས་རྒྱུན་གསར་བ་འཕྱུར་གྱིན་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་རེ་གཟའ་ཉི་མའི་ཉིན་གུང་ཆུ་ཚོད་ ༢ ཙམ་ལ་རྒྱ་གར་བྱང་ཤར་ནཱ་གྷ་ལན་ཌི་མངའ་སྡེའི་བོད་མི་གནས་ཡུལ་རྡེ་མ་སྤུར་ཕ་མའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྡེ་མ་སྤུར་སྐྱིད་སྡུག་ཚོགས་པའི་ཚོགས་ཁང་དུ་འབྱུང་འགྱུར་སྤྱི་ལོ་ ༢༠༡༡ ལའི་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་དང་མི་དམངས་ལ་བསམ་ཚུལ་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་དེའི་སྐུ་མགྲོན་གཙོ་བོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་སྐྱིད་སྡུག་གི་ཚོགས་གཙོ། བརྒྱུད་སྟོད་གྲྭ་ཚང་གི་སྐུ་ཚབ་བཅས་ཕེབས་ཡོད་འདུག བགྲོ་གླེང་དེར་མ་འོངས་བཀའ་བློན་ཁྲི་པ་འདེམ་ཕྱོགས་སྐོར་ལ། ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་གདམ་དགོས་ཟེར་མཁན་ཕྱོགས་ཁག་གཅིག་དང་། ཟམ་གདོང་རིན་པོ་ཆེ་བསྐྱར་དུ་གདམ་མི་རུང་ཟེར་མཁན་ཕྱོགས་ཁག་གཅིག་བཅས་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་སུ་བགོས་ཏེ། ས་གནས་མི་དམངས་དང་ལྷན་དུ་བགྲོ་གླེང་གནང་ཡོད་འདུག

 

སྐབས་དེར་ས་གནས་འོས་བསྡུ་ལྷན་ཁང་གི་འགན་འཛིན་བཀྲ་ཤིས་ལགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཟུར་བ་ཚེ་རྣམ་ལགས་རྣམ་གཉིས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། བཀའ་བློན་ཁྲི་པ་དེ་བསྟུད་མུར་ཐེངས་གཉིས་ལྷག་བསྡད་མི་ཆོག་ཚུལ་བཀོད་ཡོད་པ་མ་ཟད། ད་ལྟ་ང་ཚོ་ཨུ་ཐུག་སྟེ་མི་གཅིག་ལ་བལྟས་ནས་སྡོད་དགོས་པའི་གནས་སུ་ལྷུང་མེད་ཚུལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་ཤེས་འཇོན་གཉིས་ལྡན་ཅན་མང་པོ་ཡོད་སྐོར། དམངས་གཙོའི་གཞུང་ཞིག་ལ་མཚོན་ན་མི་དམངས་ཡོངས་ཀྱིས་བཅའ་ཁྲིམས་ལ་བརྩི་བཀུར་བྱ་དགོས་པ་དང་། ལྷག་པར་དུ་གང་ཟག་ལ་བལྟས་ཏེ་ཁྲིམས་ལ་བསྒྱུར་བཅོས་གཏོང་མི་རུང་ཚུལ། གལ་སྲིད་གང་ཟག་གཅིག་གི་དགོས་མཁོར་གཞིགས་ཏེ་གཞུང་གི་བཅའ་ཁྲིམས་ལ་འགྱུར་བ་བཏང་ན། འབྱུང་འགྱུར་དཀའ་ངལ་བསྟུད་མུར་འཕྲད་སྲིད་པའི་ཉེན་བརྡ་དང་སྦྲགས་ཏེ། ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་གདམ་ཐབས་མེད་སྐོར་བརྗོད་ཡོད་འདུག

 

དེ་བཞིན། ཕ་མའི་ལྷན་ཚོགས་ཀྱི་འགན་འཛིན་དབང་ཕྱུག་ལགས་དང་ས་གནས་སྐྱིད་སྡུག་གི་ཚོགས་གཙོ་ཟུར་བ་བསམ་འགྲུབ་རྡོ་རྗེ་ལགས་རྣམ་གཉིས་ཀྱིས། ང་ཚོའི་གཞུང་དེ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ཡིན་སྟབས། ད་ལྟའི་ཛ་དྲག་གཉན་འཕྲང་གི་དུས་འདིར་ཆོས་སྲིད་གཉིས་ཀྱི་བྱ་བཞག་ལ་མཁྱེན་རྒྱ་ཡངས་བ། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལས་ལྷག་ཅིག་མེད་སྐོར་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་སྐབས་ཀྱི་བཙན་བྱོལ་གཞུང་དམངས་ཀྱི་སྒྲིག་འཛུགས་ཕོ་འགྱུར་དང་། དཔལ་དང་ཤེས་ཡོན་སྲིད་བྱུས་འཕེལ་རྒྱས་འདི་ལྟ་བུ་ཞིག སྔར་བཀའ་བློན་ཁྲི་པ་རིམ་བྱུང་གང་གི་སྐབས་སུ་ཡང་བྱུང་མྱོང་མེད་པ་མ་ཟད། ལྷག་པར་དུ་བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱུད་ལ་དངོས་ཤུགས་བརྒྱུད་གསུམ་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། གཞུང་གི་བཅའ་ཁྲིམས་ཟེར་བ་དེ་ཡང་རྩ་དོན་གྱི་དགོས་མཁོར་འགྲོ་ཞིང་། མི་དམངས་ཀྱི་མངོན་འདོད་དང་མཐུན་པ་ཞིག་ཡིན་དགོས་སྟབས། མང་ཚོགས་ཀྱིས་སྤྱི་འཐུས་གྲོས་ཚོགས་ལ་རེ་སྐུལ་བརྒྱུད་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་སྟེ།  ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་བློན་ཁྲི་པར་གདམ་དགོས་སྐོར་བརྗོད་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དྲན་སྐུལ་བྱས་པ་ཐུགས་རྗེ་ཆེ། དེ་ཡིན་དུས་རིན་པོ་ཆེ་ཁྲིམས་སྒྲིག་དང་དགུང་ལོ་གང་ཅིའི་ཐད་ནས་གངས་སྐྱིད་ཀྱི་ར་སྐོར་ནང་དུ་བཞུགས་ཐུབ་ཀྱིན་མེད་པ་འདྲ།

    Reply
  2. བློ་ལྡན། says:
    ལོ་ 16 སྔོན།

    ཟམ་གདོང་བཀའ་ཁྲི་བསྐྱར་དུ་ཡོང་བའི་སྒོ་ཞིག་གནས་ལུགས་དང་རྒྱུ་མཚན་གང་གི་ཐོག་ནས་ལྟོས་ན་རྩ་ནས་མེད་ལ། བོད་ཞེན་ཆེ་མདོག་གི་སྐབས་འཚོལ་བ་ཁ་ཤས་ཀྱིས་སྲིད་ན་མེད་པའི་ཞབས་འདྲེན་གྱི་ལས་ཀ་འདི་འདྲའི་ཐད་ལ་འདྲེ་ལག་མ་བརྐྱང་རོགས། འབྱུང་འགྱུར་བཀའ་བློན་ཁྲི་བ་དེ་ཐེངས་དང་བོ་བླ་མ་དང་གྲྭ་བ་ཡིན་མི་ཉན་ལ། ཐེངས་གཉིས་པ་དེ་སྐུ་དྲག་ཡིན་མི་ཉན། དེ་ཚོ་དངོས་གནས་འདིའི་ཐད་སེམས་ཁུར་ཡོད་མཁན་ཚེ་ཤེས་དགོས་སོ།

    Reply
  3. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ལུང་རིགས་ལགས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པ་གཞན་གཉིས་སུ་ཡིན་རུང་རང་ལོ་ 65 ཧྲིལ་པོར་ལོན་ཟིན་པ་ཞིག་ཚུད་ཀྱི་ཡོད་མ་རེད། དེ་བས་ཟམ་གདོང་རིན་པོ་ཆེ་གངས་ཅན་སྐྱིད་གཤོངས་སུ་ཡང་བསྐྱར་བཞུགས་དགོས་སྐོར་ཨུ་ཚུགས་མཐའ་སྐྱེལ་གནང་དགོས་ཡོད་ཚེ་ཡང་བསྐྱར་སྤྱི་འཐུས་ཚོགས་གཙོ་འདེམས་རྒྱུ་མ་རེད་དམ།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ནུས་ཤུགས་དང་འཇོན་ཐང་ཟད་ཚར་བའི་མི་ཞིག་ལ་་་ད་དུང་་བརྒྱ་ཆའི་བརྒྱ་བློ་བཀལ་བྱས་ནས་སྡད་པའི་མི་དེ་དང་གཞུང་དེ་ནི་ལྐུག་པ་རེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འདིས་བསྐོར་ལ་ངས་སྔོན་ཆད་ཀྱང་འདི་འདྲ་ཞིག་བཤད་མྱོང་ཡོད། ད་དུང་ཡང་དེ་ཙམ་ཡིན། ད་ནི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ལས་བརྗེ་བོ་རྒྱག་མ་ཐུབ་པ་ཡིན་ན་དངོས་ནས་རྒྱ་ནག་སྲིད་གཞུང་ལ་ངོ་ཚ་དགོས་པ་མ་ཟད། བོད་པ་བཙན་བྱོལ་ཚང་ལ་མི་འདི་ལས་མེད་པ་ཞིག་སྟོན་བཞིན་པ་ལྟ་བུ་ཆགས་ཡོད་པ་རེད། ད་ནི་ཁོང་གིས་སྐུ་ངལ་གསོས་དེ་བཀའ་ཁྲི་གསར་བ་སུ་ཞིག་ཕེབས་ན་དེ་ལ་སློབ་སྟོན་རེ་གནང་དགོས་ས་ནས་སློབ་སྟོན་རེ་གནང་ནས་བོད་མི་མང་གི་མི་རབས་རྗེས་མ་དག་ལ་དགོས་འཁོ་ཆེ་བའི་ཕྱག་རྩོམ་མི་ཉུང་བ་ཞིག་གནང་ན་དངོས་ནས་ཡག་པོ་འདུག

    Reply
  6. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    རེན་པོ་ཆེ་ཡང་སྐྱར་བཞུགས་པ་དང་སློབ་སྟོན་གནང་ནས་བཞུགས་པ་གཉིས་གང་དགའ་བསམ་བློགབཏང་རྒྱུ་རེད་

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ང་ཚོའི་སྤྱི་ཚོགས་འདི་ད་ལྟའི་ཆར་དོགས་པ་ཡི་རིམ་པ་དང་། གདེང་ཚོད་བརླག་པའམ་ཉམས་པའི་གནས་སྟངས་ཤིག་ན་འདུག དེ་མིན་ན་འདི་འདྲའི་ཨུ་ཚུགས་དང་ཨུ་ཐུག་གི་རྣམ་པ་ཞིག་སྟོན་དགོས་དོན་མི་འདུག འདི་ང་རང་གི་བསམ་ཚུལ་ཡིན།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བསྟན་འཛིན་ཡོན་ཏན་གྱི་བསམ་ཚུལ་འདིར་རྒྱབ་སྐྱོར་ཡོད། གཙོ་བོ་ཆོས་ཕྱོགས་མ་ཡིན་པར་ཁོང་གི་སྲིད་ཕྱོགས་ཀྱི་འཛིན་སྐྱོང་དང་མི་ཆོས་ཀྱི་ཕྱོགས་ནས་གསུང་རྩོམ་རེ་སྤེལ་ཐུབ་ན་དངོས་གནས་ཕན་ཐོགས་ཆེན་པོ་ཡོང་གི་རེད། ང་ཚོར་ཁ་ཚ་དགོས་གཏུགས་འདྲ་ཞིག་ཆགས་འདུག

    Reply
  9. བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    ཡང་བསྐྱར་བཀའ་ཁྲིར་ཕེབས་པ་ལས་མ་འོངས་གངས་ཅན་པ་རྣམས་ཀྱི་མིག་ཏུ་འགྱུར་བའི་ཆོས་སྲིད་ལུགས་གཉིས་ཀྱི་གསུང་རྩོམ་ལེགས་བཤད་ཀྱི་ཕྲེང་བ་གང་མང་སྤེལ་བའི་གོ་སྐབས་ཤིག་ཕུལ་ན་མི་ལེགས་སམ།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ང་ཚོའི་ཁྲིམས་ཞིབ་ཁང་འདིར་ནག་ཅན་གྱི་ཁྲིམས་ཐག་གཅོད་པའི་དབང་ཚད་ཡོད་པ་མ་རེད། བཙོན་ཐག་གཅོད་པའི་དབང་ཚད་ཀྱང་ཡོད་པ་མ་རེད། ཡིན་ཡང་། དམངས་ཁྲོད་ཀྱི་རྩོད་རྙོག་འདུམ་སྒྲིག་བྱེད་རྒྱུའི་དབང་ཚད་འདྲ་ཞིག་ཡོད་པ་རེད། ཡིན་ཡང་། དེ་ལ་གུས་བརྩི་བྱེད་ཀྱིན་ཡོད་པ་མ་རེད། དེ་བས་རིན་པོ་ཆེ་དངོས་གནས་གངས་སྐྱིད་དུ་མུ་མཐུད་བཞུགས་འདོད་ཡོད་ཚེ། ཁྲིམས་ཞིབ་ཁང་འདི་ལའང་བོད་མི་ཚོས་གུས་བརྩི་བྱ་ཐུབ་པ་ཞིག་བཟོས་ན་འགྲིག་གི་རེད། ཁོང་ལས་ལྷག་པའི་མི་ཞིག་ཕལ་ཆེར་ཁག་པོ་རེད། ང་ཚོའི་འདི་གཙོ་བོ་གུས་བརྩི་ལ་ཐུག་ཡོད་པ་མ་གཏོགས། ཁྲིམས་ཀྱི་ངོ་བོར་ཐུག་ཡོད་པ་མ་རེད།

    Reply
  11. མཁར་རྔ་། says:
    ལོ་ 16 སྔོན།

    རྐང་རྗེན་པ་ལགས། ད་ལྟའི་དགའ་ལྡན་ཁྲི་བ་ཁོང་་་་རྟག་ཏུ་ཕྱི་རྒྱལ་ལ་བཞུགས་དགོས་རྐྱེན་གང་ལ་ཐུག་ཡོད་བ་རེད།
    ཐེགས་ཆེན་པའི་ལྟ་བ་ཐེགས་དམན་པས་འཁྲུལ་གཞི་མིན་ན། མཛད་པ་གནང་ཕྱོགས་ག་འདྲ་རེད། ཁོམ་ལོང་ནམ་བྱུང་ལ་འགྲེལ་བཤད་སྣང་སྐྱིད་མ་ཞིག་དོ་ར་འདིར་བཤམ་རོགས།

    Reply
  12. རྐང་རྗེན་པ། says:
    ལོ་ 16 སྔོན།

    ངས་བལྟས་ན་༸གོང་ས་མཆོག་བཞུགས་པའི་སྐབས་འདིར་བཀའ་ཁྲི་གསར་པ་ཞིག་བདམས་ན་དགེ་མཚན་ཆེ། ཟམ་གདོང་རིན་པོ་ཆེས་སྤྱི་འཐུས་ཚོགས་གཙོ་དང་བཀའ་ཁྲི་བཅས་ཐེེངས་དུ་མར་གནང་སྟེ་ཕྱག་ལས་གལ་ཆེན་མང་པོ་ཞིག་གནང་ཚར་བ་རེད། དེ་ལས་ལྷག་ཅིག་གནང་རྒྱུ་མེད་པ་ནི་ཁོང་གི་བཀའ་ཁྲི་ཐེངས་གཉིས་པའི་སྐབས་ཀྱི་ད་ལྟའི་གནང་སྟངས་འདིས་གསལ་པོ་ཤེས་ཐུབ། གནང་རྒྱུ་མེད་ཟེར་བ་ཁོང་གིས་མི་འཇོན་ཟེར་བའི་དོན་མིན་པར། ང་ཚོའི་གནས་སྟངས་དབང་གིས་འདི་ལས་ལྷག་ཅིག་གནང་ཐབས་མེད་པ་ཆགས་ཡོད། ད་ཁོང་ཁྲིམས་ཞིབ་པར་ཕེབས་ཀྱང་ཁྲིམས་ཞིབ་ཁང་དུ་ཁྲིམས་ཀྱི་འགྲོ་སྟངས་བཟོ་རྒྱུ་འདྲ་མང་པོ་ཡོད་ན་མ་གཏོགས། བོད་གཞུང་དམངས་ལ་ཐད་ཀར་ཕན་གནོད་འབྲེལ་བའི་ཕྱག་ལས་རྒྱ་ཆེན་པོ་ཞིག་གནང་རྒྱུ་ཡོད་ཚོད་མི་འདུག ཁྲིམས་ཀྱི་འགྲོ་སྟངས་ནི་ཁྲིམས་ལུགས་མཁས་པ་ཚོས་རིམ་པས་བཟོས་ན་འགྲིག་སྙམ། དེ་བས་ངའི་བསམ་ཚུལ་བྱས་ན། རིན་པོ་ཆེས་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་ཚར་བ་རེད། ད་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གནང་ན་ལེགས་སྙམ་པས། གདན་སར་ཕེབས་ཏེ་རིམ་པས་དགའ་ལྡན་གསེར་ཁྲིར་བཞུགས་ན་ཆོས་ཕྱོགས་ཀྱི་ལས་དོན་རྒྱ་ཆེན་པོ་གནང་རྒྱུ་ཡོད་ངེས་རེད་ལ། ཕན་ནུས་ཀྱང་གཞན་ལས་ལྷག་པ་ཞིག་ཏན་ཏན་ཐོན་ངེས་རེད་སྙམ། ༸གོང་ས་མཆོག་ལའང་ཆོས་ཕྱོགས་ཀྱི་ལས་དོན་ནུས་ལྡན་སྒྲུབ་མཁན་གྱི་ཕྱག་རོགས་ཤིག་དགོས་ཀྱི་ཡོད། ད་ལྟའི་དགའ་ལྡན་ཁྲི་པ་ལྟ་བུ་ནི་རྒྱུན་དུ་ཕྱི་རྒྱལ་ལ་བཞུགས་ཏེ་གདན་སའི་འཆད་ཉན་སློབ་གཉེར་དང་། འགྲིག་ལམ་ཀུན་སྤྱོད། འཛིན་སྐྱོང་སོགས་ཀྱི་ཐོག་གཟིགས་རྟོག་གནང་ཐུབ་ཀྱི་མེད། དེར་བརྟེན། ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་གིས་གདན་སར་བསྟན་པའི་ཁུར་ཆེན་བཞེས་རྒྱུ་ན་དངོས་གནས་བསྟན་པ་སྤྱི་སྒེར་ལ་ཕན་ཆེན་པོ་ཐོགས་ངེས་རེད་སྙམ།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ངའི་བསམ་ཚུལ་ནི། ཅི་སྟེ་མང་ཚོགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་དང་། རིན་པོ་ཆེས་ཀྱང་ད་དུང་ལོ་སྔ་ཕྱི་རེར་གངས་སྐྱིད་ཀྱི་ལས་དོན་ཙག་ཙིག་རེ་གཙང་མ་བཟོ་འདོད་ཡོད་ན་ནི། ད་ནི་ཁོང་ལ་ཁྲིམས་ཞིབ་པ་ཆེ་བའི་ས་མིག་འདི་ལས་ལྷག་མི་འདུག་ཅེས་པ་དེ་ཡིན།

    Reply
  14. རི་བོང། says:
    ལོ་ 16 སྔོན།

    སྤྱིར་འཇོན་ཐང་གི་ཐད་ནས་ཁོང་གི་ལྷག་ཅིག་ང་ཚོ་ལ་རེག་དཀའ་ཡང་། ཁོང་ཡང་འཆི་མེད་རྒས་མེད་མིན་པས། ད་ངལ་གསོ་བརྒྱབ་བཅུག་ན་ཡག་གི་རེད། རྒྱ་ནག་ལ་ཡང་ཅུང་ངོ་ཚ་ཤེས་ན་ཡག་གི་རེད། ཅིའི་ཕྱིར་ཞེ་ན། བཙན་བྱོལ་ཚང་ལ་བླ་རྒན་འདི་མ་གཏོགས་ཅང་མེད་ཟེར་བ་འདྲ་བོ་ཞིག་བྱེད་དགོས་པ་ཡོད་པ་མ་རེད། གཞོན་སྐྱེས་ཚོ་ལ་གོ་སྐབས་སྤྲད་ན་འཇོན་མི་མེད་པ་སུས་ཐག་གཅོད་ཐུབ། གལ་སྲིད་ཡག་པོ་ཞིག་སྲིད་སྟེགས་སྟེང་མ་སླེབས་ན་ཡང་ད་ལྟ་༸གོང་ས་མཆོག་བཞུགས་ཡོད་པས་དེ་ཙམ་གནད་འགག་ཡོད་པ་མ་རེད། ད་རེབ་ཀྱི་འདི་གཅིག་བྱས་ན་ང་ཚོ་ལ་ཉམས་མྱོང་བསག་སའི་གོ་སྐབས་ཤིག་ལ་ངོས་འཛིན་བྱས་ནའང་འགྲིག་གི དེའི་ཕྱིར་ད་རེབ་ངེས་པར་དུ་གཞོན་སྐྱེས་ཤིག་ལ་བསམ་བློ་གཏོང་དགོས།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་ཚོགས་གཙོ་གནང་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་ཚང་མ་རེ་རེ་བཞིན་བཟོས་པ་རེད། དེ་ནས་བཀའ་ཁྲི་གནང་སྟེ་གཞུང་གི་སྲིད་བྱུས་དང་། འཛིན་སྐྱོང་གི་འགྲོ་སྟངས་ལའང་འགྱུར་བ་མང་པོ་བཏང་ཡོད་པ་རེད། བོད་རྒྱ་ཞི་མོལ་ཡང་གང་ཡོང་ཡོང་དང་དེ་ལས་ཕར་འདའ་ས་མེད་ས་ཞིག་བར་དུ་བསྐྱལ་ཡོད་པ་རེད།

    ད་ནི་ཁོང་ཆེས་མཐོའི་ཁྲིམས་ཞིབ་པ་གནང་དགོས་པ་རེད། དམངས་གཙོའི་ཀ་བ་གསུམ་གྱི་ཁྲོད་ནས་དེང་སྐབས་ཀ་བ་བརྟན་པོ་མེད་ནི་ཁྲིམས་ཁང་འདི་རེད།

    ངའི་བསམ་ཚུལ་ལ་ད་ནི་རིན་པོ་ཆེས་གངས་སྐྱིད་ནས་ཕྱག་ལས་གནང་མདོག་ཁ་བོ་མ་རེད། གལ་སྲིད་གནང་གི་ཡིན་ན་ཁྲིམས་ཞིབ་པ་ཆེ་བ་གནང་བ་ཡིན་ན། ད་ནི་ཁོང་གིས་དངོས་གནས་བཙན་བྱོལ་བོད་མིའི་དམངས་གཙོའི་ལམ་ལུགས་འདི་ཚགས་ཚུད་པོ་ཞིག་བཟོ་ཐུབ་སོང་བ་རེད་དོ།།

    Reply
  16. ནད་པ says:
    ལོ་ 16 སྔོན།

    རྩ་བའི་ཆ་ནས་གྲོ་གླེང་འདི་འདྲ་གནང་བ་དེ་ཡག་པོ་འདུག ཡིན་ནའང་ད་དཡང་མི་མང་པོས་ཟམ་དོང་རིན་པོ་ཆེ་ཡང་སྐྱརའདེམས་རྒྱུའི་བསམ་ཚུལ་བཏོན་པ་དེ་ནོར་འཁྲུལ་ལྟ་བུར་སྣང་།

    ང་ཚོའི་མང་གཙོའི་གཞུང་འདི་བརྟན་པོ་ཞིག་ཆགས་ཐབས་དང་། དེ་བཞིན་མང་གཙོའི་རྩ་ཁྲིམས། རིན་པོ་ཉིད་ཀྱི་དགོངས་པ། མི་རབས་གསར་པ་གཞན་ཚོའི་གནས་བབ། ཕྱིས་འབྱུང་མུ་མཐུད་དེ་གཞུང་མང་གཉིས་ཀྱི་རྨང་གཞི་སྲ་བརྟན་གཏོང་ཐབས་སོགས་ལ་གཞིགས་ཏེ་ད་གཟོད་བཀའ་ཁྲི་གསར་པ་གཅིག་ངེས་པར་དུའང་འདེམས་དགོས།

    མི་མང་ཚོས་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དགོས་པའི་དུསཚོད་ཅིག་ཡིན།

    Reply
  17. མཁར་རྔ་། says:
    ལོ་ 16 སྔོན།

    ཐེངས་གསུམ་པར་འདེམས་པ་ལས། མཁས་དབང་ཁོང་ལ། ལས་འཆར་གཞན་ཞིག་བཟོས་ན་དགེ་མཚན་དང་རེ་བ་ཆེ་ལ། ད་ལྟའི་ཛ་དྲག་སྐབས་སུ་དེ་བས་ཁ་ཚ་དགོས་གཏུགས་ཆག་ཡོད།
    འོན་ཏང་ཡོད་ཚད་དམངས་གཙོ་རེད། དེའི་ཕྱིར་་་་་་་་

    Reply
  18. ཨ་ལ་ལ says:
    ལོ་ 16 སྔོན།

    རྩ་བའི་ལས་འགུལ་ཆེ་ཆུང་ཅི་ཞིག་རྩོམ་ནའང་དུས་ཀྱི་གནས་བབ་ལ་མནོ་བསམ་གཏོང་དགོས།ཐེངས་འདིའི་བགྲོ་གླེང་ལྟ་བུ་ལ་མཚོན་ན་སེམས་ཁུར་ཡིན་དུ་འཆུག་ཀྱང་བཀའ་ཁྲིའི་སྐོར་ནས་ཟམ་གདོང་རིན་པོ་ཆེ་གླེང་བ་ནི་རིན་པོ་ཆེའི་དགོངས་པ་དང་།དེ་བཞིན་བོད་གཞུང་གི་རྩ་ཁྲིམས་སོགས་གང་ཅི་ལ་རྒྱུས་ལོན་བྱས་མེད་པའི་སྐྱོན་ཞིག་རེད།གང་ཞེ་ན།་ཁྲིམས་ཕྱོགས་ནས་དུས་ཐེངས་གཉིས་ལས་བཀའ་ཁྲིར་བཞུགས་མི་ཆོག་པ་དང་།གཞན་དུ་ན་རིན་པོ་ཆེ་ཁོང་ཐེངས་གསུམ་པར་ཕེབས་འདོད་ཀྱི་དགོངས་པ་མེད་པས་སོ།།དེས་ན་ཐེངས་འདིའི་ལས་འགུལ་འདི་འདྲ་ཅིའི་ཕྱིར་རྩོམ་དགོས་མིན་ནི་འགྲེལ་བཤད་མ་དགོས་སོ།་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese