བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་སྒྲིག་གཞི་གཏན་འབེབས་བྱུང་དོན་ལྟར། བཀའ་བློན་ཁྲི་པ་སྐབས་གཉིས་རིང་མ་གཏོགས་བཀའ་ཁྲིར་བཞུགས་མི་ཆོག་པར་གཏན་འབེབས་བྱུང་ཡོད་ཀྱང་། བོད་མི་རིགས་ཀྱི་ད་ལྟའི་ཆབ་སྲིད་གནས་སྟངས་ཧ་ཅང་ཉག་ཕྲ་བའི་སྐབས་འདིར་ཁོང་ལས་ལྷག་པའི་བཀའ་བློན་ཁྲི་པ་ཤེས་འཇོན་གཉིས་ལྡན་ཞིག་རྙེད་དུ་མེད་སྟབས། ཀོ་ལི་གྷལ་དོན་ལྡན་གླིང་གི་ཡེ་ཤེས་གཙོ་བོར་བྱས་པའི་མི་ ༡༦ ལྷག་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྙན་ཞུ་ཕུལ་ཏེ། བཀའ་བློན་ཁྲི་པ་སྐབས་གསུམ་རིང་བཞུགས་ཆོག་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་བསྐྱར་དུ་བཅའ་ཁྲིམས་རིན་པོ་ཆེར་བསྒྱུར་བཅོས་གཏོང་གནང་ཡོང་བ་ཞུས་དོན་ལྟར། བཙན་བྱོལ་བོད་མིའི་སེར་སྐྱ་མི་མང་ཡོངས་ཀྱིས་འདིའི་ཐད་དུ་བསྐྱར་དུ་སྙན་ཞུ་འབུལ་བ་དང་རྒྱབ་གཉེར་གནང་ཐུབ་པ་བྱུང་ཚེ། ད་ཡོད་ཀྱི་བཅའ་ཁྲིམས་ལ་བསྒྱུར་བ་གཏོང་ཐུབ་པར་བརྟེན། མི་མང་ཡོངས་ཀྱིས་ཐུགས་བསམ་རྒྱ་ཆེར་བཞེས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཞུ་འབུལ་ལམ་ཡོང་བའི་རེ་སྐུལ་དུ།
ཡེ་ཤེས། ཀོ་ལི་གྷལ། གྲོང་སྡེ་ M ཁང་ཨང་ ༡ །
བཅའ་ཁྲིམས་རྩེད་ཆས་ཡིན་ནམ། བོད་ཀྱི་མི་རབས་གསར་བ་ཚང་མ་རྒྱ་མིས་བསད་ནས་རྫོགས་པ་ཡིན་ནམ།
མིན་ན་ད་དུང་བླ་རྒན་ཞིག་ལ་ཨུ་ཚུགས་མཐར་སྐྱེལ་བྱེད་དགོས་པ་ཅི།
བཙན་འབྱོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་སྒྲིག་གཞི་གཏན་འབེབས་བྱུང་དོན་ལྟར་་བཀའ་བློན་ཁྲི་བ་མཐེང་མ་གཉིས་རིང་མ་གཏོག་བྱེད་མི་ཆོག་ཀྱང་བོད་མི་རིགས་ཀྱི་ད་ལྟའི་ཆབ་སྲིད་གནས་སྟངས་ཉག་ཕྲ་པའི་སྐབས་འདིའི་བཅའ་ཁྲིམས་རིན་པོ་ཆེ་བསྒྱུར་བཅོས་གཏང་ཐུབ་ན་ཡག་པོ་འདུག་ང་ཚོ་མི་མང་ནས་སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་དང་རེ་བ་ཡོད་བཅས་
དིང་རི་མཚོ་མགོ་བ་འཇམ་དཔལ་ནས་
བློ་བཟང་བསྟན་འཛིན་གྱིས་སྲིད་དབང་སྒེར་འཛིན་བྱ་རྒྱུ་ཡིན་ན་མི་ཤེས་མ་གཏོགས། གོང་གི་གསལ་བསྒྲགས་སྤེལ་མཁན་མི་འདི་དག་གིས་རྩ་བ་ཉིད་ནས་ཡོང་ཐབས་མེད་པ་ཞིག་ཡིན་གཅིག་མིན་གཅིག་ཡོང་གི་འཇུག་རྒྱུ་ཡིན་ཅེས་ཨུ་ཚུགས་བྱེད་ཀྱིན་ཡོད་པ་རེད། འདི་རྒྱ་ནག་གི་བྱེད་སྟངས་དང་གཅིག་པ་ཡིན་སྟབས། ད་ཐེངས་སྲོག་འབེན་ལ་བཞག་ནས་རྒོལ་གྱི་ཡིན། ང་གཞིས་ལུས་མི་དམངས་ལའང་ངོ་ཚ་གི
ང་ཚོ་བཀའ་ཁྲི་གཅིག་རང་ལ་འཐམས་ནས་སྡོད་རྒྱུ་ཡིན་ནམ། མ་འོངས་པར་བོད་མི་རིགས་འདི་མུ་འཐུད་དེ་དམངས་གཙོའི་ལམ་དུ་བསྐྱོད་འདོད་མེད་པ་ཡིན་ནམ། སྲིད་དབང་འཕོ་བསྒྱུར་འགྲོ་བ་ནི་དམངས་ཚོགས་ཀྱི་གཟི་རྗིད་མ་རེད་པས། ཁོང་ཡང་དག་པའི་དབུ་ཁྲི་ཡིན་ནའང་ང་ཚོས་ཁོང་འདྲ་བ་སྐྱེད་ཆེན་རྣམས་སྐུ་འཚོ་བཞུགས་རིང་། ཁོང་དང་འདྲ་བར་མི་སྣ་མང་པོ་གསོ་སྐྱོངས་ཀྱི་གོ་སྐབས་ངེས་པར་བཟུང་དགོས་པ་ལས། ཁོང་གཅིག་བུ་སྲིད་སྟིགས་སུ་བཞག་ནས་མ་འོངས་པ་ང་ཚོས་ཁོང་འདྲ་བ་གང་དུ་འཚོལ་འགྲོ་གི་ཡིན་ནམ།
འཚོལ་ཞིབ་དང་དཔྱད་བསྡུར་ཅི་ཡང་མ་བྱས་ན་གྲོང་གསེབ་ནས་བཀའ་བློན་ཁྲི་པ་ཡོང་གི་མ་རེད།
ཁྱེད་ཀྱི་འཇིག་རྟེན་དེ་ཅིའི་འདྲའི་ཆཱུང་ཨང་།
ད་དུང་ཡང་གཉིད་སད་ཐུབ་ཀྱི་མེད་པ་འདྲ།ཡེ་ཤེས་སོགས་བསམ་འཆར་འདོན་མཁན་དག་གིས་དངོས་གནས་བྱེད་ཕྱོགས་འདི་མ་ཤེས་པ་ཡིན་ན་ཤེས་སུ་བཅུགས་རྗེས་གནས་འདིར་ཕེབས་ན་བཟང་།གལ་སྲིད་ཆེད་དུ་ཀླན་ཀ་འཚོལ་གྱི་ཡོད་ན་ད་ལྟ་རང་རེའི་སྤྱི་ཚོགས་སུ་ཉ་ཉོག་དེ་འདྲ་དགོས་དོན་མི་འདུགཐོག་མར་ཁྱེད་ཅག་གིས་ཤེས་དགོས་པ་ཞིག་ནི་གྲོས་ཚོགས་ལ་སྙན་ཞུ་ཕུལ་བ་དང་མི་དམངས་ལ་སྐུལ་སློང་བྱས་ཏེ་རྩ་ཁྲིམས་བཅོས་བསྒྱུར་གྱིས་ཐེངས་གསུམ་པ་ལ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ལ་སླེབས་ཆོག་པར་བཟོ་རྒྱུ་དེ་རེད།དེ་ནི་དངོས་གནས་གཞུང་སེམས་དང་ལྷག་བསམ་ཡོད་པ་ཞིག་ཡིན་ན་སྙན་ཞུ་འབུལ་བ་དང་མི་དམངས་ལ་བསྐུལ་དགོས་པ་ཞིག་མ་ཡིན་པར་རིན་པོ་ཆེ་ཁོང་ལ་སླར་ཡང་བཞུགས་འདོད་ཡོད་མེད་བཀའ་འདྲི་ཞུ་རྒྱུ་དེ་གཙོ་བོ་རེད།གལ་སྲིད་ཁོང་བཞུགས་འདོད་མེད་ཚེ་ཁྱེད་ཚོས་བྱེད་ཕྱོགས་དེ་མུན་ནག་མདའ་འཕེན་མ་ཡིན་ནམ།
དངོས་གནས་ང་ཚོའི་མི་མང་ཚོ་ཧ་ཅང་གི་ཐབས་སྐྱོ་པོ་འདུག ཚན་རིག་གི་ཤེས་བྱ་གསར་པ་ཁག་ཕར་བཞག ནང་ཆོས། རིག་གནས། སྲིད་དོན། དཔལ་འབྱོར། སྐད་ཡིག ད་དུང་བོད་སྐད་གཙང་མ་གཅིག་ཀྱང་བཤད་མི་ཐུབ།
ང་ཚོ་བོད་མི་རིགས་ཟེར་བ་དེ་ཡར་ལངས་འདོད་ན་རྒྱ་ཆེའི་མི་དམངས་ཚང་མ་ལངས་ཐུབ་པ་བྱེད་དགོས། རྒྱ་ཆེའི་མི་མང་ཡར་ལངས་ཐུབ་ན་བོད་རྒྱལ་ཁབ་ལངས་ཐུབ་པ་ཡིན་ལ་མི་མང་འགྱེལ་ན་བོད་རྒྱལ་ཁབ་དེ་གཏན་ནས་ཡར་འཛམ་གླིང་སྟེང་ལངས་མི་ཐུབ།
ངིཚོ་ཡར་ལངས་ཐུབ་ཆེད་རྒྱ་ཆེའི་མེ་དམངས་ཡོངས་ཀྱིས་མི་མང་གི་ནང་ནས་འགན་འཁུར་ཐུབ་པའི་བཀའ་ཁྲི་གཅིག་ངེས་པར་དུ་གདམ་དགོས།
ད་ཡོད་ཀྱི་བཀའ་ཁྲི་མཆོག་ལ་གུས་བསྐུར་ཡོད།
འོན་ཀྱང་ད་ཆ་བོད་མི་ཚང་མས་བཀའ་ཁྲི་གསར་པ་ཞིག་འདེམས་དགོས་པ་ལས་ཀླད་རྙིང་མཁྲེགས་འཛིན་གྱི་ལས་ཀ་དེ་འདྲ་བྱས་ན་ཡག་པོ་མི་འདུག
རེད་མ་རེད།
dolma ཟེརབའི་མིང་རྫུས་ཅན་ ཡང་བསྐྱར་ལོ་ལྔ་ཆུད་བཟོས་སུ་གཏོང་རྩིས་ལས་གཞན་གྱི་བསམ་བློ་མེད།
གཅིག་བྱས་ན་རྒྱལ་ཞེན་མེད་པའི་སྲིད་དོན་པ་མགོ་བདེ་ཞིག་གི་རྔ་མ་མིན་འགྲོ ཟེར་བ་དེ་འགན་ཁུར་མེད་པའི་སྐད་ཆ་ཡིན་པ་མ་ཟད། ཡང་བསྐྱར་ལོ་ལྔ་ཆུད་བཟོས་སུ་གཏོང་རྩིས་ལས་གཞན་གྱི་བསམ་བློ་མེད། ཅེས་པ་དེ་ལོ་ལྔ་ཆུ་ཟོས་གཏོང་བ་རྒྱུ་མཚན་མེད་པའི་ཆོལ་ཁའི་ཐེན་ཁྱེར་
དང་ཉེན་མེད་ལ་བསྐྱོན་འཛུགས་བྱས་པ་རང་རེད་།
སྒོར་མོ་ཡོད་ན་གང་ཡང་འགྲུབ་ཐུབ་པ་ཞིག་ག་ལ་ཡིན།
གླ་ཡོད་གསལ་བསྒྲགས་ལ་ཡང་ཚད་བཀག་ཅིག་ངེས་བར་ཏུ་ཡོད་དགོས་བ་འདྲ།
དེ་མིན་ཚེ་མ་འོངས་པར་་་་་་
དུས་བབ་ཚང་གིས་ད་བར་འབད་འབུངས་ཁུར་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།
འབོད་སྐུལ་ཡི་གེ་འདི་ཕྱི་ཚེས་ ༣༡ ཉིན་འདོན་རྒྱུའི་བོད་ཀྱི་དུས་བབ་གསར་ཤོག་སྟེང་གླ་ཡོད་གསལ་བསྒྲགས་སུ་གཏོང་རོགས་ཟེར།
འདིའི་མིང་ལ་འབོད་སྐད་ཅེས་བརྗོད་པ་ལས་བཙན་བྱོལ་བོད་གཞུང་རིམ་པས་འཐོར་དུ་འཇུག་རྩིས་ཀྱི་ཉེན་བརྡ་མ་རེད་དམ། གཙོ་བོ་དམིགས་ས་དེ་བརྒྱུད་འཛིན་གྱི་བཀའ་ཁྲི་རིམ་བྱོན་ཐ་གཅིག་ཏུ་འགོག་རྩིས་སམ། སྦྱོང་བརྡར་རེག་གི་འཇོག་རྩིས་མེད་པ་དེ་སྟོན་བཞིན་པས། འདིའི་རྒྱབ་ཏུ་བླུ་ཉོའི་སྲིད་དོན་གྱི་ལྐོག་བྱུས་ཤིག་འཚང་མེད་དམ།
བོད་པ་ཚང་ལ་མི་ཚར་སོང་བ་མིན་འགྲོ
ད་ཨུ་ཚུགས་མ་རྒྱག དུས་རབས་ཉེར་གཅིག་ལ་སླེབས་དུས་ད་ཨུ་ཚུགས་ཀྱི་ཕན་མ་ཡོང། གལ་ཏེ་ཨུ་ཚུགས་ཀྱི་བཀའ་ཁྲིས་བཀོད་ཐུབས་ཀྱི་ཡོད་ན་ང་ཡང་ང་ཡི་ཕ་རྒན་ཁོང་བཀའ་ཁྲིས་ལ་བཀོད་འདོད་ཡོད། དེ་བས་ཨུ་ཚུགས་དོར་ནས་རིན་པོ་ཆེ་མ་ཡིན་པའི་གཞན་ཞིག་འདེམས་རྩིས་གྱིས། མཚན་ཉིད་འཐབས་ནས་བོད་དོན་ཐག་གཅོད་ཐུབ་ཨ་ཡོང། སམ་ཏྲི་ཏའི་སྐད་སྐྱོན་ནས་བོད་རྒྱ་ཞི་མོལ་བྱེད་ཐུབ་ཨ་ཡོང། གྷན་དྷིའི་ལྟ་བ་བཟུང་ནས་དུས་རབས་ཀྱི་རྗེས་ཟིན་ཨ་ཡོང། དེ་བས་ཀོ་ལི་ཀལ་དང་ཧོན་སུར་གྱི་མི་མང་རྣམས་ནས་བསམ་བློ་རྒྱ་ཆེ་ཙམ་དང་མིག་རྒྱང་རིང་ཙམ་གཟིགས་ནས་རིན་པོ་ཆེ་མ་ཡིན་པའི་གཞན་ཞིག་ལ་མིག་གདངས་ཤིག་བྱས་ཚེ་ལེགས་པར་མངོན།
རྒྱལ་གཅེས་ཀྱི་བསམ་བློ་མེད་ཅིང་བླང་དོར་གྱི་གནས་ལ་རྨོངས་པའི་མི་ཆུང་འདི་དག་ལ་སྙིང་རེ་རྗེ།ཡང་བསྐྱར་ལོ་ལྔ་ཆུད་བཟོས་སུ་གཏོང་རྩིས་ལས་གཞན་གྱི་བསམ་བློ་མེད།གཅིག་བྱས་ན་རྒྱལ་ཞེན་མེད་པའི་སྲིད་དོན་པ་མགོ་བདེ་ཞིག་གི་རྔ་མ་མིན་འགྲོ
ད་མི་འདི་ཚོ་དཔུང་བསྒྲིག་ནས་དམངས་གཙོ་ནུས་མེད་བཟོ་རྩིས་འདུག་པས་དམངས་གཙོའི་གོ་རྟོགས་ཡོད་མཁན་རྣམས་ནས་ཀྱང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་སྙིང་བཅང་གིས་བཅའ་ཁྲིམས་ལ་འགྱུར་བ་གཏོང་མི་དགོས་པའི་ཡི་གེ་སྤྱི་འཐུས་ལྷན་ཚོགས་སུ་ཆར་པ་འབབ་འབབ་བྱས་ནའང་འགན་ཁུར་ཚད་ལྡན་ཞིག་མ་ཡིན་ནམ།
མི་འདི་དག་གི་རྒྱབ་ན་སྲིད་དོན་པ་མགོ་བདེ་བོ་ཞིག་ཡོད་ཐག་ཆོད་རེད། ཚང་མས་གཟབ་གཟབ་བྱོས། ཡིན་ཡང་བཀའ་ཁྲི་ཁོང་གིས་འདི་ལྟའི་ལས་དོན་འདྲ་བརྒྱུད་སྐུལ་བྱེད་གི་མ་རེད། འདི་དག་གི་རྒྱབ་ཀྱི་མི་དེ་ཤེས་མཁན་ཡོད་ན་འདིར་ཁྲིད་ཤོག་ཨ།