དེ་རིང་ཞོགས་པར་འབྲེལ་ཡོད་མི་སྣས་ཁ་པར་བརྒྱུད་གནས་ཚུལ་གོ་བ་ལྟར་ན། མཚོ་ལྷོ་ཁུལ་རྩི་གོར་ཐང་ལྔ་རྒྱལ་སྡེ་བར་ཕྱི་ནད་ཁྱབ་པར་བརྟེན། ནད་པ་མང་པོ་ཞིག་ཁུལ་མི་དམངས་སྨན་ཁང་དུ་ཡོང་ཡོད་པ་དང་། སྨན་ཁང་འདིའི་ནང་གི་ནད་པ་རྣམས་ཕྱིར་འགྲོ་རུ་འཇུག་གི་མེད་ལ། ཕྱི་ལོག་གི་མི་སྨན་ཁང་དུ་ཡོང་འཇུག་གི་མེད་ཚུལ་འདུག སྨན་ཁང་གི་མཐའ་འཁོར་དག་དམག་མིས་དམ་སྲུང་བྱས་ཡོད་འདུག་ཟེར།
དེ་བཞིན་ཕྱི་ཚེས་ ༦ ཉིན་སྟེ་ཧོར་ཟླ་དྲུག་པའི་ཚེས་ ༡༦ ཉིན་ཆབ་ཆའི་དགོན་པ་སོ་མ་ཞེས་པའི་ཉེ་འདབས་སུ་དྲུག་པའི་ལབ་ཙེ་ཁྲ་རིལ་ལམ། དྲུག་པའི་ལྷ་རྩེད་ཞེས་པ་ཞིག་ལོ་ལྟར་བཞིན་རྩེས་སྲོལ་ཡོད་པ་དེའང་འཚོགས་ཐུབ་རྒྱུ་ཡིན་མིན་དེ་རིང་ད་དུང་ཐག་གཅོད་བྱེད་ཐུབ་ཡོད་མི་འདུག་ཟེར།
གོ་ཚོད་ལྟར་ན། ད་བར་དུ་ཕྱི་ནད་ཀྱི་དབང་གིས་མི་ ༤ གྲོངས་ཡོད་འདུག
གོང་གསལ་པར་རྣམས་ནི་ཁུལ་མི་དམངས་སྨན་ཁང་དུ་གི་ན་ཚ་སྔོན་འགོག་ཆེད་སྨན་ཁང་གི་ཕྱི་ནང་ལ་བཀག་སྡོམ་བྱེད་མཁན་གྱི་ལས་བྱེད་རྣམས་ཀྱི་སྡོད་གུར་རེད།
ནོར་ལགས། ངས་ནོར་བཅོས་བྱས་ཡོད་ལགས།
མདོ་སྨད་རྩི་གོར་ཐང་དུ་བྱུང་བ་དེ་ཕྱི་ནད་ཡིན་པ་ལས་བྱི་ནད་མིན་པ་འདྲ།
ནད་ཡམས་འདི་རྒྱ་ཁྱབ་འགོས་ཁྱབ་མི་འགྲོ་ཕྱིར། བཀག་སྡོམ་བྱེད་པ་ནི་འཛམ་གླིང་སྟེང་རྒྱལ་ཁབ་མང་པོས་སྤྱོད་བཞིན་པའི་ཐབས་ལམ་འུ་ཐུག་དེ་ཁོ་ན་རེད།