མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་གཟེངས་རྟགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༩ ལོའི་ཨ་རིའི་རྒྱལ་ཡོངས་རང་དབང་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་གཏན་འཁེལ་ཡོད་པ་རེད།

འཆར་ཟླའི་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ཡོངས་དངོས་མང་བཤམས་སྟོན་ཁང་གི་གོ་སྒྲིག་འོག ༢༠༠༩ ལོའི་ཨ་རིའི་རྒྱལ་ཡོངས་རང་དབང་གཟེངས་རྟགས་དེ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་འབུལ་གཏན་འཁེལ་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་བར་གྱི་མཐུན་སྒྲིལ་ཐད་མཛད་འཕྲིན་བླ་མེད་བསྐྱངས་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་པ་བདག་ཉིད་ཆེན་མོ་གྷན་ངྷི་དང་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ Dr. Martin Luther King སོགས་སྐྱེས་ཆེན་དམ་པ་དག་གི་མཛད་འཕྲིན་གྱི་རྗེས་སུ་འབྲངས་ཏེ།  འཛམ་གླིང་ནང་ཞི་བའི་ལམ་ནས་བོད་མིའི་རང་དབང་གི་སྣེ་ཁྲིད་བྱས་སྟབས། ཁོང་ཉིད་ཀྱི་མཛད་འཕྲིན་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་བྱ་ཆེད་ ༢༠༠༩ ལོའི་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་གནང་རྒྱུ་གཏན་འཁེལ་ཡོད་འདུག འདིའི་ཐད་ཨ་རིའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་དངོས་མང་བཤམས་སྟོན་ཁང་གི་འགན་འཛིན་སྤེན་རྗེན་ཧོལ་ཁི་ Benjamin Hooks  ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་ནས་འཛམ་གླིང་གི་དཀའ་རྙོག་དང་དྲང་བདེན་མིན་པའི་གནས་ལུགས་ཐག་གཅོད་བྱ་ཐབས་སུ་སྐུ་ལས་གང་མང་སྐྱོན་ཡོད་སྟབས། ཁོང་ནི་ཨ་རིའི་རླབས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྣེ་ཁྲིད་པ་མར་ཊིན་ལུ་ཐེར་ཁིན་དང་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་པ་བདག་ཉིད་ཆེན་པོ་གྷན་ངྷི་སོགས་སྐྱེ་ཆེན་དམ་པ་དག་གི་བདེན་པའི་དཔང་བོ་གསོན་པོ་ཞིག་ཡིན་སྟབས། འདི་ལོ་༧གོང་ས་ཏཱ་ལའི་བླ་མ་གཙོས་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་སྐབས་དང་བསྟུན། ཁོང་ཉིད་ཀྱི་དྲང་བདེན་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་འཛམ་གླིང་ལ་མིག་དཔེར་སྟོན་ཆེད་གཟེངས་རྟགས་འདི་འབུལ་གཏན་འཁེལ་པ་ཡིན། ཅེས་གསུངས་ཡོད་པ་་རེད། 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. མཁར་རྔ་། says:
    ལོ་ 16 སྔོན།

    ༧ གོང་ས་ཡིད་བཞིན་ནོར་བུར་རང་དབང་གཟེངས་རྟགས་འདི་ཉིད་འབུལ་བཞེས་དང་། ཆབས་ཅིག་གཞིས་བྱེས་བོད་རིགས་སྤུན་ཟླ་ཚོར་སླར་ཡང་སྤོབས་སེམས་དང་། སྙིང་སྟོབས་འཕེལ་བའི་ལས་དོན་རླབས་ཆེན་འདིར་གུས་ཕྱག་འབུལ།
    ༧ ཁོང་གིས་བྱམས་བརྩེ་དང་། བཟོད་བསྲན། དཀའ་སྤྱད། དྲང་ཚུགས་སོགས་ལ་གཟིགས་དང་། བོད་མི་ཚོ། འུ་ཚོའི་ལེ་ལོ་དེ་ཡིན་ན་་་་་་་
    ༧ ཁོང་གི་སྐུ་ཚེ་ཡུན་དུ་བརྟན་པར་ཤོག བཀྲ་ཤིས།

    Reply
  2. མཁར་རྔ་། says:
    ལོ་ 16 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུར་རང་དབང་གཟེངས་རྟགས་འདི་ཉིད་འབུལ་བཞེས་དང་། ཆབས་ཅིག་གཞིས་བྱེས་བོད་རིགས་སྤུན་ཟླ་ཚོར་སླར་ཡང་སྤོབས་སེམས་དང་། སྙིང་སྟོབས་འཕེལ་བའི་ལས་དོན་རླབས་ཆེན་འདིར་གུས་ཕྱག་འབུལ། ཁོང་སྐུ་ཚེ་ཡུན་དུ་བརྟན་པར་ཤོག བོད་མི་ཚོ། ལེ་ལོ་དེ་ཡིན་ན་་་་་་་

    Reply
  3. མཁར་རྔ་། says:
    ལོ་ 16 སྔོན།

    ༧གོང་ས་ཡིད་བཞིན་ནོར་བུར་འབུལ་བཞེས་དང་། ཆབས་ཅིག་གཞིས་བྱེས་བོད་རིགས་སྤུན་ཟླ་ཚོར་སླར་ཡང་སྤོབས་སེམས་དང་། སྙིང་སྟོབས་འཕེལ་བའི་ལས་དོན་རླབས་ཆེན་འདིར་གུས་ཕྱག་འབུལ། ཁོང་སྐུ་ཚེ་ཡུན་དུ་བརྟན་པར་ཤོག བོད་མི་ཚོ།

    Reply
  4. གངས་ཕྲུག says:
    ལོ་ 16 སྔོན།

    གངས་ཅན་འགྲོ་བའི་མགོན་པོ།།
    བརྩེ་ཆེན་རྩ་བའི་བླ་མ།།
    བདེན་པས་རིགས་དྲུག་བསྐྱང་ནས།།
    སྐུ་ཚེ་བསྐལ་བརྒྱར་བརྟན་ཤོགས།།

    Reply
  5. ཆོས་ལོ says:
    ལོ་ 16 སྔོན།

    ཁོང་གི་སྐུ་ཚེ་བསྟན་པ་དང་བོད་པའི་བདེན་མཐའ་མྱུར་སེལ་བར་ཤོག
    བཀྲ་ཤེས་བདེ་ལེགས་གྲངས་མེད་ཞུ་ཞུ།

    Reply
  6. ཡོན་ཏན says:
    ལོ་ 16 སྔོན།

    དངོས་གནས་གཏམ་བཟང་རེད

    Reply
  7. དུག་ཚེར། says:
    ལོ་ 16 སྔོན།

    འདི་འདྲའི་རླབས་ཆེན་གྱི་གཟེངས་རྟགས་རེ་རེས་ཀྱང་ཁོང་ནི་དོན་དམ་པའི་ཞི་བདེའི་དབུ་ཁྲིད་ཞིག་ཡིན་པར་མཚོན་གྱིན་འདུག། ང་ཚོ་ཡང་ཁོང་གི་བཀའ་དྲིན་ལ་རྟེན་ནས་འཚོ་གཞིན་པ་ནམ་ཡང་བརྗེད་མི་རུང།

    Reply
  8. བསྟན་པ། says:
    ལོ་ 16 སྔོན།

    སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཆོས་ཀྱི་རྒྱལ་པོ་བསྟན་འཛིན་རྒྱ་མཚོ་ལ་གསོལ་བ་འདེབས།

    Reply
  9. ཨ་མྱེ says:
    ལོ་ 16 སྔོན།

    དམ་པ་ཁོང་གི་རླབས་ཆེན་མཛད་འཕྲིན་ལ་དད་གསུམ་ལྷ་དར་ལྷབ་ལྷུབ་བསྐྱོད་བཞིན་གངས་རི་འདིའི་ངོ་སོ་ཡར་ལ་བསྟོད།

    Reply
  10. ཨ་མྱེ says:
    ལོ་ 16 སྔོན།

    དམ་པ་ཁོང་གི་རླབས་ཆེན་མཛད་འཕྲིན་ལ་དད་གསུམ་ལྷ་དར་ལྷབ་ལྷུབ་བསྐྱོད་བཞིན་གངས་རི་འདིའི་ངོ་སོ་ཡར་ལ་བསྟོད།

    Reply
  11. sherab gamtso thewo says:
    ལོ་ 16 སྔོན།

    ཁོང་གི་སྐུ་ཚེ་སྲིད་མཐའི་བར་དུ་བརྟན་གྱུར་ཅིག

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཧ་ཅང་དགའ་བོ་བྱུང་། ད་དུང་ཁོང་གི་སྐུ་ཚེ་བརྟན་ན་གཟེངས་རྟགས་གང་མང་རག་ངེས་རེད། དེས་ན་བོད་པ་ཚོ་སཁ་ཁོག་མེད་པར་ཁོང་གི་བཀའ་ཚུལ་བཞིན་བསྒྲུབ་ན་བསམ་དོན་མང་བོ་འགྲུབ་ངེས་ཡིན་པ་གདོན་མི་ཟ་བ་ཞིག་རེད། གཞུང་སྒེར་གང་ཡིན་རུང་ཁོང་དོན་མེད་དུ་ལག་པ་འཕྱི་ས་མི་བྱེད་རྒྱུ་རེ་བ་ཡིན། དེ་མིན་གཏམ་བཤད་རེ་འཐེན་སྐབས་༧གོང་ས་མཆོག་གིས་གསུངས་འདུག་ཅེས་ཁ་བདེ་བོ་བྱེད་རྐྱང་དང་ལག་ལེན་ལ་ཐུག་དུས་ཕྱི་ནུར་རྒྱག་མཁན་ཚོ། ཁྱོད་ཚོས་བསམ་བློ་ཡག་པོ་ཞིག་གཏོང་རོགས་སྐུ་མཁྱེན །

    Reply
  13. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ཡངས་པའི་འཛམ་གླིང་གོ་ལའི་ཁྱོན་འདིའི་རྒྱལ་ཐབས་དགོས་འདོད་རིན་ཆེན་གཏེར། །
    མ་ལུས་ཚོང་འདུའི་ཁྲོམ་རར་བདལ་བའི་མཁྱེན་རབ་ཕྲ་མོས་བཅད་བརྡར་གྱིས། །
    ཞི་བདེའི་རང་དབང་ཡིད་བསམ་འཛོ་བའི་མང་བཀུར་ཁྲིམས་ཀྱི་རིན་ཆེན་འདི། །
    ཀུན་ལས་ཕུལ་བྱུང་མཆོག་ཏུ་གཟིགས་ཏེ་དེད་དཔོན་ཁྱེད་ཀྱིས་རྒྱན་དུ་བསྩལ། །

    Reply
  14. སྤུ་རྒྱལ་གངས་དཀར། says:
    ལོ་ 16 སྔོན།

    ལྕགས་སྤྲེལ་གྱི་ཡི་གེ་འདི་རེད་འདུག

    བཀྲ་ཤིས་བདེ་ལེགས།

    Reply
  15. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    ༧གོང་ས་སྐྱབས་མགོན་ཆེན་པོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཐུགས་བརྩེ་བ་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་འགྲོ་བ་མགོན་མེད་རྣམ་ལ་གཟིགས་སུ་གསོལ། སྐུ་ཚེ་བསྐལ་བ་ནས་བསྐལ་བའི་བར་དུ་བཞུགས་སུ་གསོལ་བ་ནི་སྙན་ངག་ལས་མ་འདས་། འོན་ཀྱང་བོད་མིའི་བདེན་མཐའ་མ་གསལ་གྱི་བར་དང་། གཞིའི་བྱེས་བོད་མི་ལྷན་གཅིག་ཏུ་མ་འཛོམ་གྱི་བར་ཞབས་པད་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་རླབས་ཆེན་གྱི་མཛད་རྗེས་ཡར་ངོའི་ཟླ་བ་བཞིན་འཕེལ་བར་ཤོག་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བོད་མི་ཡོངས་ལ་མི་རབ་ནས་ཚ་རྒྱུད་བར་སྙིང་སྤོབས་སྐྱེ་འོས་ཀྱི་མཛད་འཕྲིན་འདི་རྣམས་ལ་ཁ་ཞེ་མེད་སྒོ་ནས་བཀའ་དྲིན་བླ་ལྷག་ནས་ཆེ།

    བཀྲ་ཤིས་བདེ་ལེགས།

    Reply
  16. འཇམ་དཔལ། says:
    ལོ་ 16 སྔོན།

    ཞི་བདེ་བདེ་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ཁབ་ཚང་མས་དད་གུས་སྤྲོ་གསུམ་དང་འཛམ་གླིང་ཡོངས་ཀྱི་སྤྱི་ནོར་ངོས་འཛིན་གནང་གིས་ཡོད་པ་གཞིན་ང་ཚོ་བོད་མིའི་ཚང་མས་ཁོང་གི་བཀའ་འོག་ཏུ་འགྲོ་ཐུབ་པ་གནང་རྒྱུ་གལ་ཆེན་པོ་ཞིག་རེད་དྲན་གྱི་གདུག་ང་ཚོ་བོད་མི་ཡོངས་ཀྱི་འདི་ཕྱི་གཉིས་ལྡན་གྱི་སྐྱབས་གནས་དང་དད་གུས་བྱེད་ས་ཞིག་རེད་བཅས་ལག་གཉིས་ཐལ་མོ་སྦྱར་ནས་༧གོང་ས་མཆོག་ལ་དད་གུས་སྤྲོ་གསུམ་གྱི་སྒོ་ནས་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་

    Reply
  17. ལྕགས་སྤྲེལ། says:
    ལོ་ 16 སྔོན།

    z=-ÁÛÅ-zhï-¾ïGÅü

    Reply
  18. ཀླུ། says:
    ལོ་ 16 སྔོན།

    གཟེངས་རྟགས་འབུལ་བ་ནི་དགའ་འོས་བ་ཟིག་རེད། ཡིན་ཡང་དེ་དང་མཉམ་དུ་ཨ་རི་སོགས་གཟེངས་རྟགས་འབུལ་མཁན་རྒྱལ་ཁབ་ཁག་གིས་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་ཁ་ནས་བཤད་པ་ལས་ལྷག་པ་ཟིག་བྱེད་རྒྱུ་ནི་གཟེངས་རྟགས་ནང་གི་གཟེངས་རྟགས་ཡིན།

    Reply
  19. རྨ་དུག་ལྕེ། says:
    ལོ་ 16 སྔོན།

    སྲིད་ཞུའི་གཙུག་རྒྱན་༧གོང་ས་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་ལག་ཟུང་ཐལ་མོ་སྙིང་གར་སྦྱར་དེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
    ཨ་རི་ནི་ངོ་མ་ནོར་བུར་ནོར་ཉམས་ཆོད་པའི་རྒྱལ་ཁབ་ཅིག་རེད།

    Reply
  20. རང་རྟོན། says:
    ལོ་ 16 སྔོན།

    འདི་ནི་འུ་ཚོའི་གཟི་བརྗིད་དང་འཛམ་གླིང་གི་གཟི་བརྗིད་ཀྱང་རེད།

    Reply
  21. རང་རྟོན། says:
    ལོ་ 16 སྔོན།

    ཧ་ཅང་དགའ་བོ་བྱུང་།འུ་ཚོས་ཀྱང་༧གོང་ས་མཆོག་གི་གཟི་བརྗིད་དང་ལམ་སྟོན་བཞིན་གང་སར་ཤར་སྐྱོད་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།

    Reply
  22. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ༧སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་མཆོག་འཛམ་གླིང་༧སྤྱི་ནོར་ལ་ངོས་འཛིན་ཟིན་པ་དེར་སྙིང་ནས་དད་གུས་སྤྲོ་གསུམ་གྱིས་སྒོ་ནས་ཕྱག་འཚལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese