ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ལྷ་ས་ནག་ཆུ་ཁུལ་དུ་ནག་ཆུའི་བྱང་ཐང་གི་རྟ་རྒྱུག་འགྲན་བསྡུར་སྒྱུ་རྩལ་དུས་ཆེན་མཛད་སྒོ་ཟེར་བ་དེ་འཚོགས་ཡོད་པ་དང་། ཁུལ་དང་རྗོང་རིམ་པའི་སྟངས་འཛིན་འོག ད་ལོའི་རྟ་རྒྱུག་འགྲན་བསྡུར་གྱི་བྱ་འགུལ་དེ་ཀྲུང་གོ་གསར་བ་དབུ་བརྙེས་ཏེ་ལོ་ ༦༠ ་འཁོར་བའི་དགའ་སྟོན་གྱི་རྣམ་པའི་ཐོག་སྤེལ་དུ་བཅུག་ཡོད་འདུག བྱ་འགུལ་མཛད་སྒོའི་སྟེང་ནག་ཆུ་ཁུལ་གྱི་དྲུང་ཆེ་གཞོན་པ་སོགས་འབྲེལ་ཡོད་ལས་བྱེད་མི་སྣས་བོད་དུ་དམངས་གཙོའི་བཅོས་བསྒྱུར་གྱིས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཚུལ་དང་། ལྷག་པར་དུ་ནག་ཆུ་ས་ཁུལ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཕོ་འགྱུར་ཆེན་པོ་བྱུང་ཡོད་སྐོར་བརྗོད་ཡོད་ཅིང་། མཛད་སྒོའི་སྟེང་སྟག་གཟིག་གཅན་གཟན་གྱི་པགས་རིགས་གྱོན་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
སྐུ་ཞབས་ཞོགས་དུང་གིས་གསུངས་པ་བཞིན་གཅེན་གཟན་མེ་སྲེག་གི་ལས་འགུལ་འདི་གཟི་བརྗིད་ཆེ་ན་ཡང་། མཇུག་སྐྱོང་བྱེད་ཐུབ་རྒྱུ་དེ་བས་ཀྱང་གལ་ཆེ་ཟེར་ཡིན་ན་ཡང་ད་བྱས་མཇུག་སྐྱོང་བྱེད་ཐུབ་ཀྱི་མེད་པ་འདྲ།
གཟམས་དང་གཟིགས་ལྤགས་ཡིན་ན་སེམས་སྐྱོ་བའི་གནས་སུ་འགྱུར་སོང་བས།