མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་གི་མཚན་གནས་བསྡུ་དགོས་ཀྱི་འདུག རེབ་གོང་བཀྲ་ཤིས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

                                                                                                    རེབ་གོང་བཀྲ་ཤིས།

རྒྱལ་ཁབ་གང་ཞིག་གི་སྲིད་གཞུང་ལ་མིང་ཞིག་ཡོད་པ་སྨོས་མེད་ཡིན་པ་ལྟར་དགའ་ལྡན་ཕོ་བྲང་ནི་བོད་ཀྱི་སྲིད་གཞུང་གི་མཚན་གནས་རྙིང་པ་དང་གཞུང་རྙིང་པ་ཞིག་བཅས་ཡིན། དེ་ལ་ཆེ་བསྟོད་ལྟ་བུར་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དང་། ཡང་ན་གཞུང་ས་དགའ་ལྡན་ཕོ་བྲང་ཅི་རིགས་ཀྱང་བརྗོད་ཀྱི་ཡོད། དགའ་ལྡན་ཕོ་བྲང་ཞེས་པ་ཐོག་མར་རྒྱལ་དབང་སྐུ་ཕྲེང་གཉིས་པའི་བླ་བྲང་གི་མིང་ལ་ཐོགས་པ་དང་། དུས་ཕྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པས་བོད་ཀྱི་སྲིད་འགན་བཞེས་སྐབས་དེ་སྲིད་གཞུང་གི་མིང་དུ་བཀོལ་སྤྱོད་གནང་ཡོད། དེ་ལྟར་བོད་ཀྱི་སྲིད་གཞུང་གི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས་པ་ནས་བཟུང་ད་བར་ལོ་ངོ་སུམ་བརྒྱ་དྲུག་ཅུ་རེ་བརྒྱད་ཙམ་འདས་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཞེས་པའི་དགའ་ལྡན་གྱི་ཚིག་ཟུར་གྱིས་བོད་ཀྱི་སྲིད་དབང་དེ་དགེ་ལུགས་པས་བདག་བཟུང་བྱས་ཡོད་པ་མཚོན་པར་བྱས་ཡོད། སྔོན་གྱི་ལུགས་སྲོལ་ལྟ་བུའི་དབང་དུ་བྱས་ན་དེ་ལྟར་ཡིན་དུ་ཆུག་ཀྱང་རུང་། ཕྱི་ལོ་ ༡༩༥༩ ལོར་བོད་མང་གཙོ་ཅན་དུ་བསྒྱུར་བར་བསྒྲགས་ཚུན་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ད་ལྟའི་དུས་ཉིད་ན་ཡང་བོད་ཀྱི་སྲིད་གཞུང་གི་མཚན་གནས་དེ་བླ་བྲང་དང་ཆོས་བརྒྱུད་བྱེ་བྲག་པའི་མིང་དོན་དང་འབྲེལ་བ་ཡོད་པ་ཞིག་གི་ཐོག་ནས་བསྡད་ན་ཕྱོགས་གང་ཅིའི་ཆ་ནས་འོས་འཚམས་ཤིག་མ་མཐོང་།  ཆེ་ཆུང་ལ་མ་བལྟོས་པར་རྒྱལ་ཁབ་བམ་མི་རིགས་ཤིག་གི་སྲིད་གཞུང་གི་མཚན་གནས་དེ་གང་ཟག་བྱེ་བྲག་པ་དང་། ལུང་ཚན་བྱེ་བྲག་པ།  ཆོས་བརྒྱུད་བྱེ་བྲག་པ་གང་ཞིག་གི་མཚན་གནས་དང་རྗེས་འབྲེལ་མེད་པར་རང་གི་རྒྱལ་ཁབ་དང་མི་རིགས་སྤྱི་ཡི་མཚོན་དོན་སྟོན་པའི་མིང་ཞིག་གམ། ཡང་ན་སྲིད་གཞུང་དེ་མང་གཙོ་དང་། སྤྱི་མཐུན། དམར་ཤོག  རྒྱལ་རྒྱུད་ཅན་སོགས་གང་ཞིག་ཡིན་པ་མཚོན་སྟོན་བྱེད་པའི་མིང་ཞིག་ངེས་པར་དུ་དགོས་པ་ཡིན། ཚུལ་དེ་ནི་ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་ཁག་སོ་སོའི་སྲིད་གཞུང་གི་མིང་དོན་ལ་གཞིགས་པས་གསལ་རྟོགས་ཡོང་བ་ཡིན། རང་རེ་བོད་ལ་མཚོན་ན། སྲིད་དོན་གཙོ་ཆེར་སྤྱོད་དགོས་པའི་སྲིད་གཞུང་གི་བྱ་གཞག་ནང་དུ་ཆོས་ལུགས་ཀྱི་གོ་གནས་ཧ་ཅང་མཐོ་སྐྱོན་བྱུང་དྲགས་པས་སྲིད་ཕྱོགས་ནས་ལས་དོན་འཐུས་ཤོར་ཕྱིན་པ་ཧ་ཅང་མང་ལ། ད་ལྟའི་ཆར་ཡང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་མང་གཙོ་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མེད།  ཕྱི་ལོ་ ༢༠༠༢ ལོར་རྡ་རམ་ས་ལར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་དྲན་ལོ་གཅིག་རིང་སྲུང་བརྩི་གནང་བའི་མཇུག་སྡོམ་མཛད་སྒོའི་སྐབས་སུ། ད་ལྟའི་བཀའ་ཁྲི་མཆོག་གིས་༼ད་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་དེ་མུ་མཐུད་རྒྱུན་འཛིན་གནང་དགོས་མིན་ཐད་བོད་མི་མང་དང་གྲོས་ཚོགས་ཀྱིས་ཐུགས་བསམ་དང་བགྲོ་གླེང་བརྒྱུད་ཐག་གཅོད་གནང་རོགས་༽ཞེས་དང་། ༼ བོད་མི་མང་གི་མངོན་འདོད་གཙོ་བོ་དང་གལ་ཆེ་ཤོས་ནི་མཚན་ཉིད་ཚང་བའི་མང་གཙོའི་སྲིད་ལུགས་འདི་ལག་ལེན་གནང་རྒྱུ་དེ་ཡིན་ལ། ༧གོང་ས་མཆོག་གི་དགོངས་གཞིའང་དེ་རེད། དགའ་ལྡན་ཕོ་བྲང་གི་མཚན་གནས་དེ་རང་འཇགས་ཉར་རྒྱུ་ནི་གལ་ཆེ་ཤོས་དེ་ཆགས་མེད་ལ། ༧གོང་ས་མཆོག་གིས་ཀྱང་འདིའི་ཐད་ཐེངས་འགའ་ཤས་ལ་བཀའ་གནང་ཡོད་ནའང་། ད་བར་དུ་གནད་དོན་འདི་བོད་མི་ཚོར་གླེང་མེད་སྟབས། ད་ཐེངས་དགའ་ལྡན་ཕོ་བྲང་གི་མཇུག་སྡོམ་དུས་ཆེན་སྟེང་གནད་དོན་འདི་བོད་མི་མང་ལ་གླེང་བསླངས་པ་ཡིན་ལ། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་དགའ་ལྡན་ཕོ་བྲང་གི་མཇུག་སྡོམ་དུས་ཆེན་ཉིན་གཉིས་པོ་དེ་གལ་ཆེན་པོར་བརྩི་གི་ཡོད།༽ཅེས་སོགས་གསུངས་ཡོད། འོན་ཀྱང་སྐབས་བཅུ་གཉིས་པའི་བཀའ་ཤག་ཡིན་ནའང་འདྲ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཡིན་ནའང་འདྲ། གང་ལྟར་བཙན་བྱོལ་བོད་གཞུང་གིས་མང་གཙོའི་སྲིད་ལུགས་ནང་དགོས་གལ་ཆེ་བའི་དོན་གནད་འདིའི་ཐད་བོད་མི་མང་ལ་གླེང་བསླངས་པ་ཙམ་ལས་ད་བར་དུ་ཁ་གསལ་གྱི་འགྲེལ་བརྗོད་དང་ལམ་སྟོན་ཅི་ཡང་གནང་མྱོང་མེད་པ་མ་ཟད། དེ་ཐད་འགན་ཁུར་རང་བཞིན་གྱི་ལས་དོན་རིགས་ནི་དེ་བས་ཀྱང་གང་ཡང་བསྒྲུབས་མྱོང་མེད། ཕྱོགས་གཅིག་ནས་བཙན་བྱོལ་བོད་གཞུང་མང་གཉིས་ཁྲོད་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ་ ༣༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་དེ་ནས་བཟུང་དགའ་ལྡན་ཕོ་བྲང་ཞེས་པའི་གཞུང་རྙིང་པ་དེ་མཇུག་སྒྲིལ་བ་ཡིན་པའི་བསམ་ཚུལ་སླེབས་ཡོད་པར་བརྗོད་པ་ལྟར་ན། དེ་དང་དུས་མཉམ་དུ་བོད་ཀྱི་སྲིད་གཞུང་རྙིང་པའི་མཚན་གནས་དེ་ཡང་ངེས་པར་དུ་བརྗེ་བསྡུ་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད། རྒྱ་ཆེ་ཆུང་ལ་མ་བལྟོས་པར་མང་གཙོའི་གཞུང་ནི་སྲིད་དབང་མི་མང་གིས་ཁ་ལོ་བསྒྱུར་བར་བྱེད་པ་ཞིག་ལ་གོ་དོན་ལེན་དགོས་པས། མང་གཙོའི་སྲིད་གཞུང་ཞིག་གི་མཚན་གནས་དེ་ད་དུང་ཡང་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་མིང་ཐོབ་དང་འབྲེལ་ནས་བསྡད་ན། གཞུང་དེ་མང་གཙོའི་སྲིད་ལུགས་ཡོད་པའི་གཞུང་ཞིག་ཏུ་གསལ་རྟོགས་ནམ་ཡང་ཡོང་མི་ཐུབ་ཅིང་། དེ་ནི་མང་གཙོའི་ལམ་ལུགས་དང་ཡང་གཏན་ནས་མཐུན་ཐབས་མེད་པ་ཞིག་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གནད་དོན་འདི་ཕྱི་ལོ་ ༢༠༠༢ ལོར་བོད་མི་མང་ལ་ཐེངས་ཤིག་གླེང་སློང་ཙམ་གནང་ཡོད་པ་ལས། རང་རེའི་མང་གཙོའི་གཞུང་ལ་མང་གཙོའི་ལུགས་དང་མཐུན་པའི་མཚན་གནས་གསར་པ་ཞིག་དགོས་མཁོ་དང་འོས་བབ་ཆེ་བ་བཅས་ཐད་བསམ་གཞིགས་ཅི་ཡང་གནང་མེད་ཅིང་། གནས་ཚུལ་འདི་ཤེས་བཞིན་དུ་ཡང་ཁྱད་གསོད་ལྟ་བུའི་ངང་ཁོང་གི་སྲིད་གཞུང་གིས་ད་བར་དུ་གཞུང་འབྲེལ་གྱི་ལས་ཤོག་ཚུན་ཆད་ཀྱི་ཐོག་ཏུའང་དགའ་ལྡན་ཕོ་བྲང་ཞེས་པའི་མཚན་གནས་རྙིང་པ་དེ་བཞིན་བཀོལ་སྤྱོད་བྱས་དང་བྱེད་མུར་ཡོད་པ་བོད་མི་ཀུན་གྱིས་མཁྱེན་གསལ་ལྟར་རེད། ད་ནི་བཀའ་ཁྲིའི་ཡུན་ཚད་གཉིས་པ་དེ་ཡང་རྫོགས་ལ་ཉེ་བས་མང་གཙོའི་ལམ་སྲོལ་གྱི་ནང་འོས་བབ་མེད་པའི་དགའ་ལྡན་ཕོ་བྲང་ཞེས་པའི་གཞུང་རྙིང་གི་མཚན་གནས་དེ་བཀའ་ཁྲིའི་ལས་དུས་ནང་བརྗེ་བསྡུ་བྱེད་ཐུབ་པ་ཡིན་ན་ཕྱོགས་ངོས་མང་པོ་ཞིག་གི་ཆ་ནས་ཕན་དགེ་ཆེན་པོ་འབྱུང་བར་མངོན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 23

  1. jamyangdakpa says:
    ལོ་ 16 སྔོན།

    མཚན་གནས་ས྄ྔ་ནས་བས྄ྡུར་ཟིན།

    Reply
  2. ཟུར་མཁར་ says:
    ལོ་ 16 སྔོན།

    ཨོ་ད་རེད་མ་ཐལ། གྲོགས་གནས་ཚང་ལགས་ད་ང་གཉིས་ཀྱིས་བཤད་ནི་ཅང་ཐག་ཆོད་ས་མ་རེད། ཁྱེད་ལ་སེམས་ཤུགས་དང་ངར་ཤུགས་གཉིས་ཀ་འདུག་ སྡིག་པ་འཁུར་ང་ཞེ་ལེ་རེད། ངས་གནས་ཚང་གཞན་ཞིག་འཚོལ་ལེ་ཡིན།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    སྐུ་ངོ་ཟུར་མཁར་ལགས་ཀྱི་བཤད་སྟངས་འདིས་ལན་རྒྱག་སྟངས་འདི་དཀར་བོ་ཡིན་པ་སྒྲུབ་ཐུབ་རྒྱུ་ཁག་པོ་ཡིན་པར་མ་ཟད། ༼རང་མགོ་རང་གིས་གཡོག་ན་འཐོམ་གྱི་ལི་ལི༽ཞེས་པ་རང་ལས་འདའ་མེད། གཙོ་བོ་ནི་རྒྱ་གཞུང་ཕར་ཞོག་རྒྱ་མི་ཤེས་ཡོན་ཅན་ཡིན་ཟེར་མཁན་ཚོའང་དགའ་ཐག་ཆོད་ནས་དབྱིན་ཇིའི་BBCརྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པས་ཀྱང་སྐད་ཆ་འདི་གཅིག་པུ་ལོགས་སུ་གསར་འགྱུར་བཟོས་ཡོད་པ་མ་མཐོང་ངམ། དོན་ལ་ཉུང་མཐར་རྒྱ་ནག་གཞུང་གིས༼བོད་ས་གནས་སྲིད་གཞུང་རྩ་མེད་བཏང༽ཞེས་པའི་གསལ་བསྒྲགས་དེར་འགྱུར་བ་མ་བཏང་བའི་ཡར་སྔོན་བོད་འདི་བཞིན་རྒྱ་ནག་གི་ནང་སྲིད་ཡིན་པར་ཁས་ལེན་བྱས་ན། མི་རིགས་ཤིག་གི་ངོས་ནས་རང་སྲོག་རང་གིས་བཅད་པ་དང་གཉིས་སུ་མེད་པའི་ཁར། སྲིད་དོན་པ་ཞིག་གི་ཐད་ནས་ཀྱང་གྱོང་ལས་ཁེ་ཅི་ཞིག་ཡོད་དམ། དཔེར་ན། དེང་སྐབས་པེ་ཅིང་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་གླེང་སྐབས། ཁོང་གི་ཚེ་སྟོད་དུ་ཁ་བྲལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཡང་ཚེ་སྨད་ལ་དབུས་གཞུང་དང་བར་ཐག་ཉེ་རུ་བཏང་ནས་ལྷ་སར་དབུས་སྲིད་གཞུང་གི་སྐུ་ཚབ་གཏན་སྡོད་བྱེད་པར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཚུལ་ཆེར་བསྒྲགས་ཀྱིས་བོད་འདི་བཞིན་རྒྱ་ཁོངས་ཡིན་པ་དང་དབུས་སྲིད་གཞུང་གི་སྟངས་འཛིན་འོག་ཡོད་ཚུལ་བསྒྲུབས་ཀྱིན་འདུག

    Reply
  4. ཟུར་མཁར་ says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་ལ་ཡང་བསྐྱར་གནས་ཚང་ཐེངས་གཅིག་གཡར་རོགས་ཞུ་རྒྱུ་ཡིན། གུས་པས་ཁ་སང་”གོ་ནོར་ཐེབས་པའི་ཚིག་གྲུབ་ཅིག་”ལ་འཇུས་ཏེ་གོ་ནོར་ཐེབས་འདུག་ཞུས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། དབྱིན་ཇིའི་BBCརྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པས་༸གོང་ས་མཆོག་ལ་བཅར་འདྲིའི་སྐབས་ཀྱི་ལེ་ཚན་ནས་བཤུས་པའི་གསུང་ཚིག་དེའི་རྔ་མ་གཡུག་ནས་རྔོག་མ་ཁོ་ནར་འཇུས་རྐྱེན་ཁྱེད་ཅག་ལ་གོ་ནོར་དེ་ཐེབས་པ་རེད་བསམ། སྐུ་ཉིད་ནས་中国政府认为我们(西藏)问题是内部事务,我们也如此རྗེས་ཀྱི་ཚིག་རྣམས་ཞིབ་གཟིགས་གནང་དང་། དེས་འདོད་བློ་མ་ཁེངས་ན་དེ་སྔོན་ཞུས་པ་བཞིན་སྐད་ཇི་བཞིན་པ་དབྱིན་སྐད་ལ་བལྟ་ཉན་བྱེད་རོགས་ཞུ་རྒྱུ་ཡིན།
    བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གསུང་དེ་ཡང་དེ་བཞིན་ནོ།།
    དེའི་རྗེས་ཁྱེད་ཀྱི་གསུང་བ་ལྟར། ལན་རྒྱག་སྟངས་འདི་རིགས་ཀྱིས་མཇུག་འབྲས་ཅི་ཞིག་བསྐྱེད་མིན་ལ་བགྲོ་གླེང་གནང་རོགས། (ཚང་མས་མཁྱེན་ཆུབ་ལྟར་མ་འོངས་པར་འདི་རིགས་བོད་དེ་བཞིན་རྒྱ་ཁོངས་འཁྲུལ་མེད་སྒྲུབ་བྱེད་དུ་འགྱུར་གྱི་ཡོད་ལ། དེང་སྐབས་བོད་ལ་ཕན་ཐོགས་བ་སྤུ་ཙམ་ཡང་བསྐྲུན་ཐུབ་ཀྱི་མེད།)ཞེས་པའི་སྐོར་ལ་བགྲོ་གླེང་ཞུ་ཆོག་

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    (有关提问者的身份,录音不清):目前,藏中谈判已进入僵局,流亡政府有没有一个想法,就是请一个中间人,进行调停,来打破僵局,重新谈判?

    桑东仁波切:现在我们是地方政府和中央政府会谈,这样的情况下,我们不认为需要第三者参与,也没有必要让第三者参与。中国政府经常性的表现出对西藏流亡政府的不信任,但是,我们相信,在内心深处,他们是知道达赖喇嘛的真实愿望的,也就是达赖喇嘛并没有寻求独立。他们经常说西藏政府要求的名副其实的自治,就是半独立和变相独立,这不过是政治需要,或者说是他们的一种策略。如果不是如此的话,他们应该拿出达赖喇嘛搞独立和变相独立的证据。我们递交的自治意见书,是非常清楚的诉求,并且,可以清晰地看到,这个背后,到底是不是隐藏着独立的动机?!中国政府所说的,以及统战部的回答,我们寻求的独立,半独立,和变相独立,不过是他们的强词夺理,别有用心,这是很容易就能看得出来的。
    http://news.boxun.com/news/gb/intl/2009/08/200908190002.shtml
    ཟམ་གདོང་བླ་མའི་ལན་འདིར་གཟིགས་དང་། ༼དེང་ང་ཚོ་ས་གནས་སྲིད་གཞུང་དང་དབུས་གཞུང་བར་གྲོས་མོལ་བྱེད་ཀྱིན་ཡོད༽ཅེས་འགོ་འཛུགས་གནང་བ་མ་རེད་དམ།

    དེ་བས། ཚང་མ་ལོས་གོང་གསལ་གྱི་ལན་རྒྱག་སྟངས་འདི་རིགས་ཀྱིས་མཇུག་འབྲས་ཅི་ཞིག་བསྐྱེད་མིན་ལ་བགྲོ་གླེང་གནང་རོགས། (ཚང་མས་མཁྱེན་ཆུབ་ལྟར་མ་འོངས་པར་འདི་རིགས་བོད་དེ་བཞིན་རྒྱ་ཁོངས་འཁྲུལ་མེད་སྒྲུབ་བྱེད་དུ་འགྱུར་གྱི་ཡོད་ལ། དེང་སྐབས་བོད་ལ་ཕན་ཐོགས་བ་སྤུ་ཙམ་ཡང་བསྐྲུན་ཐུབ་ཀྱི་མེད།)

    Reply
  6. གནས་ཚང་། says:
    ལོ་ 16 སྔོན།

    ད་མང་པོ་ལབ་ནས་ཡོང་ཡ་ཡོག་མ་རེད། དེ་ལས་ཤོག་བུ་དཀར་པོ་དང་ཡི་གེ་ནག་པོར་ལྟ་རོགས།

    达赖:我们有人类语言,我想最好是发出讯息、发封信,而不是零星地发某种(间接)信号。

    还有一点,中国政府认为我们(西藏)问题是内部事务,我们也如此。

    འདིའི་ནང་དོན་ནི༼བོད་ཀྱི་གནད་དོན་རྒྱ་གཞུང་གི་ནང་སྲིད་ཡིན༽ཞེས་པའི་དོན་མ་རེད་དམ།

    Reply
  7. ཟུར་མཁར་ says:
    ལོ་ 16 སྔོན།

    གྲོགས་གནས་ཚང་ལགས། སྐུ་ཉིད་དེ་འདྲའི་སེམས་ཤུགས་ཆག་དགོས་པ་དང་། ངུ་སྐད་ཤོར་དགོས་པ་ཞིོག་འདུག་གམ། ཚིག་དང་འབྲུའི་གོ་བ་ཇི་བཞིན་ལེན་མ་ཐུབ་པའམ་ལེན་པའི་ཤེས་ཚད་ཀྱི་མ་ལྡང་ན། སྐད་ཡིག་དང་པོ་དང་སྒྲ་ཇི་བཞིན་ལ་བརྟག་དགོས་པ་ཁྲིམས་ཀྱི་འགྲོ་སྟངས་ཕྱིར་ན་གུས་པས་སྐུ་ཉིད་ལ་དྲ་ཚིགས་གཉིས་ཀྱི་ཁ་བྱང་འབུལ་ལམ་ཞུས་ཡོད་པས།སླར་ཡང་དགྱེས་གཟིགས་ཡོང་བའི་རེ་བ་ཡོད།http://www.tibet.org.tw/com_detail.php?com_id=290 དང་ http://news.bbc.co.uk/chinese/simp/hi/newsid_8190000/newsid_8193700/8193797.stm

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    ཟུར་མཁར་ཅན་ལགས། དེ་ལས་ལྷག་ཅིག་དགོས་ན། ཟམ་གདོང་བླ་མས་ཀྱང་བོད་དེ་བཞིན་ས་གནས་གཞུང་ཞིག་ཡིན་ཞེས་རྒྱ་མི་ཚོར་ལབ་འདུག དེ་བས། ལྷན་རྒྱས་ནས་ཅལ་འདྲོགས་མ་གནང་རོགས། ག་ལེར་ལོ་ངོ་ལྔ་བཅུ་ལྷག་ལ་དབུས་གཞུང་ལ་ཁ་གཏད་བཅད་པའི་ནག་ཉེས་ཇི་ལྟར་གུ་ཡངས་ཡོང་ཐབས་ལ་བསམ་བློ་གཏོང་རྒྱུ་ལས་མི་འདུག ད་ཡིན་ན། བོད་ཚར་ཐལ། བསྐྱལ་ཐལ། རྫོགས་ཐལ།

    Reply
  9. ལངས་གཉིད། says:
    ལོ་ 16 སྔོན།

    གཞུང་འདི་མི་དམངས་ཀྱིས་གདམས་པ་རེད། མིང་འདི་བསྒྱུར་དགོས་ཀྱི་མ་རེད་ལ་བསྒྱུར་ཐུབ་ཀྱི་ཡང་མ་རེད། དེ་བས་གཞུང་འདིས་མི་འགྲིག་ན་ང་ཚོས་གཞུང་གསར་པ་ཞིག་གདམས་ཆོག་གི་རེད། ཡིན་ནའང་ར་ལཱོ་ལགས་ཀྱི་གཞུང་དང་རྒྱལ་ཁབ་གཉིས་ཀྱི་དབྱེ་མཚམས་དེ་མ་ཤེས་པ་ནི་ཨ་ཡིན། ད་དུང་དཀོན་མཆོག་གིས་ཀྱང་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་༡༠༠་བྱས་འདུག་པས་གཞུང་དང་རྒྱལ་ཁབ་གཉིས་གཅིག་པ་མ་རེད།

    Reply
  10. བསེ་རུ། says:
    ལོ་ 16 སྔོན།

    གོང་དུ་ཡིག་ནོར་ཁག་ཅིག་ཤོར་འདུག་པས་སླར་ཡང་བཅོས་ཏེ་འདིར་བཀོད་ཡོད།

    གོང་གི་དྲ་གྲོགས་ཚོས་བསམ་ཚུལ་སྣ་མང་གླེང་གིན་འདུག
    ཐོག་མར་རང་ཉིད་ངོ་ཤེས་པ་བྱས་རྗེས། ད་གཟོད་འདས་པའི་བྱུང་རབས་ཀྱི་ནོར་འཁྲུལ་ངོས་བཟུང་སྟེ།
    འབྱུང་འགྱུར་གྱི་རྐང་ལམ་དེད་སྟངས་མ་ནོར་བ་བྱེད་དགོས་པའི་ཐབས་ལམ་འཚོལ་དགོས་པ་རེད། འདིས་མི་འགྲིག ཕ་གིས་མི་འགྲིག་ཅེས་སྐྱོན་འདོན་རྐྱང་རྐྱང་བཤད་ནས་བསྡད་ན། ཕན་གནོད་གང་ཡོང་ཆ་མི་འཚལ། སྤྱིར་ཐེར་འདོན་ནི་བསྒྱུར་བཅོས་ཀྱི་སླད་དུ་ཡིན་ན་ཡང་། ཐེར་འདོན་བྱེད་མི་ཤེས་ན་ཁེ་ལས་གྱོང་ཆེ་བ་རག་ཉེན་ཡོད།

    མིང་ལས་དོན་གལ་ཆེ་བས། མིང་གང་བཏགས་ཀྱང་དེ་ནི་བཏགས་ཟིན་པའི་མིང་ཞིག་རེད། ང་ཚོ་བོད་པ་གཅིག་པུ་མ་རེད། སྤྱི་མིང་བྱེ་བྲག་ལ་ཐོགས་པ་དང་། བྱེ་བྲག་གི་མིང་སྤྱི་མིང་དུ་འགྱུར་བ་དེ་འདྲ་འཇིག་རྟེན་གྱི་མིང་འདོགས་སྟངས་ཀྱི་འགྲོ་སྟངས་ཤིག་རེད། གང་ཟག་གི་མིང་བསྟན་བཅོས་ལ་བཏགས་པ། ཡུལ་མིང་གང་ཟག་ལ་བཏགས་པ་སོགས་སྣ་ཚོགས་ཤིག་ཡོད་མུས་རེད། དེ་ནི་གནད་དོན་གལ་ཆེ་ཞིག་མ་རེད་བསམ། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བཏགས་པ་ཙམ་གྱིས་བོད་པའི་རྩ་དོན་གྱི་ཐོག་ནོར་འཁྲུལ་འདི་དང་དེ་ཞེས་བྱུང་བ་རེད། བོད་རང་བཙན་ཤོར་བ་དེ་ལ་བརྟེན་ནས་བྱུང་བ་རེད་ཅེས་སོགས་བཤད་ན་དེ་ནི་མིང་གིས་གནད་དོན་གྱི་ཐོག་ནས་བྱུང་བ་ཞིག་མ་རེད་བསམ་གྱིན་ཡོད་དོ།།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    གོང་གི་དྲ་གྲོགས་ཚོས་བསམ་ཚུལ་སྣ་མང་གླེང་གིན་འདུག
    ཐོག་མར་རང་ཉིད་ངོ་ཤེས་པ་བྱས་ཏེ། ད་གཟོད་འདས་པའི་བྱུང་རབས་ཀྱི་ནོར་འཁྲུལ་ངོས་བཟུང་སྟེ།
    འབྱུང་འགྱུར་ཀྱི་རྐང་ལམ་དེད་སྟངས་མ་ནོར་བ་བྱེད་དགོས་པའི་ཐབས་ལམ་འཚོལ་དགོས་པ་རེད། འདིས་མི་འགྲིག ཕ་གིས་མི་འགྲིག་ཅེས་སྐྱོན་འདོན་རྐྱང་རྐྱང་བཤད་ན་བསྡད་ན། ཕན་གནོད་གང་ཡོང་ཆ་མི་འཚལ། སྤྱིར་ཐེར་འདོན་ཀྱི་བསྒྱུར་བཅོས་ཀྱི་སླད་དུ་ཡིན་ན་ཡང་། ཐེར་འདོན་བྱེད་མི་ཤེས་ན་ཁེ་ལས་གྱོང་ཆེ་བ་རག་ཉེན་ཡོད།

    མིང་ལས་དོན་གལ་ཆེ་བས་མིང་གང་བཏགས་ཀྱང་དེ་ནི་བཏགས་ཟིན་པའི་མིང་ཞིག་རེད། ང་ཚོ་བོད་པ་གཅིག་པ་མ་རེད། སྤྱི་མིང་བྱེ་བྲག་ལ་ཐོགས་པ་དང་། བྱེ་བྲག་གི་མིང་སྤྱི་མིང་དུ་འགྱུར་བ་དེ་འདྲ་འཇིག་རྟེན་གྱི་མིང་འདོགས་སྟངས་ཀྱི་འགྲོ་སྟངས་ཤིག་རེད། གང་ཟག་གི་མིང་བསྟན་བཅོས་ལ་བཏགས་པ། ཡུལ་མིང་གང་ཟག་ལ་བཏགས་པ་སོགས་སྣ་ཚོགས་ཤིག་ཡོད་མུས་རེད། དེ་ནི་གནད་དོན་གལ་ཆེ་ཞིག་མ་རེད་བསམ། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བཏགས་པ་ཙམ་གྱིས་བོད་པའི་རྩ་དོན་གྱི་ཐོག་ནོར་འཁྲུལ་འདི་དང་འདི་ཞེས་བྱུང་བ་རེད། བོད་རང་བཙན་ཤོར་བ་དེ་ལ་བརྟེན་ནས་བྱུང་བ་རེད་ཅེས་སོགས་བཤད་ན་དེ་ནི་མིང་གིས་གནད་དོན་གྱི་ཐོག་ནས་བྱུང་བ་ཞིག་མ་རེད་བསམ་གྱིན་ཡོད་དོ།།

    Reply
  12. རལ་གྲི་ཅན། says:
    ལོ་ 16 སྔོན།

    བསམ་ཚུལ་དེ་ཡགན་པོ་རེད་དགའ་ལྡན་ཕཽ་བྲང་གི་མིང་འདི་བརྗེ་བོ་རྒྱག་རན་རེད། དགའ་ལྡན་ཕོ་བྲང་འདིས་ཅང་འཇོན་ཡོད་མ་རེད། གོང་ས་ལྔ་པ་དང་སྡེ་སྲིད་
    སངས་རྒྱས་རྒྱ་མཚཽ་གཉིས་ཀྱི་ཐུགས་བཞེད་ལམ་ལྷོངས་ཡོངས་ན་བོད་འདི་འདི་ལྟ་བུ་ཞིག་ག་ལ་ཡིན། འོན་ཀྱང་བོད་འཇམ་དབྱངས་བཞད་པས་ཕུང་བ་རེད། དུས་དེ་ནས་བཟུང་བོད་གཞུང་ནི་བླ་བྲང་འདྲ་བོ་ཞིག་ལས་རྒྱལ་ཁབ་ཞིག་རྣམ་པ་མེད་པ་རེད།

    Reply
  13. ཟུར་མཁར་ says:
    ལོ་ 16 སྔོན།

    དྲ་གྲོགས་གནས་ཚང་ཅན་ནས་གོ་ནོར་ཐེབས་པའི་ཚིག་གྲུབ་ཅིག་བསམ་གཟས་ནས་སམ་སྣང་མེད་གང་རུང་གིས་འདིར་བཀོད་འདུག་པར་བློ་བདེ་མ་བྱུང་། གནས་ཚུལ་དངོས་མཁྱེན་འདོད་ཡོད་མཁན་ནས་http://news.bbc.co.uk/chinese/simp/hi/newsid_8190000/newsid_8193700/8193797.stm གཟིགས་རོགས་གནང་།

    Reply
  14. གསང་གཏོར། says:
    ལོ་ 16 སྔོན།

    གོང་གསལ་གྱི་རྩོམ་ཡིག་འབྲི་མཁན་དང་བསམ་ཚུལ་སྟོན་མཁན་ཚོར་ད་དུང་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་འཕོ་འགྱུར་དང་ད་ལྟའི་གནས་སྟངས་སོགས་ལ་རྒྱུས་ལོན་ཅུང་ཞན་པོ་ཡོད་པའི་ཚོར་སྣང་བྱུང་སོང༌། བཙན་བྱོལ་བོད་གཞུང་གི་མང་གཙོ་སོགས་བརྒྱ་བཤད་སྟོང་བཤད་ཇི་ལྟར་བ྄ྱས་ཀྱང་རུང་དོན་དངོས་སུ་ང་ཚོའི་གཞུང་དེ་༸གོང་ས་མཆོག་གི་དབུ་ཁྲིད་པའི་གཞུང་ཞིག་རེད་མ་གཏོགས་ཟམ་གདོང་བླ་མའི་དབུ་ཁྲིད་པའི་བཙན་བྱོལ་གཞུང་ཞིག་ག་ལ་ཡིན། དེ་ཡིན་དུས་༸གོང་ས་མཆོག་གི་བཀའ་དགོངས་དང་བསྟུན་ནས་ལས་ཀ་དང་ལག་བསྟར་བྱེད་དགོས་དུས། ད་ལྟའི་སྐབས་སུ་ལམ་གཞན་ཞིག་མེད་པ་མཐོང་ཆོས་སུ་ཡོད་པ་འདི་རེད། དཔེར་ན་འདས་པའི་མི་ལོ་བརྒྱད་ཙམ་རིང་ཟམ་གདོང་བླ་མས་གང་ཡོང་ཅི་ཡོང་བྱས་ཏེ་མཐའ་ན་རང་སྲོག་ཚུན་ཆད་འབེན་ལ་གཙུགས་ཏེ་ལས་དོན་དང་བཅོས་སྒྱུར་མང་པོ་བྱས་ཡོད་རེད། དོན་དངོས་དེ་འདྲ་ཞིག་འདུག་ག མཐའ་མ་ག་རི་བྱུང་ཡོད་རེད་བཀའ་བསྐྱོན་གཉིས་ཀྱི་འོག་ནས་ཉེ་དུས་སྤྱི་ཟླ་ལྔ་པའི་ནང་བྱུང་བའི་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་གནད་དོན་དེ་ཆགས་པ་རེད། ང་ཚོའི་མང་གཙོ་ཟེར་བ་དེ་ཚད་དེ་ག་གཅིག་སླེབས་ཡོད་རེད། དོན་དངོས་ཐོག་བོད་རྒྱལ་ཁབ་དང་བཙན་བྱོལ་གྱི་ལོ་རྒྱུས་ནང་མང་གཙོ་ཐོག་དཔའ་ངར་ཞུམ་མེད་ཀྱི་མདུན་སྤྱོད་དང་སྒྱུར་བཅོས་གཏོང་མཁན་དེ་ཟམ་གདོང་ཁོང་མ་གཏོགས་སུ་ཡང་བྱུང་མེད། དེ་ཡང་ཁོང་གི་འདས་པའི་མི་ལོ་ཉི་ཤུ་ནང་སྒྱུར་བཅོས་བཏང་བ་ཞིག་ཡིན། དེར་བརྟེན་བཀའ་བློན་ཁྲི་པ་དེ་ད་ལྟའི་སྐབས་སུ་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱེད་བཞིན་པ་དེ་ཕྱིའི་མང་གཙོ་རྣམ་འབྱོར་ཞིག་ལས། དོན་དངོས་ཐག་གཅོད་བྱེད་དབང་གང་ཡང་མེད་པ་ཀུན་གྱི་མཁྱེན་གསལ་རེད། ང་ཚོའི་གཏམ་དཔེར། ཡར་ལང་ན་མགོ་རྡབ། མར་སྡད་ན་རྐུབ་རྡབ། ང་ནི་བཀའ་བློན་ཁྲི་པ་ལ་སྙིང་རྗེ་སྐྱེ་ཡོང་གི་འདུག དེ་བཞིན་དགའ་ལྡན་ཕོ་བྲང་མཚན་གནས་ཕྱིར་བསྡུ་བྱེད་འདོད་ཡོད་ནའང་ལག་བསྟར་བྱེད་བརྒྱུད་རམ་ཚང་མ་བརྒྱུད་དགོས་དུས་ཡོང་ཐབས་བྲལ་བ་གནས་ཤིག་ཏུ་གྱར་ཡོད་པ་ཕྱི་གསལ་ནང་གསལ་རེད། ཨ་རོགས་ཆ། ཞིབ་འཇུག་དང་རྩོམ་ཡིག་སོགས་འབྲི་དུས་དོན་དངོས་ལ་གཞིར་གཞག་དགོས་ལ། དེ་ནི་རྩོམ་པ་པོ་ཞིག་གི་འགན་འཁྲི་བླ་ན་མེད་པ་ཞིག་ཡིན། སྨ་བརྗོད་རང་དབང་བེད་སྤྱོད་ཐོང༌། བོད་པའི་མིང་དོན་མཚུངས་པའི་མང་གཙོ་རྒྱལ་ལོ།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་རང་གི་འཇོན་ཚོད་ལ་དཔག་པའི་སྤྱི་དོན་ལ་འབད་རྒྱུ་ལས། མིང་ཙམ་ལ་རྕོད་པ་དང་། ཆེ་ས་དོར་ནས་ཆུང་ས་གཙོ་ཆེར་འཛིན་པའི་དུས་ཚོད་མ་རེད་སྙམ།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ང་རང་གི་ལྟ་ཚོད་ཡིན་ན་བོད་པ་ཚང་ལ་མིང་གི་མནར་མེད་པར་འདོད། བོད་པ་་དག་གིས་རང་རང་གི་ནུས་པ་ཡོད་ཚད་ཀྱིས་བོད་ཀྱི་ཆེད་དུ་ལས་ཀ་བྱས་པ་ཡིན་ན་མིང་ལས་དོན་ལ་གལ་ཆེན་ཡིན་སྟབས། དོན་དག་འགྲུབ་རྒྱུ་ནི་གལ་ཆེན་དུ་མཐོང་།

    Reply
  17. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    སློབ་གྲོགས་བཀྲ་ཤིས་ལགས་ཀྱི་བསམ་ཚུལ་འདི་ནི་ཤིན་ཏུ་རྨད་དོ།།ཁྱེད་ནུབ་ཕྱོགས་བདེ་བ་ཅན་ལ་བཞུད་རྗེས་ནས་གནས་ཚུལ་གང་ཡང་མ་ཐོས་ལ།་དེ་རིང་རླུང་བུ་ཐོལ་རྒྱག་གིས་འདིར་མངོན་པར་སྙིང་ནས་དགའ།གཤམ་ནས་མཚམས་ཞུ་ཞུ་རྒྱུ་ཞིག་ལ།ཁྱེད་རང་སྐུ་བདེའམ།ཁྱེད་ཀྱི་རྩོམ་ཡིག་འདི་མཇལ་བས་ཤིན་ཏུ་དགའ་སོང།

    Reply
  18. ཡོན་ཏན says:
    ལོ་ 16 སྔོན།

    མིང་ལས་དོན་གལ་ཆེ་ཙམ་གནང་ན་དེ་གའི་འགྲིག་ མོས་ལུགས་ཀྱི་མིང་རྒྱལ་ཁབ་ལ་ཐོབ་པ་བོད་པ་གཅིག་བུ་ག་ལ་ཚད།

    Reply
  19. གནས་ཚང་། says:
    ལོ་ 16 སྔོན།

    ད་ལྟ་ལྷན་རྒྱས་ནས་དཀའ་ལས་འདི་འདྲ་མང་པོ་ཞིག་རྒྱག་དགོས་ཀྱི་ཡོད་པ་མ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་དགའ་ལྡན་ཕོ་བྲང་དང་བཅས་པ་གཅིག་ཀྱང་ཤོང་གི་མ་རེད། བརྗོད་གཞི་འདི་དག་རྙིང་པའི་རིགས་ཡིན་ཞིང་། བོད་དོན་དེ་བཞིན་རྒྱ་ནག་གི་ནང་སྲིད་ཡིན་ཞེས་ཏཱ་ལའི་བླ་མས་རྒྱ་མི་གསར་འགོད་པ་ཚོར་ལན་རྒྱག་ཀྱིན་པ་མ་མཐོང་ངམ། དངོས་གནས་ཁྱོད་རང་ཚོར་ཡར་བསྐྱེད་ཅིག་ཁྱོན་ནས་མི་འདུག

    Reply
  20. དཀོན་མཆོག says:
    ལོ་ 16 སྔོན།

    རྭ་ལོ་ལགས་ཀྱིས་གསུངས་པར་བརྒྱ་ཆ་༡༠༠ ཐམ་པ་རྒྱབ་སྐྱོར་ཡོད།

    Reply
  21. རྭ་ལོ། says:
    ལོ་ 16 སྔོན།

    བཀྲ་ཤིས་ཀྱི་བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། བསམ་ཚུལ་འདི་ཐོག་མར་འདོན་མཁན་ནི་ད་ལྟའི་བཀའ་ཁྲི་བསམ་གདོང་རིན་པོ་ཆེ་མཆོག་རེད། ཁོང་གིས་བོད་གཞུང་ཟློས་གར་ཁང་ནས་དགོངས་ཚུལ་འདི་བཏོན་མ་ཐག བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་སོགས་མང་པོ་ཞིག་གིས་ཁ་རུབ་ནས་བྱས་ངོ་རྒོལ་བྱས་པ་རེད།

    བསམ་གདོང་རིན་པོ་ཆེ་བཀའ་ཁྲིར་ཕེབས་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ཕམ་ཁ་ཐེངས་དང་པོ་འདི་མྱངས་པ་རེད།

    ད་ནི་ང་ཚོས་དགའ་ལྡན་ཕོ་བྲང་གི་ཚབ་ཏུ། བོད་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཅེས་མིང་བཏགས་ན་མི་འགྲིག་པ་ཅི་ཡོད། དམངས་གཙོ་ལ་འགྲོ་གི་ཡིན་ན་ཁ་ཞེ་གཉིས་མེད་ཀྱིས་ཤར་སྐྱོད་བྱེད་དགོས་པ་རེད། དཔའ་བོ་བཅའ་རྒྱུ་ཞིག་དང་། སྲོག་ལ་འཛེམས་རྒྱུ་གཉིས་ཀ་ཡོང་གི་མ་རེད།

    Reply
  22. དཀོན་མཆོག says:
    ལོ་ 16 སྔོན།

    དེ་ཙམ་ག་ལ་ཚད། ད་ཡོད་བོད་ཀྱི་རྒྱལ་དར་ཡང་བོད་ཆོལ་ཁ་གསུམ་གྱི་མཚོན་རྟགས་མ་རེད་ཟེར་ནས་མཁས་དབང་མང་པོས་གསུང་ཡོད་པ་རེད།
    ཡིན་ནའང་། གནས་དོན་དེ་ཚོའི་སྐོར་ང་ཚོས་ཇི་ལྟར་གླེང་སློང་བྱེད་ཀྱང་། ཕན་ཐོག་ཡོངས་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། ཆབ་སྲིད་བླུ་བྲིད་བྱེད་མཁན་དག་དག་མ་གཏོགས། ལྷག་བསམ་རྣམ་པར་དག་པ་ཞིག་བྱ་མཁན་ཧ་ཅང་ཁག་པོ་རེད།

    Reply
  23. བདེ་བ་ཅན། says:
    ལོ་ 16 སྔོན།

    དགའ་ལྡན་ཕོ་བྲང་ཞེས་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་མིང་དེ་མེད་པ་བཟོས་ནས་གངས་སྐྱིད་ཕོ་བྲང་ཞེས་པ་ཞིག་བཏགས་ན་གང་འདྲ་འདུག་གམ། ད་ལྟའི་ཆར་ཀུན་གྱི་མཐོང་ཆོས་སུ་ཡོད་པར་དགའ་ལྡན་ཕོ་བྲང་ཞེས་པའི་མིང་དེ་བེད་སྤྱོད་བྱ་གི་མེད་པར་བཙན་བྱོལ་བོད་གཞུང་བཀའ་ཤག་ཞེས་པ་སོགས་བེད་སྤྱོད་གནང་གི་ཡོད། འོན་ཏེ་ལས་ཤོག་དང་ལས་ཐམ་གྱི་སྟེང་དུ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་བཀོད་ཡོད། དེའི་ཐོག་ནས་བོད་ཀྱི་འདས་དོན་ལོ་རྒྱུས་མཚོན་གྱི་ཡོད་པ་ལས། མང་གཙོའི་ལམ་དང་མ་མཐུན་པ་ཞིག་ཡིན་པར་བསམ་གྱི་མེད། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན་ལས་རྟགས་སྟེང་གི་བྱུར་བས་དེ་ཚོར་ཆོས་ལུགས་ནང་པ་ཡིན་པའི་རྒྱལ་པོ་ཨ་ཤོ་ཀཱ་དང་འབྲེལ་བ་ཡོད་ཀྱང༌། ཁོངཚོས་དེ་མུ་མཐུད་བེད་སྤྱོད་བྱས་ཏེ་སྟོབས་ཆེ་བའི་ཧིན་རྡུའི་ཆོས་ལུགས་ཀྱི་རྣམ་པ་མཚོན་ ཐབས་མ་བྱས་པ་གང་ཡིན་ནམ། འདི་ནི་དྲི་བ་ ཞིག་རེད། བོད་ཀྱི་ལོ་རྒྱུས་ཐོག་རི་བོ་དགེ་ལུགས་པར་དད་གུས་ཆེ་བའི་དབང་གིས་ཁྱིམ་མཚེས་རྒྱལ་ ཁབ་མང་པོར་འབྲེལ་ལམ་བཙུག་རྒྱུ་དང་དམག་ཤུགས་འགྲན་རྒྱུ་སོགས་གང་སར་སྙན་གྲགས་ཁྱབ་ཡོད་པ་དེའང་ལོ་རྒྱུས་ནང་འཁོད་ཡོས་པས་ད་ལྟ་སུ་ཞིག་གིས་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར་ལོ་རྒྱུས་ལ་བརྩི་འཇོག་དགོས་པས། དགའ་ལྡན་ཕོ་བྲང་ཞེས་པའི་མིང་དེ་མེད་པར་འགྱུར་ཟིན་ཡང་དེ་ལས་ཆད་པའི་ལོ་རྒྱུས་ཀྱི་དྲན་གསོ་བྱས་པའི་ལོ་ངོ་ 360་ ལྟ་བུ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཆེད་དུ་དགོས་ངེས་ཞིག་ཡིན་པ་ལས་མིང་དེ་རྦད་དེ་མེད་པ་བཟོ་དགོས་ཟེར་བ་ནི་རྒྱུ་ མཚན་དེ་ཙམ་ཡོད་པ་ཞིག་ཏུ་མཐོང་གི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese