མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྡ་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

༄༅། །སྤྱི་ལོ་  ༢༠༡༠ ཟླ་ ༡  ཚེས་ ༥ ནས་ ༡༠ བར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་སྒོས་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དམ་པར་བྱང་ཆུབ་ལམ་སྒྲོན་སོགས་གསུང་ཆོས་བཀའ་དྲིན་བསྐྱང་གཏན་འཁེལ་བ་དང་སྟབས་བསྟུན་ ༢༠༡༠ ཟླ་ ༡  ཚེས་ ༣ ནས་ ༡༠ བར་གདན་ས་གྲ་ཚང་དྲུག་ནས་དགེ་བཤེས་ལྷ་རམས་པ་རེ་རེའི་དམ་འཇོག་དང་མཐར་བྱམས་པ་གདན་འདྲེན་བཅས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཕར་མ་ཞིག་འཚོག་གཏན་འཁེལ་བ་ལགས་ན་དད་ལྡན་སེར་སྐྱ་མི་མང་ཡོངས་ནས་ཐུགས་སྣང་ཡོང་བ་ཞུ་རྒྱུ་ཡིན།
 དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཉིད་གནས་མཆོག་རྡོ་རྗེ་གདན་དུ་གདན་ས་གསུམ་གཙོ་བོར་གྱུར་བའི་དགེ་དགོན་ཡོངས་རྫོགས་མཉམ་ཚོགས་ཐུབ་ཐབས་སུ་སྨོན་ལམ་ཚོགས་པ་ཆེད་འཛུགས་ཞུས་ཀྱང་དུས་རྒྱུན་དགེ་འདུན་པ་ཕེབས་རྒྱུ་སོགས་གང་ཅིའི་དཀའ་ངལ་ལ་བརྟེན་ཚོགས་ཐུབ་ཀྱི་མེད་ཀྱང༌། ྋགོང་ས་མཆོག་གི་གསུང་ཆོས་དང་སྟབས་བསྟུན་བྱུང་ན་དགེ་འདུན་པ་ཕེབས་རྒྱུ་སོགས་གང་ཅིའི་མཐུན་རྐྱེན་འབད་མེད་ལྷུན་གྲུབ་ཡིན་པ་དང༌། ལྷག་པར་ྋགོང་ས་མཆོག་གི་གསུང་ཆོས་ལ་བཅར་འདུན་སྐོམ་པས་ཆུ་འདོད་ལྟར་ཆེ་བ༌། གདན་ས་གྲ་ཚང་ཁག་སོགས་ན་དགེ་འདུན་པ་ཧ་ཅང་མང་ཡང་བཞུགས་སའི་དཀའ་ངལ་ལ་བསམ་སྟེ་ཕེབས་མ་ཐུབ་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་བཅས་སྟབས་གཅིག་དོན་གཉིས་ལ་དམིགས་ཏེ་སྨོན་ལམ་ཚོགས་པས་འགྲོ་གྲོན་བཏང་སྟེ་དགེ་འདུན་པ་རྣམ་པའི་བཞུགས་གུར་སོགས་གང་འོས་གྲ་སྒྲིག་ཞུ་རྒྱུ་ལགས་ན།  དགེ་འདུན་པ་སོ་སོའི་ངོས་ནས་རང་དོན་རང་གཅེས་ཀྱིས་སོ་སོའི་དགོན་པ་གྲ་ཚང་སོགས་ལ་ཐོ་འགོད་གནང་རྒྱུ་མ་ཟད།  དགོན་པ་གྲ་ཚང་སོ་སོས་ཀྱང་འགན་འཁུར་གྱིས་གསུང་ཆོས་སམ་སྨོན་ལམ་ལ་བཅར་མཁན་དགེ་འདུན་ཇི་ཡོད་མཚན་གཞུང་དང་བཅས་ཁ་གྲངས་ཁ་གསལ་་གཤམ་གསལ་ཁ་བྱང་ཐོག་སྤྱི་ཟླ་ ༩ ཚེས་ ༣༠ སྔོན་ཚུད་ངེས་གནང་ཡོང་བ་ཞུ་རྒྱུ་ནི་དོན་དངོས་དགེ་འདུན་གྱི་གྲངས་འབོར་ལ་གཞིགས་པའི་གྲ་སྒྲིག་ཞུ་རྒྱུ་ལས་གྲ་ཚང་ཆེ་ཆུང་དང་ གྲ་ཚང་འདྲ་འདྲའི་གནས་སྟངས་ཀྱི་ཐོབ་ཐང་ལྟ་བུ་འབུལ་ཐབས་མེད་པས་དོ་བདག་སོ་སོ་དང༌། དགོན་པ་གྲ་ཚང་སོ་སོས་འཐུས་ཤོར་བྱུང་ཏེ་སྐབས་མཚམས་བཞུགས་སའི་དཀའ་ངལ་འཕྲད་ཚེ་སྨོན་ལམ་ཚོགས་པས་འགན་འཁུར་ཞུ་ཐབས་བྲལ་བ་བཅས་དགོངས་འཇག་འཚལ།

 

 དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཝ་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་ནས།

gelug monlam committee
tibetan monastry SA 10/83
p.o sarnath varanasi U.P pin 221007
Phone: 9559289080 / 9793333079

 

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

༢༠༢༥/༠༨/༢༢
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

མཆན། 1

  1. རྒྱུད་བཞིའི་མྱུ་གུ། says:
    ལོ་ 16 སྔོན།

    དགེ་ལུགས་ྶྨོན་ལམ་ཚོགས་གཏན་འཁེལ་བས་གནས་དང་དུས་ཁྱད་འཕགས་ཅན་ཡིན་པས་དགའ་འོས་ཀྱང་དགེ་འདུན་པ་རྣམས་ཀྱི་བཞུགས་ཡུལ་ལ་དཀའ་ངལ་འདྲ་མ་འཕྲད་པ་ཤོག་དཀོན་མཆོག་མཁྱེན།་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese