མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཞིག་བསད་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྩེ་སྐར་གྱི་དུས་བབ་ཟིན་བྲིས་ལས་བཤུས།

ཁུངས་ལྡན་གནས་ཚུལ་ཞིག་ཞུ་རྒྱུར། སྤྱི་ལོ་ ༢༠༠༩ ལོའི་ཟླ་བ་ ༧ པའི་ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ དང་སྐར་མ་ ༢༠ ཐོག་ལྷ་སར་རྒྱ་མི་རིགས་གསུམ་གྱིས་བོད་རིགས་ན་གཞོན་ཞིག་ལ་གྲིས་རྒྱབ་ནས་བསད་པའི་གནས་ཚུལ་ཐོན་འདུག བོད་རིགས་ན་གཞོན་དེ་ནི་འཕན་པོ་ལྷུན་གྲུབ་རྫོང་སུམ་པ་ཤང་འུ་སུག་གྲོང་ཚོ་ནས་ཡིན་པ་དང་། མིང་ལ་བསྟན་པ་རྒྱལ་མཚན་ཟེར་ཞིང་ལོ་ཉི་ཤུ་ནས་སུམ་ཅུའི་བར་རེད། ནང་དུ་ཨ་མ་རྒས་འཁོགས་རྐང་ཆག་གཅིག་ལས་མེད་པ་མ་ཟད་མ་བུ་གཉིས་ཀྱི་ཁྱིམ་ཚང་གི་འཚོ་བ་ཧ་ཅང་ཞན་པས་ལོ་ཤས་ནང་ཨར་པོ་རྒྱུག་ནས་འཚོ་ཐབས་བྱས། འདི་ལོར་ཐབས་ཤེས་གང་དྲག་དང་འགྲོ་སོང་ཕོན་ཆེན་བཏང་ནས་ཁ་ལོ་བའི་ལག་འཁྱེར་ཞིག་བཟོ་ཐུབ་ཙམ་བྱུང་ནས་མི་གཞན་གྱི་གླ་བྱེད་རླངས་འཁོར་གཏོང་གིན་ཡོད་འདུག ཟླ་བ་ ༧ པའི་ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ པའི་ཐོག་སྦྱིན་བདག་གི་ས་ནས་རླངས་འཁོར་བླངས་ནས་ཆུ་ཚོད་ ༩ དང་སྐར་མ་ ༢༠ ཙམ་དུ་འགྲུལ་བ་དང་པོ་དེ་རྒྱ་མི་རིགས་གསུམ་སྐྱེལ་དུ་སོང་། ལྷ་སའི་ནུབ་ཕྱོགས་བརྒྱད་གཅིག་ཞིང་ར་ཞེས་པའི་མདུན་གྱི་ལམ་དེར་འབྱོར་མཚམས་རྒྱུ་རྐྱེན་གང་ཡིན་མེད་པར་རྒྱ་མི་གསུམ་པོས་ཁ་ལོ་བ་བསྟན་པ་རྒྱལ་མཚན་ལ་ཉེས་རྡུང་དྲག་པོ་བཏང་ནས་རྩིག་མའི་འོག་ལ་གྲི་གཅིག་དང་སོག་པའི་སྒང་ལ་གྲི་གཅིག་རྒྱབ་ནས་ཁྲག་ཚང་མ་ཁོག་པའི་ནང་དུ་ཤོར་ནས་ས་ཆ་དེ་རང་དུ་བསད། སྐབས་དེར་གནས་ཚུལ་དེ་དངོས་སུ་མཐོང་མཁན་གྱི་བོད་རིགས་སློབ་ཕྲུག་གཉིས་ཀྱིས་ཁོང་ཚོར་བར་འདུམ་བྱེད་སྐབས་རྒྱ་མི་དེ་ཚོས་ཁོང་གཉིས་ལ་ཡང་གྲིས་བརྒྱབས་ནས་གཅིག་ལ་རྨས་སྐྱོན་ཆེན་པོ་ཕོག་ནས་ད་ལྟ་མི་དམངས་སྨན་ཁང་གཉིས་པའི་ནང་སྨན་བཅོས་བྱེད་བཞིན་སྲོག་ཉེན་ལས་གྲོལ་མི་འདུག སློབ་མ་དེའི་ཨ་མ་སྨན་ཁང་དེའི་སྨན་པ་རེད་འདུག སློབ་མ་གཞན་དེ་སྨན་ཁང་དེ་ནས་སྨན་བཅོས་མ་བྱས་པར་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་བསྐྱལ་ནས་ད་ལྟའི་གནས་སྟངས་གསལ་པོ་མི་ཤེས། སྐབས་དེའི་གནས་ཚུལ་ཚང་མ་ལམ་ཟུར་གི་གཟུགས་མཐོང་བརྙན་པར་ནང་གསལ་བོར་ཐེབས་ཡོད་ཀྱང་། ད་ལྟ་རྒྱ་མི་ཉེས་ཅན་པ་གསུམ་པོ་གར་སོང་ཆ་མེད་རེད་ཟེར་ནས་འཇུ་བཟུང་བྱས་མི་འདུག རྗེས་སུ་ཐག་གཅོད་གང་འདྲ་བྱས་ཡོང་བསམ་པའི་བློ་འཚབ་བྱེད་རྒྱུ་ལས་ཐབས་ཤེས་ཅི་ཡང་མི་འདུག   གང་ལྟར་བོད་ས་ཡོངས་ལ་དེ་དང་དེ་འདྲ་བའི་་གནས་ཚུལ་རིགས་མང་པོ་ཐོན་ན་ཡང་རྒྱ་གཞུང་གིས་དྲང་པོའི་ཐག་གཅོད་ཅིག་གཏན་ནས་བྱེད་ཀྱིན་མེད་པར་བརྟེན་ག་དུས་ཡིན་ཡང་བོད་མི་ཚོར་གྱོང་ཁོ་ན་རག་གི་ཡོད།     

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 10

  1. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ་མི་རིགས་ཚོས་སྡུག་སེམས་མཉམ་བསྐྱེད་ཀྱིས་རྒྱ་ནག་ཏུ་ཁོང་ཚོའི་མི་རིགས་འགའ་རྒྱ་མི་རིགས་ཀྱིས་བསད་པར་སྐད་འབོད་ཤུགས་ཆེན་པོ་བྱས་སོང་།
    སྐབས་འདིར་བོད་མི་ཚོས་མ་ཎི་འདྲ་བགྲང་བ་ལས་འདིའི་ཐད་ལས་འགུལ་གང་ཡང་སྤེལ་མ་སོང་།
    འདས་པོ་འདིའི་གནས་སྟངས་ལ་བལྟས་ན་ངུ་ཤོར་ཡོང་བའི་གནད་དོན་ཞིག་རེད་ལ་ཁོང་ཁྲོ་ལངས་དགོས་པ་ཞིག་ཀྱང་རེད།
    སྔར་ལོ་བོད་དུ་ཞི་བའི་སྒེར་ལངས་སྐབས་སུ་བཟུང་བའི་བོད་མི་བཙོན་པ་རྣམས་ཀྱིས་ཆེད་དུ་པེ་ཅིན་ནས་རྒྱ་མི་རིགས་ཀྱི་ཁྲིམས་དཔོན་མང་པོ་དང་བླངས་ཐོན་ནས་བོད་པའི་བཙོན་པ་ཚོའི་ཁྲིམས་རྩོད་རིན་མེད་བྱས་པ་བྱུང་སོང་། དེའི་ནང་དུ་བོད་པའི་ཁྲིམས་རྩོད་པ་གཅིག་ཀྱང་དང་བླངས་ཐོན་མ་སོང་།
    སྡུག་པོ་མྱོང་མཁན་ནི་ས་གང་ན་འགྲོ་ནའང་སྤྱི་ཚོགས་ནང་གི་ཉམ་ཐག་ཁ་ཐབས་སྐྱོ་བོ་ཚོ་ཀྱང་རེད།

    Reply
  2. འགྲན་ཟླ་བྲལ་བའི་རི་བོ་ཧི་མ་ལ་ཡའི་ says:
    ལོ་ 16 སྔོན།

    བལ་ཡུལ་ནས་རླངས་འཁོར་གྱིས་མི་བསད་ན་ཉིན་གསུམ་ལ་ཁྲོམ་ར་སྒོ་རྒྱག་དགོས་པ་དང་།
    སྒེར་དོན་གྱི་གནད་དོན་གཞུང་དོན་ལ་རྩིས་ནས་བལ་ཡུལ་དམར་ཤོག་ཚོགས་པས་གནད་དོན་འཛིན་ས་མེད་ལ་སྡད་ཡོད་པ་དང་། སྤྱིར་ང་རང་ལ་ཚོན་ན་རྒྱ་ནག་ཞེས་པའི་མིང་ཚིག་དེ་མཐོས་ན་ཁོང་ཁྲོ་ཧ་ཅང་ཡོད་ན་ཡང་། འདི་འདྲའི་རིགས་ཀྱིས་མི་རིགས་ཀྱི་ཤ་ཁོན་རྩོད་པའི་ལག་ཆ་བྱས་ན་ཧ་ཅང་ནོར་འཁྲུལ་ཆེན་པོ་གཅིག་མཐོང་གི་འདུག་ལགས།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    མགྲོན་ཁང་ཐེབ་ཆག་ནང་གི་ནད་པ་ཟུངས་ཟད་དེ་རྭ་ལོ་ཡི་མི་ཚད་ལ་རྒྱ་མེད་པའི་མི་རྣ་ལོ་ཞིག་རེད། བོད་པ་ཅིང་ཧང་མི་སངས་བའི་རྣ་ལོ་ཟུངས་ཟད་གཤང་ཁང་།།
    རིགས་མཐུན་རྣམས་ནི་ཁྱུ་དང་ཁྱུ།།

    Reply
  4. རྭ་ལོ། says:
    ལོ་ 16 སྔོན།

    རྒྱ་མིས་བོད་པ་བསད་པ་ལ་ཧང་སངས་ཡ་ག་རེ་འདུག ད་བར་དུ་བསད་པ་རེད། ད་རུང་གསོད་གི་རེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃ། ཡིག་དྲུག་ཚར་གཅིག་གི་ཤི་བོའི་དེས་རྣམ་ཤེས་ལ་བསྐྱེལ་མ་དང་། ཤུལ་དུ་ལུས་པའི་སློབ་ཕྲུག་དེ་གཉིས་ཀྱི་ཚེ་སྲོག་ལ་ཐར་བ་ཡོད་པར་སྨོན། ཆེ་བས་ཆུང་བ། ཐུབ་ཚོད་འདིས་མཇུག་རྫོགས་པ་ལ་ཆུང་བ་དག་གིས་རང་རང་གི་ནུས་པ་འདི་འཚེ་མེད་ཞི་བའི་ཐབས་ཤེས་ཁོ་ན་ལ་བརྟེན་ནས་སེལ་ཐབས་བྱེད་དགོས་པ་ལས། གཞན་པའི་ཐབས་ལམ་ཡོད་སྲིད་ཀྱང་ཁེ་ཕན་ཞིག་གཏན་ནས་མེད་པ་ཡིན།

    Reply
  6. ཁྱུང་ཚང་། says:
    ལོ་ 16 སྔོན།

    སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧཱུྃ།
    རྗེས་ཀྱི་གནས་ཚུལ་གསལ་བོ་རེ་རེག་བྱུང་ན་དྲ་ཐོག་ཏུ་འགོད་རོགས།

    Reply
  7. ནད་པ says:
    ལོ་ 16 སྔོན།

    མི་བྱེད་དགུ་བྱེད་བོད་པས་ནང་ཁུལ་བྱེད།།
    མི་ཡོང་དགུ་ཡོང་བོད་པར་ཆག་སྒོ་བྱུང་།།
    མི་ཤར་དགུ་ཤར་ལྔ་བཅུ་ལྔ་དགུ་ཤར།།
    ངན་པ་དགུ་འཛོམས་བོད་འདིར་ཅིའི་ཕྱིར་འཛོམས།།

    མི་ཤོར་དགུ་ཤོར་རང་གི་ལུང་པ་ཤོར།།
    མི་བསད་དགུ་བསད་རྒྱ་མིས་བོད་པ་བསད།།
    མི་མྱོང་དགུ་མྱོང་བོད་རིགས་ཚང་མས་མྱོང་།།
    ངན་པ་པ་དགུ་འཛོམས་བོད་འདིར་ཅིའི་ཕྱིར་འཛོམས།།

    རྣ་བ་བློགས་ན་མི་ངན་གཏམ་དགུ་ཐོས།།
    མིག་ཟུང་གདང་ན་མི་མཐོང་ལྟས་དགུ་མཐོང་།།
    སེམས་པས་བསམས་ན་མི་བསམ་དགུ་བསམ་བསམས།།
    ངན་པ་དགུ་འཛོམ་བོད་འདིར་ཅིའི་ཕྱིར་འཛོམས

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    ཁྲིམས་གཏུགས་ཀྱི་ལམ་ཁ་གདམ་གྱི་ཡིན་ནམ། སྐད་འབོད་ཀྱི་ལམ་ཁ་གདམ་གྱི་ཡིན། གསར་ལམ་ཁག་གིས་གཞོགས་འདེགས་ག་ཚད་ཐུབ་ཀྱི་ཡོད། དེ་ནས་རིམ་པས་ལྟ་ཡ་ཞིག་ལས་གསོད་ནི་རེད་ཅེས་འཁུམ་ཡ་ཡོག་མ་རེད། དེ་ལྟར་བྱས་ཚེ་དངོས་གནས་བསད་ཚར་ཉེན་ཡོད།

    Reply
  9. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཨོ་ད་ཡིན་ན བུ་དེའི་ཨ་མའི་དམྱལ་་བ་ངོ་མ་མཐོང་ཤག་ ངོ་མ་བཤད་ན་རྒྱ་མི་རིགས་ཀྱིས་རྣམ་རྒྱུན་ངེད་ཚོ་བོད་མི་གསད་ཀི་ཡོད་རེད ཧང་སེང་དགོས་པ་ཞིག་ཡེ་ནས་མ་རེད། ཡིན་ནའང་ཨ་མ་རྒས་ཁོག་མོ་སྙིང་རྗེ་རེད། འུ་ཚོ་བོད་པ་ཚང་ལ་འགོ་འགྱོགས་ཀ་ཟིག་མི་འཇུག་ཀ སྙིང་རེ་རྗེ། ན་ནིང་ད་ལོ་ ད་དུང་སང་ལོ་ཡང་ཡོད་རེད

    Reply
  10. རྭ་ལོ། says:
    ལོ་ 16 སྔོན།

    མི་རིགས་ཆེན་པོས་མི་རིགས་ཆུང་བ་ཚོ་གསོད་གི་རེད། དེ་རིང་གི་འདི་གྲིས་བརྒྱབས་ནས་གསོད་སྟངས་རེད། གྲིས་མ་བརྒྱབས་ཀྱང་མ་གཞི་ནས་བོད་རིགས་ཚོ་གསོད་གི་རེད། རྣམ་པ་སྣ་ཚོགས་སྤྱད་ནས་གསོད་གི་རེད། སྐད་རྒྱག་ཡ་ག་རེ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese